དཔལ་འབྱོར་རིག་པ། (ECONOMICS)

དཔལ་འབྱོར་རིག་པ་ནི་སྐྱེ་བོ་ཡོངས་ལ་ཤུགས་རྐྱེན་ཆེན་པོ་ཡོད་པའི་སྤྱི་ཚོགས་ཚན་རིག་གི་སློབ་ཚན་ཞིག་ཡིན། དཔལ་འབྱོར་གྱི་གནས་བབ་དང། དཔལ་འབྱོར་རིག་པའི་ཁྱབ་ཁོངས་ལ་འགྱུར་ལྡོག་ཟམ་མི་ཆད་པར་འབྱུང་བཞིན་པར་བརྟེན། དཔལ་འབྱོར་རིག་པར་སློབ་སྦྱོང་བྱེད་པར་སློབ་མ་རང་ཉིད་ཀྱི་ཉིན་རེའི་འཚོ་བའི་ཉམས་མྱོང་གཞི་ལ་བཞག་རྒྱུ་ནི་གལ་འགངས་ཧ་ཅང་ཆེ། དེར་བརྟེན་དཔལ་འབྱོར་གྱི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཐུབ་པར་དཔྱད་ཞིབ་ཀྱི་ནུས་རྩལ་བསྐྱེད་སྲིང་བྱེད་པའི་གོ་སྐབས་བསྐྲུན་དགོས། གཞི་རིམ་གོང་མའི་གནས་སྐབས་སུ་སློབ་མ་རྣམས་ལེགས་ཉེས་རྣམ་འབྱེད་དང་གནད་དོན་ཐག་གཅོད་བྱེད་པའི་བསམ་བློ་སྐྱེས་ཚར་བྱུང་བཞིན་ཡོད་སྟབས། དཔལ་འབྱོར་རིག་པའི་བསླབ་གཞིའི་ནང་དོན་རྣམས་འཆར་གཞི་དང་གོ་རིམ་ལྡན་པའི་ངང་བཀོད་སྒྲིག་བྱ་དགོས།
དཔལ་འབྱོར་རིག་པའི་བསླབ་གཞིའི་ནང་དོན་བཀོད་སྒྲིག་བྱེད་སྐབས་ཐོག་མར་ད་ལྟའི་དཔལ་འབྱོར་དངོས་ཡོད་གནས་སྟངས་སྐོར་ལ་ངོ་སྤྲོད་དང། དེ་ནས་རིམ་བཞིན་དཔལ་འབྱོར་རིག་པ་ནི་རྒྱུ་མཚན་རྩད་འཚོལ་གྱི་རྣམ་བཞག་ཅིག་ཡིན་པ་གསལ་སྟོན་བྱ་དགོས།
དཔལ་འབྱོར་རིག་པའི་བསླབ་གཞིའི་ནང་ལས་འཆར་དང་བྱེད་སྒོ་སྣ་ཚོགས་འཇུག་དགོས་ཤིང། དེ་ལྟར་བྱུང་ན་ཉིན་རེའི་འཚོ་བ་དང་འབྲེལ་བའི་དཔལ་འབྱོར་གྱི་གནད་དོན་ཁག་ལ་རྒྱུས་མངའ་བྱུང་ཐུབ་པ་མ་ཟད། ང་ཚོས་མཐོང་མི་ཐུབ་པའི་ཕྱི་ནང་གི་རྒྱུ་རྐྱེན་གཞན་དག་སྐོར་ལའང་ཤེས་རྟོགས་ཐུབ།
དམིགས་ཚད།

  • དཔལ་འབྱོར་རིག་པའི་གཞི་རིམ་གོ་དོན་ཁག་ཤེས་པར་བྱས་ནས། རང་ཉིད་ཆབ་འབངས་ཤིག་དང། ལས་མི་ཞིག འཛད་སྤྱོད་པ་ཞིག་ཡིན་པའི་ཆ་ནས་ཉིན་རེའི་འཚོ་བའི་ནང་དཔལ་འབྱོར་དང་འབྲེལ་བའི་གནད་དོན་ཁག་ལ་སྤྱོད་མཁོ་ཡོད་པ་ཞིག་བྱ་དགོས།
  • རྒྱལ་ཁབ་ཀྱི་དཔལ་འབྱོར་དང་དཀའ་ངལ་ཁག་ཤེས་རྟོགས་དང། རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་རང་ཉིད་ཀྱི་ནུས་པ་གང་ཡོད་འདོན་ཐབས།
  • དཔལ་འབྱོར་དང་འབྲེལ་བའི་གནད་དོན་ཤེས་རྟོགས་ཆེད་དཔལ་འབྱོར་རིག་པ་དང་རྣམ་གྲངས་རིག་པའི་གཞི་རིམ་ལག་རྩལ་ཁག་ཁོང་དུ་ཆུད་པ་བྱ་དགོས།
  • དཔལ་འབྱོར་གྱི་གནད་དོན་ཐམས་ཅད་ལ་ལྟ་ཚུལ་མི་འདྲ་བ་གཅིག་ལས་མང་བ་ཡོད་པས།་རྒྱུ་མཚན་འགྲེལ་བརྗོད་བྱེད་པར་དགོས་ངེས་ཀྱི་ནུས་རྩལ་འཕེལ་རྒྱས་གཏོང་དགོས།
Menu