ཟློས་གར་ནི། གླུ་གཞས་དང༌། བྲོ་གར། རོལ་དབྱངས་སོགས་འཁྲབ་སྟོན་སྒྱུ་རྩལ་སྤྱི་ལ་གོ་ཞིང༌། གཞི་རིམ་གོང་མའི་སྐབས་སུ། རྣམ་ཐར་དང་། གཏམ་བརྗོད། གནའ་དེང་གི་འཁྲབ་གཞས་སོགས་སློབ་མའི་དྲན་ཤེས་དང་མོས་ཁམས་སོགས་ཡར་རྒྱས་གཏོང་ཐབས་སུ་དམིགས་ཏེ་ནང་དོན་བཀོད་སྒྲིག་བྱ་དགོས་པ་མ་ཟད། སློབ་ཕྲུག་བྱེ་བྲག་པའི་བག་ལ་ཉལ་བའི་ནུས་པ་ལའང་དམིགས་བསལ་བསམ་གཞིགས་ཀྱིས་སློབ་སྟོན་བྱ་དགོས། རོལ་དབྱངས་དང༌། བྲོ་གར་སོགས་གདམ་གསེས་བྱ་སྐབས་སློབ་ཕྲུག་གིས་བོད་མིའི་རིག་གཞུང་དང་འདུ་ཤེས་འཛིན་སྟངས་ལས་མ་འགལ་བ་བྱ་རྒྱུར་གཙོ་འདོན་བྱ་དགོས། ཟློས་དགེ་རྣམ་པས་ཟློས་གར་ཁྲིད་སྟོན་དང་འབྲེལ་རང་ཉིད་ཀྱི་ཆེད་ལས་ཐོག་ཉམས་ཞིབ་དང། གླུ་གཞས་དང་རོལ་མོ། ཟློས་གར་སོགས་གསར་གཏོད་བྱས་ཏེ་དམངས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང། འབྲེལ་ཡོད་འཛིན་སྐྱོང་ནས་དེར་མཐུན་རྐྱེན་གང་ཐུབ་སྦྱོར་རྒྱུ།
ཟློས་གར་དང་རོལ་དབྱངས་བསླབ་གཞི།

ཟློས་གར་ནི་གླུ་གཞས་དང། བྲོ་གར། རོལ་དབྱངས་སོགས་འཁྲབ་སྟོན་སྒྱུ་རྩལ་ཞིག་ཡིན་པས་འཁྲབ་སྟོན་བྱས་པ་བརྒྱུད་རིག་གཞུང་གི་འདུ་ཤེས་དང། ལོ་རྒྱུས་ཀྱི་འདུ་ཤེས། མི་རིགས་ཀྱི་འདུ་ཤེས། རོལ་རྩེད་ཀྱི་འདུ་ཤེས་བཅས་མིའི་ཤེས་རྒྱུད་དུ་བག་ཆགས་ངེས་ཅན་ཞིག་ཐེབས་འཇུག་གི་ཡོད་ལ། ཟློས་གར་དེ་ཉིད་སྔོན་བྱུང་གཏམ་རྒྱུད་དང་། ལོ་རྒྱུས། ལྷ་སྒྲུང་སོགས་ལད་ཟློས་ཀྱི་གར་བྱེད་པ་ཙམ་མ་ཡིན་པར་སྔོན་སྲོལ་རྒྱུན་འཛིན་དང་དུས་ནས་དུས་སུ་གསར་གཏོད་བྱས་ཏེ་དམངས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། རྒྱུན་འཛིན་དང་གསར་གཏོད་གཉིས་ཀྱི་འབྲེལ་བའི་སྐོར་ལ་འགྲེལ་ཚུལ་མི་འདྲ་བ་ཡོད་ཀྱང་འདིར་རྒྱུན་འཛིན་ནི་འཁྲབ་ཆས་དང། རོལ་དབྱངས། འཁྲབ་ཚུལ། འཁྲབ་སྟངས་བཅས་སྔར་སྲོལ་ཇི་མ་ཇི་བཞིན་དུ་འཁྲབ་ཁྲིད་བྱེད་དགོས་ཤིང། གསར་གཏོད་ནི་དུས་རབས་ཀྱི་དགོས་མཁོ་དང་། སློབ་ཕྲུག་གི་མོས་འདུན། སྤྱི་ཚོགས་ཀྱི་རོལ་རྩེད་དགའ་ཞེན་ལ་ལྟོས་ནས་སྔར་མེད་གསར་གཏོད་བྱེད་པར་གོ་བ་ཡིན།

སྐབས་བབས་འདིའི་ཟློས་གར་བསླབ་གཞིའི་ནང་། བོད་ཀྱི་སྲོལ་རྒྱུན་ནང་མ་སྟོད་གཞས་དང། གླུ་གར། བྲོ་གར། གཏམ་རྒྱུད། རྣམ་ཐར། ལྷ་མོའི་འཁྲབ་གཞུང་བཅས་སྲོལ་རྒྱུན་གྱི་སྐོར་དང། བོད་ཕྱི་ནང་གི་སྤྱི་ཚོགས་དང། ཆབ་སྲིད། བོད་དོན་འཐབ་རྩོད། ཤེས་ཡོན་སོགས་ཀྱིས་མཚོན་པའི་དགོད་བྲོའི་གཏམ་གླེང། གཏམ་བརྗོད་འཁྲབ་སྟོན། དེང་དུས་ཀྱི་གླུ་གར། རོལ་རྩེད་འཁྲབ་སྟོན་གཞན་བཅས་གསར་གཏོད་ཀྱིས་འཁྲབ་ཁྲིད་བྱེད་དགོས།

ཟློས་གར་བསླབ་གཞི་འདི་དག་ཁྲིད་སྟོན་ཆེད་གཟའ་འཁོར་རེར་དངོས་གཞིའི་ཚོགས་ཐུན་གཉིས་ལས་མ་ཉུང་བ་དང། སྔ་དགོང་དང་དུས་ཆེན་སོགས་སུ་སྦྱོང་བརྡར་དང་འཁྲབ་སྟོན་གྱི་གོ་སྐབས་གང་མང་བསྐྲུན་དགོས།

ཟློས་གར་བསླབ་གཞིའི་དམིགས་ཚད་ནི།

  • བོད་ཀྱི་སྲོལ་རྒྱུན་གྱི་གཞས་སྣ་འཁྲབ་སྟོན་སོགས་ལ་རྒྱུས་མངའ་དང་གོ་རྟོགས་ཡོང་བར་བྱས་ཏེ་བོད་མིའི་རིག་གཞུང་ལ་དང་ཞེན་སླེབས་འཇུག་རྒྱུ།
  • བོད་མིའི་རོལ་ཆ་ཁག་བྱང་ཆ་ལྡན་པའི་ངང་དཀྲོལ་ཤེས་པ།
  • བོད་ཀྱི་ཐུན་མོང་མ་ཡིན་པའི་རོལ་རྩེད་ཀྱི་གླུ་གཞས་དང། གཏམ་གླེང་། གཏམ་བརྗོད་སོགས་ལ་དགའ་མོས་དང་། འཁྲབ་སྟོན་བྱེད་པར་སྤྲོ་བ་ལྡན་པར་བྱ༌དགོས།
  • བོད་ཆོལ་ཁ་གསུམ་དུ་དར་བའི་རོལ་ཆ་ཁག་དང་ཐུན་མོང་མ་ཡིན་པའི་བོད་མིའི་གླུ་གཞས་སོགས་ལ་རྒྱུས་མངའ་དང་དགའ་མོས་ཡོང་བར་བྱེད་རྒྱུ།
  • སྒྱུ་རྩལ་ཐད་ཀྱི་གསར་གཏོད་ཀྱི་གོ་རྟོགས་དང་ཐབས་རྩལ་གྱི་རྒྱུན་ཤེས་གོང་སྤེལ།
  • སྲོལ་རྒྱུན་དང་དེང་རབས་ཀྱི་འཁྲབ་སྟོན་སྒྱུ་རྩལ་གྱི་ནུས་པ་སྤེལ་ཏེ་རོལ་རྩེད་ཀྱི་འདུ་ཤེས་གོང་མཐོར་གཏོང་ཐབས་བྱ་དགོས།
  • སྒྱུ་རྩལ་ལ་དགའ་མོས་ཆེ་བའི་སློབ་ཕྲུག་ལ་དམིགས་བསལ་གྱིས་གསོ་སྐྱོང་གིས་སློབ་ཕྲུག་དེ་ཉིད་ཟློས་གར་རིགས་ལ་ཁྱད་ལས་ཅན་དུ་འགྲོ་བར་སྐུལ་འདེད་དང་ལྟ་རྟོགས་བྱེད་དགོས།
  • རྒྱུན་སྤྱོད་གཞས་སྣ་དང་འཁྲབ་སྟོན་སོགས་རང་ཉིད་ཀྱིས་འཁྲབ་ཁྲིད་དང་འཁྲབ་སྟོན་བྱེད་ཤེས་པ་བཅས་ཀྱི་དམིགས་ཚད་ལ་བསླེབ་པར་བྱ་དགོས།

འཛིན་རིམ་དགུ་པ་དང་བཅུ་པ།

ཟློས་གར་དང་རོལ་དབྱངས།

དང་པོ། རོལ་ཆ་དཀྲོལ་རྡུང་།

གླིང་བུ། སྒྲ་སྙན།
རྒྱུད་མངས། པི་ཝང་།
རྔ་ཆ་ཚང། མཛུབ་ཐེབས་རོལ་ཆ་ཁག
སྦུག་ཆལ། བོད་རྔ།

གཉིས་པ། གཞས་དང་ཞབས་བྲོ།
༡། ལྷ་མོའི་རྣམ་ཐར།

  • བཀྲ་ཤིས་མཆོད་མཚམས།
  • ཏ་ལའི་ལ་མོའི་རྣམ་ཐར།
  • འབྲོག་མོའི་རྣམ་ཐར།

༢། ནང་མ་སྟོད་གཞས།

  • འཛོམས་པ་རྣམ་གསུམ།
  • ཟླ་བའི་གཞོན་ནུ།

༣། རྒྱལ་རབས་འཁྲབ་གཞས།

  • མདོ་སྨད་གཞོན་ནུ་ཕོ་མོའི་དཔྱིད་ཀྱི་སྦྲང་ཆར།
  • མདོ་སྟོད་གཞོན་ནུ་ཕོ་མོའི་རྟེན་འབྲེལ་ཉི་ཟླ་སྐར་གསུམ།
  • དབུས་གཙང་གཞོན་ནུའི་ཕོ་མོའི་ཞབས་བྲོ་སྐལ་བཟང་དགའ་སྟོན།
  • བཟོ་ཞིང་འབྲོག་གསུམ་གྱི་གཞས་སྣ་གང་མང།

གསུམ་པ། དུས་དྲན་ཁག་གི་གཞས་སྣ་དང་སྒྲ་གདངས།

  • སྤུན་ཟླ་ཆིག་སྒྲིལ།
  • དྲུག་ཅུའི་དབྱངས་ལྡན།
  • བདེ་སྐྱིད་གསར་སྐྱོང་།
  • དགའ་བསུའི་གཞས།
  • ནོ་བེལ་བསྟོད་དབྱངས།
  • གསུམ་བཅུའི་དྲན་གླུ།
  • གཞོན་ནུའི་མཐུན་གཞས།
  • དམངས་གཙོ་གསར་བཞད།

བཞི་པ། ཁ་བཤད་དང་རྣམ་ཐར་འཁྲབ་ཚན།

ཡར་ཀླུང་བཀྲ་ཤིས་ཞོལ་པའི་ཁ་བཤད་དང་ཁྲབ་ཚུལ།

ལྔ་པ། དམངས་གླུ་དང་། རྩེད་རིགས། གཏམ་བརྗོད།

  • བོད་ཀྱི་སྲོལ་རྒྱུན་དམངས་གླུ།
  • གླུ་གཞས་དང་གཏམ་བརྗོད་གསར་གཏོད།

དྲུག་པ། སྒོར་གཞས།

བོད་ཀྱི་སྲོལ་རྒྱུན་སྒོར་གཞས་གང་མང།

འཛིན་རིམ་བཅུ་གཅིག་དང་བཅུ་གཉིས།

ཟློས་གར་དང་རོལ་དབྱངས།

བསླབ་གཞིའི་ནང་དོན་ཁག་ནི།
དང་པོ། རོལ་ཆ་དཀྲོལ་རྡུང་།

  • བོད་ཀྱི་སྲོལ་རྒྱུན་རོལ་ཆ་ཁག་ལ་བསྐྱར་སྦྱོང་བྱས་ཏེ། སློབ་ཕྲུག་ཚོས་ཉུང་མཐར་རོལ་ཆ་གཅིག་ལ་བྱང་ཆ་ལྡན་པ་བཟོ་ཐབས་གནང་རྒྱུ།
  • རོལ་མོོའི་བསྟན་བཅོས་ལས་རོལ་མོའི་ཆ་ལས་དྭང་བས་བསླབས་ཏེ་མཁས་པར་གྱུར་བའི་དགེ་མཚན་ངོ་སྤྲོད།

གཉིས་པ། ལྷ་མོའི་སྒྱུ་རྩལ་ངོ་སྤྲོད།
༡། རྔོན་པའི་འདོན།

  • རྒྱ་ལུའི་བྱིན་འབེབས།
  • ལྷ་མོའི་གླུ་གར།
  • བཀྲ་ཤིས་མཆོད་མཚམས།

༢། ལྷ་མོའི་ཁྲབ་གཞུང་སྐོར།
ཐང་སྟོང་རྒྱལ་པོའི་ལོ་རྒྱུས་སྙིང་བསྡུས།
བོད་ཀྱི་ཞོ་སྟོན་ངོ་སྤྲོད།
ལྷ་གཞུང་ཁག་ལས་དྲི་མེད་ཀུན་ལྡན་དང། གཅུང་དོན་ཡོད་དོན་གྲུབ། གཟུགས་ཀྱི་ཉི་མ། ཆོས་རྒྱལ་ནོར་བཟང་སོགས་ཀྱི་ངོ་སྤྲོད་སྙིང་བསྡུས།༣། ཆས་གོས་ངོ་སྤྲོོད།ཆོལ་ཁ་གསུམ་གྱི་ཆས་གོས་ངོ་སྤྲོད།
ཡུལ་གྲུ་ཁག་གི་གཞས་སྣའི་ཁྲབ་ཆས་ངོ་སྤྲོད།
ལྷ་མོའི་ཁྲབ་ཆས་ངོ་སྤྲོད།བཞི་པ། དམངས་གླུ་དང་། རྩེད་རིགས། གཏམ་བརྗོད།བོད་ཀྱི་སྲོལ་རྒྱུན་མཉམ་གཞས་གང་མང།
གླུ་གཞས་དང་གཏམ་བརྗོད་གསར་གཏོད།
དགོད་བྲོའི་གཏམ་གླེང།ལྔ་པ། སྒོར་གཞས།བོད་ཀྱི་སྲོལ་རྒྱུན་སྒོར་གཞས་གང་མང།

Menu