འཛིན་རིམ་བཅུ་གཅིག

དཔལ་འབྱོར་རིག་པ།

༡། ངོ་སྤྲོད།

  • དཔལ་འབྱོར་གྱི་གོ་དོན། བོད་མིས་གོ་དོན་འགྲེལ་ཚུལ། དཔལ་འབྱོར་རིག་པ་སྤྱིར་ངོ་སྤྲོད་བྱེད་པ་དང༌། དབྱེ་བ། ཁྱད་པར། བཟང་ངན་གྱི་གནད་དོན། (Limitations) དཔལ་འབྱོར་གྱི་དཀའ་ངལ་ལྟེ་བ་ཁག་ལ་ལྟ་ཞིབ་བྱེད་པ། (Central Problems of an Economy) དཔལ་འབྱོར་འདུ་འགོད་ཀྱི་སྒྲིག་འཛུགས་འགྲོ་ལུགས་ (Organization of economic activities) ཏེ། གཅིག་སྡུད་འཆར་འགོད་དཔལ་འབྱོར་རིག་པ་ (The Centrally Planned Economy) དང༌། ཚོང་རའི་དཔལ་འབྱོར་རིག་པ་ (The Market Economy) དང༌། མཉམ་བསྲེས་དཔལ་འབྱོར་རིག་པ་ (Mixed Economy)
  • བཙན་བྱོལ་བོད་མིའི་དཔལ་འབྱོར་ལམ་སྲོལ།
  • སྒྲུབ་ཕྱོགས་དཔལ་འབྱོར་རིག་པ་ (Positive economy) དང་རྒྱུན་ལྡན་དཔལ་འབྱོར་རིག་པ།
  • ཕྲ་དཔྱད་དཔལ་འབྱོར་རིག་པ་ (Microeconomics) དང་རགས་དཔྱད་དཔལ་འབྱོར་རིག་པ། (Macroeconomics)

 
༢། རྒྱ་གར་གྱི་དཔལ་འབྱོར་ཡར་རྒྱས།

༢་༡ འཛུགས་སྐྲུན་ཡར་རྒྱས་ཀྱི་སྲིད་བྱུས་དང་ཉམས་མྱོང༌། ༡༩༤༧ ནས་ ༡༩༩༠

རང་བཙན་ཐོབ་ལ་ཉེ་བའི་སྐབས་ཀྱི་རྒྱ་གར་གྱི་དཔལ་འབྱོར་གནས་སྟངས་དང༌། མི་སེར་སྤེལ་བའི་འོག་གི་དཔལ་འབྱོར། ཞིང་ལས་ཚན་པ་དང༌། བཟོ་ལས་ཚན་པ། ཕྱི་ཕྱོགས་ཚོང་དོན། མི་འབོར་གྱི་གནས་སྟངས། འཚོ་ཐབས། རྨང་གཞི་འཛུགས་སྐྲུན་ (Infrastructure) བཅས། གནད་བསྡུས།

༢་༢ ཕྱི་ལོ་༡༩༩༡ ཚུན་གྱི་དཔལ་འབྱོར་བཅོས་བསྒྱུར།

  • ལོ་ལྔ་ཚན་གྱི་འཆར་གཞིའི་བསྒྲུབ་བྱའི་དམིགས་འབེན་དང༌། འཕེལ་རྒྱས། དེང་དུས་ཅན། རང་སྟོབས་རང་སྤེལ། འདྲ་མཉམ་བཅས་ཀྱི་སྲིད་བྱུས་དང༌། ས་ཞིང་བཅོས་སྒྱུར་བྱས་པ་དང༌། ས་ཞིང་སྒེར་བདག་ཅན་དུ་བསྒྱུར་བ། ཐོན་འབབ་ཆེ་བའི་ས་བོན་སྣ་ཚོགས་འདོན་སྤེལ་བྱས་ཚུལ། ལྗང་པའི་གསར་བརྗེ་ (Green Revolution) དང་དེ་དག་ལ་དཀའ་ངལ་གང་དག་བྱུང་ཡོད་མེད། ཞིང་ལས་ཀྱི་སྲིད་བྱུས་དང༌། བཟོ་ལས། ཕྱི་ཕྱོགས་ཚོང་དོན་བཅས་ཀྱི་ཡར་རྒྱས་དང་དཀའ་ངལ་ཁག་ལའང་བགྲོ་གླེང་བྱེད་པ།
  • གུ་ཡངས་རིང་ལུགས་ (Liberalization) དང༌། གོ་ལ་གཅིག་འགྱུར། (Globalization) སྒེར་བདག་ཅན་ (Privatization) གྱི་སྲིད་བྱུས་དང༌། དེ་དག་གི་རྒྱབ་ལྗོངས་ཅི་ཡིན་དང༌། དཔལ་འབྱོར་སྲིད་བྱུས་ཇི་བཏིང་དང་འཕེལ་རྒྱས་ཇི་ལྟར་བྱུང་ཡོད་མེད་ཀྱི་དཔྱད་ཞིབ་བྱེད་པ།
  • བོད་མིའི་སྒྲིག་འཛུགས་ཀྱི་མ་རྩ་སྒེར་བདག་ཅན་དུ་བསྒྱུར་ཚུལ།

 
༣། རྒྱ་གར་གྱི་ད་ལྟའི་དཔའ་འབྱོར་འཕེལ་རྒྱས་ཀྱི་གདོང་ལེན།

  • དབུལ་ཕོངས། སུ་དབུལ་ཕོངས་ཡིན་མིན་དང༌། དབུལ་ཕོངས་ངོས་འཛིན་ཇི་ལྟར་བྱེད་པ། རྒྱ་གར་ནང་གི་དབུལ་པོའི་གྲངས་འབོར། དབུལ་ཕོངས་ཀྱི་རྒྱུ་རྐྱེན་ཅི་ཡིན། དབུལ་ཕོངས་ལས་ཐར་ཆེད་སྲིད་བྱུས་ཇི་བཏིང་དང་ལས་འཆར་ཇི་བརྩམས་སྐོར། དེ་དག་གི་རྗེས་སུ་ནུས་པ་ལྡན་པའི་དཔྱད་ཞིབ་ (Critical Assessment) ཅི་འདྲ་བྱས་ཡོད་མེད།
  • བོད་མིས་དབུལ་ཕོངས་ངོས་འཛིན་བྱེད་སྟངས་དང་། བོད་ཀྱི་དབུལ་ཕོངས་སྐོར།

༤། གྲོང་གསེབ་ཡར་རྒྱས།

གྲོང་གསེབ་ཡར་རྒྱས་ཀྱི་གོ་དོན་དང༌། གྲོང་གསེབ་ཁུལ་གྱི་མ་རྩ་གཡར་གཏོང་དང་ཚོང་ལས། ཞིང་ལས་ཐོན་སྐྱེད་ཚོང་རའི་འཁོར་རྒྱུགས། ཞིང་ལས་མཉམ་འབྲེལ་རྩ་འཛུགས་ཀྱི་བྱེད་ནུས། ཞིང་ལས་རིགས་གཞན་གྱི་གདམ་ག་ཅི་ཡོད་སྐོར། སྣ་འཛོམས་རང་བཞིན་ཅན་གྱི་ཞིང་ཕྱུགས་ཐོན་སྐྱེད་བྱེད་ཚུལ། རྒྱུན་སྲིང་ཡར་རྒྱས་དང་སྐྱེ་ལྡན་སོ་ནམས་ (Organic farming) སྐོར་བཅས། བཙན་བྱོལ་བོད་མིའི་མཉམ་འབྲེལ་དང་སྐྱེ་ལྡན་སོ་ནམ་ལས་གཞི་ངོ་སྤྲོད།

༥། ལས་ཞུགས་དང་འཕེལ་ཚུལ།

ལས་མི་ (Worker) དང་ལས་ཞུགས། (Employment) ལས་ཞུགས་ཁྲོད་དུ་མི་མང་གི་ཆ་ཤས་ཇི་འདྲ་ལེན་ཚུལ། རང་ཉིད་ལས་ཞུགས་བྱེད་པ་དང་ལས་མི་གླ་ཚུལ་སྐོར་དང༌། བཙན་བྱོལ་བོད་མིའི་སྐྱེད་མེད་བུན་གཏོང། ཚོང་ལས་ཁང་ (Firm) དང༌། བཟོ་གྲྭ། ལས་ཁུངས་བཅས་སུ་ལས་ཞུགས་བྱེད་ཚུལ། ལས་ཞུགས་འཕེལ་ཚུལ་དང་ལས་ཞུགས་ཀྱི་སྒྲོམ་གཞིར་འགྱུར་བ་ཐེབས་ཚུལ། ལམ་ལུགས་རང་བཞིན་ཅན་མ་ཡིན་པའི་རྒྱ་གར་གྱི་ལས་མིའི་ནུས་ཤུགས། (Correlation) ལས་མེད། རྒྱལ་ཁབ་གཞུང་གིས་ལས་ཞུགས་སྤེལ་བའི་སྐོར་བཅས་ལ་བགྲོ་གླེང་བྱེད་པ། (Eduction growth) དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་སློབ་གྲྭ་ཁག་གི་དཔལ་འབྱོར་འགྲོ་གྲོན་ངོ་སྤྲོད་དང། འཕེལ་རྒྱས། སློབ་དེབ། མ་འོངས་པའི་ཕུགས་རེ། ཕོ་མོ་འདྲ་མཉམ་དང་བུད་མེད་ནུས་སྟོབས་གོང་འཕེལ།

༦། ཁོར་ཡུག་དང་རྒྱུན་སྲིང་ཡར་རྒྱས།

ཁོར་ཡུག་གི་སྤྱི་བཤད་འགྲེལ་བརྗོད་བྱས་ཏེ་དེའི་བྱེད་ནུས་སྐོར་དང༌། ཁོར་ཡུག་དང་དཔལ་འབྱོར། རྒྱ་གར་གྱི་ཁོར་ཡུག། རྒྱུན་སྲིང་ཡར་རྒྱས་བྱུང་ཡོད་མེད་དང་རྒྱུན་སྲིང་ཡར་རྒྱས་ཡོང་དགོས་ན་ཐབས་བྱུས་ཇི་ལྟར་གཏོང་མིན། བོད་ཀྱི་ཁོར་ཡུག་དང་ཡུལ་སྐོར་སྤྲོ་འཆམ་བཅས།

༧། རྒྱ་གར་གྱི་ཡར་རྒྱས་ཀྱི་ཉམས་མྱོང་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་བསྡུར་ཞིབ

  • རྒྱ་གར་དང་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ལ་བསྡུར་ཞིབ་བྱེད་པ།
  • རྒྱ་གར་དང་པ་ཀི་སི་ཐན་གྱི་དཔལ་འབྱོར་ཡར་རྒྱས་ལ་བསྡུར་ཞིབ་བྱེད་པ།
  • བརྗོད་བྱའི་གནད་དོན་ལྟེ་བ་ནི། ཡར་རྒྱས་ཀྱི་ལམ་བུར་ཕྱིར་ལྟ་བྱས་ཏེ་བསྡུར་བ་དང༌། མི་འབོར་གྱི་ཚད་གཞི་ལ་བལྟས་ནས་བསྡུར་བ། དཔལ་འབྱོར་ཚན་པ་ (Sectorial Development) ཁག་དང་རྒྱལ་ནང་ཐོན་སྐྱེད་རྩ་འབོར་ (GDP) བསྡུར་བ། འགྲོ་བ་མིའི་ཡར་རྒྱས་ཀྱི་མཚོན་རྟགས་ (Developmental indicator) གཞན་དག་བརྗོད་གཞིར་ལེན་པ་དང༌། ཡར་རྒྱས་ཀྱི་ཐབས་བྱུས་ (Strategy) ཇི་བཏིང་སྐོར་དང་དེ་དག་ལ་དཔྱད་ཞིབ་བྱེད་པ་བཅས་ལ་བགྲོ་གླེང་བྱེད་པ་བཅས་སོ།
  • བཙན་བྱོལ་བོད་མའི་དཔལ་འབྱོར་ཡར་རྒྱས། དཔལ་འབྱོར་ལས་ཁུངས་དང་འཆར་འགོད་ཀྱི་གྲངས་ཐོ་ཁག་ལ་གཞི་འཛིན་རྒྱུ།

 
༨། འཛད་སྤྱོད་པའི་བྱ་སྤྱོད་དང་དགོས་མཁོ།

  • འཛད་སྤྱོད་པའི་དོ་མཉམ་ (Consumer’s equilibrium ) དང་འབྲེལ་བའི་བསླབ་གཞིའི་ནང་དོན་ཁག
  • འཛད་སྤྱོད་པའི་འགྲོ་གྲོན་སྔོན་རྩིས་ (The Consumer’s Budget) ཏེ། སྔོན་རྩིས་ཕྱོགས་སྡོམ་ (Budget set) དང་སྔོན་རྩིས་ཐིག (Budget Line) སྔོན་རྩིས་ཕྱོགས་སྡོམ་ནང་གི་འགྱུར་བ་ (Changes in the budget set) བཅས་དང༌།
  • འཛད་སྤྱོད་པའི་འདམ་ང་ (Preferences of the consumer) སྟེ། རིགས་གཅིག་འདམ་ང་ (Monotonic preferences) དང༌། དངོས་ཟོག་བརྗེ་ལེན། (Substitution between goods) བརྗེ་ལེན་གྱི་ཚད་འཕྲི་ཚུལ། (Diminishing rate of substitution) འགྱུར་མེད་སོར་གནས་གུག་ཆ། (Indifference curve) འགྱུར་མེད་སོར་གནས་གུག་ཆའི་དབྱིབས་བཀོད། (Shape of the indifference curve) འགྱུར་མེད་སོར་གནས་ས་ཁྲ་ (Indifference map) དང་བེད་སྤྱོད།
  • འཛད་སྤྱོད་པའི་རེ་འདོད་ལྟར་འདེམ་སྒྲུག་ལེགས་ཤོས་བྱེད་ཚུལ། (Optimal choice of the consumer)
  • དགོས་མཁོ་ (Demand) དང། དགོས་མཁོའི་གུག་ཆ། (Demand curve) དགོས་མཁོའི་ཁྲིམས།  (The law of demand) སྤུས་ཚད་རྒྱུན་ལྡན་གྱི་དངོས་ཟོག་  (Normal goods)  དང་སྤུས་ཚད་ཞན་པའི་དངོས་ཟོག  (Inferior goods) བརྗེ་ལེན་རུང་བའི་དངོས་ཟོག་ (Substitutes) དང་ལྟོས་གྲུབ་དངོས་ཟོག་ (Complementary) སྐོར། དགོས་མཁོའི་གུག་ཆའི་གནས་སྤོ། (Shifts in the demand curve) དགོས་མཁོའི་གུག་ཆ་མདུན་སར་འགུལ་སྐྱོད་ (Movements along the demand curve ) དང་དགོས་མཁོའི་གུག་ཆའི་ནང་གི་གནས་སྤོ་ (Shifts in the demand curve) བཅས་ལ་བགྲོ་གླེང་བྱེད་པ།
  • ཚོང་རའི་དགོས་མཁོའི་ (Market demand) སྐོར་ལ་བགྲོ་གླེང་བྱེད་པ།
  • དགོས་མཁོའི་ལྟོས་འབྲེལ་འགྱུར་ཚུལ་ (Elasticity of demand) དང༌། དྲང་ཐིག་དགོས་མཁོའི་གུག་ཆ་མདུན་དུ་ལྟོས་འབྲེལ་འགྱུར་ཚུལ་ (Movement along the demand curve) དང༌། དངོས་ཟོག་ཞིག་གི་དགོས་མཁོའི་ལྟོས་འབྲེལ་འགྱུར་ཚུལ་གྱི་གོང་ཚད་གཏན་འབེབས་ བྱེད་པའི་རྒྱུ་རྐྱེན། (Factors determining price elasticity of demand of a good) ལྟོས་འབྲེལ་འགྱུར་ཚུལ་དང་འགྲོ་སོང་ (Expenditure) བཅས།
  • ཐབས་ལམ་གསུམ། 3 Methods

༩། ཐོན་སྐྱེད་པའི་བྱ་སྤྱོད་དང་མཁོ་སྤྲོད།

  • ཐོན་སྐྱེད་བྱེད་སྒོ། (Production function)
  • དུས་ཐུང་དང་དུས་རིང་གི་ཐོན་སྐྱེད། (The short run and the long run)
  • ཐོན་ཟོག་བསྡོམས་འབོར་ (Total product) དང༌། ཆ་སྙོམས་ཐོན་ཟོག (Average product) མར་ཟགས་པའི་ཐོན་ཟོག་ (Marginal product) སྐོར་དང༌། མར་ཟགས་པའི་ཐོན་ཟོག་བྲི་བའི་ཁྲིམས་དང་བསྡུར་ཚད་སྣ་ཚོགས་ཀྱི་ཁྲིམས། (The law of variable proportion; returns to a factor and the law of diminishing marginal product) ཁྱོན་བསྡོམས་ཐོན་ཟོག་དང༌། མར་ཟགས་པའི་ཐོན་ཟོག ཆ་སྙོམས་ཐོན་ཟོག་བཅས་ཀྱི་གུག་ཆའི་དབྱིབས་བཀོད། (Shapes of total product, marginal product and average product curves)
  • ཐོན་སྐྱེད་ (Production) དང་འགྲོ་གྲོན། (Costs)
  • འགྲོ་གྲོན། དུས་ཐུང་ཐོན་སྐྱེད་འགྲོ་གྲོན་དང་དུས་རིང་ཐོན་སྐྱེད་འགྲོ་གྲོན།

 

དེབ་གཉིས་པ། རྣམ་གྲངས་རྩིས་རིག་སྤྱོད་ཚུལ།

༡། རྣམ་གྲངས་རྩིས་རིག་ངོ་སྤྲོད།

རྣམ་གྲངས་རྩིས་རིག་གི་ (Statistics) གོ་དོན་དང༌། ཁྱབ་རྒྱ། Economic Analysis) དཔལ་འབྱོར་དཔྱད་ཞིབ་ལ་རྣམ་གྲངས་རྩིས་རིག་སྤྱོད་ཚུལ་དང༌། རྣམ་གྲངས་རྩིས་རིག་གི་གལ་ཆེའི་རང་བཞིན་སྐོར་ལ་བགྲོ་གླེང་བྱེད་པ།

༢། གྲངས་ཐོ་སྡུད་ལེན་དང་གོ་རིམ་སྒྲིག་ཚུལ།

  • གྲངས་ཐོ་སྡུད་སྒྲིག་བྱེད་ཚུལ་སྟེ། གྲངས་ཐོའི་འབྱུང་ཁུངས་ཀྱི་གོ་དོན་དང༌། དངོས་དང་བརྒྱུད་པའི་གཞི་འཛིན་གྲངས་ཐོའི་སྐོར་དང༌། གྲངས་ཐོ་ཇི་ལྟར་ལེན་སྟངས་དང་ཐབས་ལམ། གྲངས་ཐོའི་གོ་རིམ་སྒྲིག་ཚུལ་དང༌། གྲངས་ཐོའི་རིགས་མི་འདྲ་བ་ཁག འགྲེམས་ཚད་ཀྱི་ཟློས་ཕྱོད། (Frequency distribution) གྲངས་བཤེར་འགྲོ་ལུགས་ (Census) དང་དཔེ་གཞི་ལེན་ཚུལ། (Sampling Methods)
  • གྲངས་ཐོ་མཚོན་ཚུལ་ཏེ། རེའུ་མིག་ཅན་གྱི་གྲངས་ཐོ་མཚོན་ཚུལ་ (Tabular Presentation of data) དང་དཔེ་རིས་ཀྱིས་གྲངས་ཐོ་མཚོན་ཚུལ་ (Diagrammatic Presentation of data) ཏེེ། ༡ ཐིག་རྩིས་རིག་པའི་བཀོད་རིས་ (Geometric Forms) དཔེར་ན། དྲྭ་མིག་བཀོད་རིས་ (Bar Diagram) དང་སྒོར་དབྱིབས་བཀོད་རིས་ (Pie Diagram) ལྟ་བུ་དང༌། ༢ ཟློས་དཔྱོད་དཔེ་རིས་ (Frequency Diagram) དཔེར་ན། བསླངས་གཟུགས་བཀོད་རིས་ (Histogram) དང༌། ཟུར་མང་དྲང་ཐིག་བཀོད་རིས། (Polygon) འདུ་གསོག་ཟློས་ཕྱོད་ཐིག་རིས་ (Ogive) བཅས་དང༌།
  • ཨང་རྩིས་ཀྱི་ཐིག་གི་བཀོད་རིས་ (Arithmetic Line-graphs) དཔེར་ན། དུས་ཚོད་རིམ་ཅན་གྱི་ཐིག་རིས་ (Time Series graph) ལྟ་བུའོ། རྒྱ་གར་མི་འབོར་ལས་ཁང་དང་རྒྱལ་ཡོངས་དཔེ་གཞི་དཔྱད་ཞིབ་སྒྲིག་འཛུགས་བཅས་ཀྱི་སྒྲིག་འཛུགས་འགའ་ངོ་སྤྲོད་བྱེད་པ།

 
༣། རྣམ་གྲངས་རྩིས་ཚུལ་དང་འགྲེལ་བཤད།

  • དབུས་སྙོམས་འཇལ་ཚུལ་ (Central tendency) ལས། ཆ་སྙོམས་གྲངས་ (Mean) རྩི་ཚུལ་དང༌། དཀྱིལ་གནས་གྲངས་ (Median) རྩི་ཚུལ། དཔེ་གཞི་མང་གྲངས་ (Mode) རྩི་ཚུལ་བཅས་ཀྱི་འཇལ་ཚུལ་ངོ་སྤྲོད།
  • ཐོར་འགྲེམས་བར་ཁྱད་ (Dispersion) འཇལ་ཚུལ་ལས། ལྟོས་མེད་ཐོར་འགྲེམས་བར་ཁྱད་ (Absolute Dispersion) རྩི་ཚུལ་སྟེ། རྒྱང་ཁྱད་ (Range) རྩི་ཚུལ་དང༌། བཞི་ཚན་བགོ་འགྲེམས་སྙོམས་ཁྱད་ (Quartile Deviation) རྩི་ཚུལ། ཆ་སྙོམས་གྲངས་སྙོམས་ཁྱད་ (Mean Deviation) རྩི་ཚུལ། ཚད་ལྡན་སྙོམས་ཁྱད་ (Standard Deviation) རྩི་ཚུལ་བཅས་དང༌། ལྟོས་འབྲེལ་ཐོར་འགྲེམས་བར་ཁྱད་ (relative despersion) རྩིས་ཚུལ་སྟེ། བྱེད་རྐྱེན་ཐུན་མོང་བའི་བཞི་ཚན་བགོའགྲེམས་ (Coefficient of quartile deviation) རྩི་ཚུལ། བྱེད་རྐྱེན་ཐུན་མོང་བའི་ཆ་སྙོམས་གྲངས་སྙོམས་ཁྱད་ (Coefficient of Mean Deviation) རྩི་ཚུལ། བྱེད་རྐྱེན་ཐུན་མོང་བའི་ཁྱད་པར་འགྱུར་ཚུལ་ (Coefficient Mean variation) བཅས་དང༌། ལོ་རན་ཛིའི་གུག་ཆའི་ (Lorenz Curve) གོ་དོན་དང་དེའི་བེད་སྤྱོད་སྐོར་བཅས་ངོ་སྤྲོད་བྱེད་པ།
  • འགྱུར་ཅན་འབྲེལ་བའི་རྩིས་རིག (Correlation) གོ་དོན་དང༌། གྲམ་པའི་དཔེ་རིས། (Scatter Diagram) འགྱུར་ཅན་རྩིས་རིག་འཇལ་ཚུལ། ཁེར། ཕིར་སཎ་ (Karl pearson’s method) གྱི་ཐབས་ལམ་དང་སི་ཕིར་མཎ་གྱི་འགྱུར་ཅན་འབྲེལ་བའི་རྩིས་རིག་གི་རྒྱང་ཁྱད་ (Spearman’s rank correlation) སྐོར་ངོ་སྤྲོད་བྱེད་པ།
  • ཐོ་གཞུང་རེའུ་མིག་གི་གྲངས་ཀ་ (Index Number) ངོ་སྤྲོད། གོ་དོན། རིགས། (Wholesale Price Index) དང༌། འཛད་སྤྱོད་ཀྱི་རིན་གོང་གི་ཐོ་གཞུང་རེའུ་མིག་ (Consumer Price Index) བཟོ་ལས་ལས་རིགས་ཀྱི་ཐོན་སྐྱེད་ཐོ་གཞུང་རེའུ་མིག (Index of industrial production) ཐོ་གཞུང་རེའུ་མིག་གི་གྲངས་ཀའི་བེད་སྤྱོད། (Uses of index numbers) ཡུལ་ཐང་འཕར་ཆ་ (Inflation) དང་ཐོ་གཞུང་རེའུ་མིག་བཅས་ངོ་སྤྲོད་བྱེད་པ།

 
༤། དཔལ་འབྱོར་རིག་པའི་ལས་འཆར།

  • སློབ་ཕྲུག་ཚོས་དངོས་མའི་གཞི་འཛིན་གྲངས་ཐོ་དང༌། བརྒྱུད་པའི་གཞི་འཛིན་གྲངས་ཐོ། དེ་གཉིས་མཉམ་དུ་བླངས་ཏེ་ལས་འཆར་བཟོས་ཆོག་པ་མ་ཟད། ཆེད་དུ་སྒྲིག་འཛུགས་འགའ་ཤས་བརྟག་དཔྱད་དུ་བླངས་ཏེ་ཞིབ་འཇུག་བྱས་ཆོག་ལ། དེ་དག་ལས་དཔེ་མཚོན་འགའ་གཤམ་དུ་འགོད་རྒྱུ་ཡིན།

༡། རང་ཉིད་ཉེ་འཁོར་གྱི་སྐྱེ་འཆི་སྐོར་ལ་སྙན་ཐོ་ཞིག་འདོན་པ། བཙན་བྱོལ་བོད་གཞུང་ནས་ཕྱི་ལོ་༢༠༡༠ ལོར་བཟོ་འགོད་བྱས་པའི་མི་འབོར་གྲངས་ཐོའི་སྐོར།
༢། ཁྱིམ་གྱི་འཛད་སྤྱོད་སྐོར་གོ་རྟོགས་སྤེལ་བ།
༣། ཉེ་འཁོར་གྱི་ཚོང་རའི་སྔོ་ཚལ་གྱི་རིན་གོང་འཕར་ཆག་ལ་ལྟ་བ།
༤། མཉམ་འབྲེལ་ཅན་གྱི་སྒྲིག་འཛུགས་ (Cooperatives) ཏེ། བཙན་བྱོལ་བོད་མིའི་མཉམ་འབྲེལ་སྒྲིག་འཛུགས་ཀྱི་སྐོར་ལ་བརྟག་དཔྱད་བྱེད་པ་བཅས་སོ། །

འཛིན་རིམ་བཅུ་གཉིས་པ།

དཔལ་འབྱོར་རིག་པ།

༡། ངོ་སྤྲོད།

ཕྲ་དཔྱད་དཔལ་འབྱོར་རིག་པ་ (Microeconomics) དང་རགས་དཔྱད་དཔལ་འབྱོར་རིག་པ། (Macroeconomics) རགས་དཔྱད་དཔལ་འབྱོར་རིག་པ་དར་རྒྱས་བྱུང་ཚུལ་དང༌། དེང་དུས་དང་བསྟུན་པའི་རགས་དཔྱད་དཔལ་འབྱོར་རིག་པའི་དཔེ་དེབ་ངོ་སྤྲོད།

༢། དངུལ་དང་དངུལ་ཁང་ཁེ་ལས་སྐོར། (Money and banking)

༢་༡ དངུལ་། Money

དངུལ་གྱི་གོ་དོན་ (དངུལ་གྱི་སྒྲ་ཡངས་འཇུག་དང་དོག་འཇུག་གི་ཁྲིམས་མཐུན་གོ་དོན། (Legal definition: narrow and broad money) དང་འཕེལ་རིམ། བོད་དངུལ་ངོ་སྤྲོད། བྱེད་ནུས། (Functions of money) དངུལ་ལ་དགོས་མཁོ་ཡོང་སྟངས་ཇི་ལྟར་ཡིན་མིན་ (Demand for money) དང༌། བརྗེ་བསྒྱུར་གྱི་ཀུན་སློང་ (The transaction motive) དང་ཉེན་མཆོང་ཁེ་ཐོབ་ཀྱི་ཀུན་སློང་ (The speculative motive) (Precautionary Motive ) སྔོན་འགོགས་ཀྱི་ཀུན་སློང་བཅས་ལ་བརྟེན་ནས་དངུལ་གྱི་དགོས་མཁོ་ཡོང་ཚུལ་ངོ་སྤྲོད།
དངུལ་གྱི་མཁོ་སྤྲོད། (The supply of money)

༢་༢ དངུལ་ཁང་། Banking

  • དངུལ་ཁང་དང་དཔལ་འབྱོར་དང་འབྲེལ་བའི་ཚོགས་སྡེའི་གོ་དོན་དང་ཁྱད་པར། (Bank and Financial Institution)
  • དངུལ་ཁང་གི་དབྱེ་བ། ཚོང་ལས་དངུལ་ཁང་དང་དབུས་གཞུང་གི་དངུལ་ཁང། (The Reserve Bank of India) དང་དངུལ་ཁང་གི་བྱེད་ནུས།
  • དངུལ་ཁང་ཁེ་ལས་འགྲོ་ལུགས་ཀྱིས་དངུལ་བཟོ་ཚུལ། (Money creation by the banking system)
  • དངུལ་རྩའི་སྲིད་བྱུས་ཀྱི་བྱེད་ཐབས་ (Instruments of monetary policy) ཐབས་བྱུས་གཉིས། Quantitative (Bank Rate or Repo Rate, CRR, OMO, SLR,) and Qualitative techniques, Margin Requirement, Credit Quota, Moral Suasion, Direct Action

༣། ཁྲོམ་རའི་རྣམ་པ་དང་རིན་གོང་གི་ཁྱད་པར། (Forms of Market and Price Determination)

༣་༡ ཁྲོམ་རའི་གོ་དོན། དབྱེ་བ། ཁྱད་ཆོས།

  • ཁྲོམ་རའི་དབྱེ་བ། (Perfect competitive market & Non- Perfectly Competitive market)
  • འགྲན་རྩོད་མིན་པའི་ཚོང་རའི་དབྱེ་བ། (Non-competitive market) (Monopoly, Monopolistic, Oligopoly, Duopoly
  • ཁྱད་ཆོས་ཀྱི་གཞི་འཛིན་ས། ༦། ༡) ཉོ་འཚོང་བྱེད་མཁན་གྱི་གྲངས། ༢) དངོས་ཟོག་གི་རྣམ་པ་དང་དབྱེ་བ། ༣) ཁྲོམ་རའི་གོ་རྟོགས། ༤) དངོས་ཟོག་གི་རིན་གོང། ༥) ཁྲོམ་རའི་ནང་འཛུལ་ཞུགས་དང་ཕྱིར་ཐོན་གྱི་རང་དབང། (Free entry and exit) ༦) ཁྲོམ་རའི་དགོས་མཁོའི་གུག་ཆ།
    ཁྲོམ་ར་ཕན་ཚུན་དབར་གྱི་ཁྱད་པར།

 

༣་༢ གོང་ཚད་ཀྱི་རྐྱེན་བྱེད། (Price Determination)

  • ཕྱོགས་བསྡོམས་དགོས་མཁོ་དང་། ཕྱོགས་བསྡོམས་མཁོ་སྤྲོད་ངོ་སྤྲོད།
  • ཁྲོམ་རའི་དོ་མཉམ། (Market equilibrium)
  • ཁྲོམ་རའི་དོ་མཉམ་དང་དོ་མཉམ་མིན་པ་ངོ་སྤྲོད། དོ་མཉམ་མེད་པའི་དབྱེ་བ་གཉིས་ངོ་སྤྲོད། ཚད་བརྒལ་དགོས་མཁོ། (Excess demand) ཚད་བརྒལ་མཁོ་སྤྲོད་སྐོར་ (Excess supply)
  • དོ་མཉམ་ཡོང་ཐབས་ཀྱི་ཐབས་ལམ། མང་མཐའི་གོང་ཚད་ (Price ceiling) དང་དམའ་མཐའི་གོང་ཚད་ (Price floor) གཏན་འབེབ་སྐོར་བཅས་ངོ་སྤྲོད།
  • ཁྲོམ་ར་སོ་སོའི་ནང་གོང་ཚད་རྒྱག་སྟངས་དང་དེའི་གུག་ཆའི་དཔེ་རིས།

 

༣་༣ དགོས་མཁོ་དང་མཁོད་སྤྲོད་ཀྱི་གུག་ཆའི་གནས་སྤོ། Demand and supply Shift

  • དགོས་མཁོའི་གུག་ཆ་དང་མཁོ་སྤྲོད་གུག་ཆའི་ནང་གནས་སྤོ་ཡོང་བའི་འབྱུང་རྐྱེན། Sources of shifts in demand curve, Sources of shift in supply curve
  • དགོས་མཁོའི་གུག་ཆ་དང་མཁོ་སྤྲོད་གུག་ཆའི་ནང་གི་གནས་སྤོས་ཁྲོམ་རའི་དོ་མཉམ་ལ་ཤུགས་རྐྱེན་བཟོ་ཚུལ། Effects of shift in demand and supply on market Equilibrium,
  • གོང་ཚད་དོ་མཉམ་དང་། གྲངས་འབོར་དོ་མཉམ། Equilibrium Price and Equilibrium Quantity)

༣་༤ ཁྲོམ་ར་དོ་མཉམ་ཡོང་ཐབས་ཀྱི་སྲིད་བྱུས།

  • Fiscal and Monetary Policy གཞུང་ཁྲལ་དང་དངུལ་གྱི་སྲིད་བྱུས།
  • ཚོང་ལས་ཁང་ཞིག་གི་དུས་རིང་མཁོ་སྤྲོད་གུག་ཆ། སྒོ་རྒྱག་གནས་མཚམས། (The shut down point) རྒྱུན་ལྡན་ཁེ་སང་བཅས་དང༌།
  • འཕྲུལ་ལས་ཡར་རྒྱས་དང༌། (Technological progress) ནང་འདྲེན་གོང་ཚད། (Input prices) དཔྱ་ཁྲལ་ (Unit tax) བཅས་ཀྱི་སྐོར།

 
༤། ཡོང་འབབ་རྩིས་ཐབས། (Income Determination)

མ་རྐང་སྔོན་མ་ (Ex ante) དང་མ་རྐང་རྗེས་མའི་ (Ex post) སྐོར་དང༌། ཚོང་རའི་དུས་ཐུང་གི་གོང་ཚད་གཏན་འཇགས་ཞིབ་དཔྱད་ (Short run fixed price analysis of the product market) སྐོར། ཕྱོགས་བསྡོམས་དགོས་དང་དེའི་གྲུབ་ཆ། (Aggregate demand and its components) སྐོར། ཐབས་ལམ་གཉིས། (Fiscal policy, Monetory Policy) དང་བྱེད་ཐབས་སྣ་ཚོགས་ (Multiplier Mechanism) གཏན་འཇགས་ལས་མི་དང་ལས་མེད། དགོས་མཁོ་མང་ཐལ་དང་ཉུང་ཐལ་དང་། དེའི་དཀའ་ངལ་སེལ་ཐབས། Problems of excess demand and deficient demand; measures to correct them

༥། གཞུང་གི་སྡོན་རྩིས་དང་དཔལ་འབྱོར།

  • གཞུང་གི་སྔོན་རྩིས་ཀྱི་གོ་དོན། དམིགས་ཡུལ། གྲུབ་ཆ་ (Meaning, Aim, Components)
  • བཙན་བྱོལ་བོད་མིའི་སྔོན་རྩིས་སྐོར་དང། Trend
  • ཁྲལ། གོ་དོན། དབྱེ་བ། (Direct and indirect tax, Progressive and Regressive Tax, VAT and Specific Tax)
  • བྱུང་སོང་གཉིས་ཀྱི་དབྱེ་བ་དང། གཞི་འཛིན་ས། (Liabilities and Asset)
  • ཁྲལ་འབབ་བྱུང་། (The revenue Receipt) མ་རྩའི་བྱུང། (The capital Receipt)
  • དཔེར་བརྗོད་རྣམས་རང་གཞུང་དང་སྦྱར་ནས་འཇོག་དགོས།
  • Deficit དང་ Surplus, གཉིས་ཀྱི་གོ་དོན། Deficit དབྱེ་བ་དང་རྩིས་ཐབས།
  • གཞུང་གི་འཕར་སོང་སྔོན་འགོག་ཐབས་ལམ། (Measure of government deficit) གཞུང་ཁྲལ་དངུལ་འབབ་ཀྱི་སྲིད་བྱུས་ (Fiscal policy) སྐོར་ཏེ་གཞུང་གི་འགྲོ་གྲོན་ནང་དུ་འགྱུར་བ་གཏོང་བ་ (Changes in government expenditure) དང༌། དཔྱ་ཁྲལ་ནང་དུ་འགྱུར་བ་གཏོང་བ། (Changes in taxes) བུ་ལོན་ (Debt) བཅས་ཀྱི་སྐོར།

 
༦། བྱུང་སོང་དོ་མཉམ་སྤྲོད་འཇལ། (The balance of payments)

  • གོ་དོན། གཞི་འཛིན་ས་གསུམ།
  • (The balance of payments accounts) གོ་དོན།
  • Account གཉིས།
  • (BoP, BoT) ཁྱད་པར།
  • བྱུང་སོང་དོ་མཉམ་སྤྲོད་འཇལ་གྱི་འཕར་ལྷག་ (BoP surplus) དང་འཕར་སོང༌། (Deficit)

 
༧། ཕྱི་དངུལ་བརྗེ་སྒྱུར་ཚོང་ར། (The foreign exchange market)

  • གོ་དོན། བརྗེ་སྒྱུར་ཚད་གཞི་ཐག་གཅོད་བྱེད་ཚུལ། (Determination of the exchange rates) གུ་ཡངས་ལྡན་པའི་བརྗེ་སྒྱུར་ཚད་གཞི། (Flexible exchange rates) གཏན་འཇགས་བརྗེ་སྒྱུར་ཚད་གཞི། (Fixed exchange rates) སྟངས་འཛིན་ཐུབ་པའི་འཕར་ཆག་སྐྱེན་པོའི་བརྗེ་སྒྱུར་ (Managed floating) འགྲོ་ལུགས་སྐོར།
  • བརྗེ་སྒྱུར་ཚད་གཞི་སྟངས་འཛིན་བྱེད་པའི་རྒྱལ་སྤྱིའི་ཉམས་མྱོང༌། (Exchange rate management: the international experience) (Sources of Demand for Forex Sources of Supply of Forex) ཁ་འབྱེད་དཔལ་འབྱོར་གྱི་རྒྱལ་ཡོངས་ཡོང་འབབ་ཀྱི་རྐྱེན་བྱེད། (The determination of income in an open economy) (Demand and Supply of Money)
  • ཉོ་ཚོང་འཕར་སོང་ (Trade deficits) དང༌། གསོག་འཇོག (Savings) མ་འཇོག་ (Investment)

 
༨། རྒྱལ་ཡོངས་ཡོང་འབབ་རྩིས་ཁྲ་རྩིས་ཚུལ། (National Income accounting)

སྲི་ཞུ་དང་ཕོགས་ཀྱི་རྐྱེན། ལག་འབོར་དང་རྒྱུགས་དངུལ། ཡོང་འབབ་རྒྱུགས་དངུལ་སྒོར་མོ། རྒྱལ་ཡོངས་ཡོང་བབ་རྩིས་ཁྲའི་གོ་དོན་དང་བརྩི་ཐབས། རྒྱལ་ཡོངས་ཡོང་བབ་ཕྱོགས་བསྡོམས། Factor Services and Factor Payments, Stock and Flow, Circular Flow of Income, Concepts and Methods of calculating National Income, Value Added or Product, Expenditure, Income Method, Aggregates related to National Income; Private Income, Personal Income and Personal Disposable Income; Real and Nominal GNP, GDP and Welfare

༩། རྨང་གཞིའི་འཛུགས་སྐྲུན།

རྨང་གཞིའི་འཛུགས་སྐྲུན་ (Infrastructure) གྱི་གོ་དོན་དང༌། རྒྱལ་ཁབ་ཀྱི་རྨང་གཞིའི་འཛུགས་སྐྲུན་བྱས་ཚུལ། ནུས་ཁུངས་དང་འཕྲོད་བསྟེན་བཅས་ཀྱི་སྐོར་ལ་བགྲོ་གླེང་བྱེད་པ།

Menu