གཞི་རིམ་གོང་མའི་གནས་སྐབས་འདིར་སྲིད་དོན་ཚན་རིག་སློབ་སྦྱོང་བྱེད་མཁན་རྣམས་ལ་སྲིད་དོན་ཚན་རིག་པ་ཞིག་ཇི་ལྟར་ཆགས་ཐབས་དང། ལོ་རྒྱུས་ཀྱི་གནད་དོན་མི་འདྲ་བ་སྣ་ཚོགས་བརྒྱུད་ནས་དེང་གི་དུས་རབས་སུ་ཇི་ལྟར་སླེབས་པའི་སྐོར་ལ་ཤེས་རྟོགས་ཐུབ་པ་བྱ་དགོས། སྲིད་དོན་ཚན་རིག་གི་བསླབ་གཞིའི་ནང་དོན་གཙོ་བོར་སྲིད་དོན་གྱི་རྣམ་གཞག་དང། བོད་ཀྱི་སྲིད་དོན་ཚན་རིག རྒྱ་གར་གྱི་སྲིད་དོན་ཚན་རིག རྒྱལ་སྤྱིའི་སྲིད་དོན་ཚན་རིག་བཅས་ཚུད་པ་བྱ་དགོས།
དམིགས་ཚད།

  • གཞི་རིམ་གོང་མ་འཛིན་རིམ་བཅུ་གཅིག་བཅུ་གཉིས་ཀྱི་སྲིད་དོན་ཚན་རིག་གི་བསླབ་གཞིའི་དམིགས་ཚད་ནི། སྲིད་དོན་ཚན་རིག་གི་རྣམ་བཞག་ལ་བརྟེན་ནས། ལེགས་ཉེས་དབྱེ་འབྱེད་དང་རྒྱུ་མཚན་འགྲེལ་བརྗོད་ཀྱི་ནུས་རྩལ་སྐྱེད་སྲིང་བྱ་རྒྱུ།
  • མི་གཞན་གྱི་ལྟ་ཚུལ་ལ་གུས་བརྩི་དང་ཉན་འཇོག་གི་ནུས་རྩལ་སྐྱེད་སྲིང།
  • འཚོ་གནས་དང་ཆབ་སྲིད་ཀྱི་འདོད་ཚུལ་མི་འདྲ་བའི་སྲིད་དོན་ཚན་རིག་པ་གང་མང་ངོ་སྤྲོད།
  • རང་གིཉེ་འཁོར་གྱི་ཆབ་སྲིད་ཀྱི་བྱ་བ་ཁག་ནང་འཛུལ་ཞུགས་གང་ཐུབ་བྱ་རྒྱུ།
  • བོད་ཀྱི་ལོ་རྒྱུས་དང་ཉེ་རབས་ཆབ་སྲིད་གནས་བབ་ངོ་སྤྲོད་དང། ཤེས་རྟོགས་དབྱེ་ཞིབ་བཅས་བྱས་ནས། གཉན་འཕྲང་དུས་སྐབས་སུ་སྲིད་དོན་ཚན་རིག་གི་སློབ་སྦྱོང་ལ་བརྟེན་ནས་བོད་ཀྱི་བདེན་དོན་འཐབ་རྩོད་ནང་ནུས་པ་འདོན་ཐབས།

འཛིན་རིམ་བཅུ་གཅིག

སྡེ་ཚན་ཀ ཆབ་སྲིད་རིག་པའི་རྣམ་བཞག

༡་༡ ཆབ་སྲིད་རིག་པའི་རྣམ་བཞག་ངོ་སྤྲོད།

• ཆབ་སྲིད་རིག་པའི་གོ་དོན།
• ཆབ་སྲིད་རིག་པའི་རྣམ་བཞག་ནང་ཅི་ཞིག་སྦྱོང་དགོས།
• ཆབ་སྲིད་རིག་པའི་རྣམ་བཞག་ལག་ལེན་ལ་འགེལ་ཚུལ།
• ཆབ་སྲིད་རིག་པའི་རྣམ་བཞག་སློབ་སྦྱོང་བྱེད་དོན།

༡་༢ རང་དབང།

• རང་དབང་གི་གོ་དོན། དམིགས་ཡུལ།
• ང་ཚོར་ཅིའི་ཕྱིར་བཙན་སྐུལ་བྱ་དགོས།
• གནོད་སྐྱོན་ཅན་གྱི་ལྟ་གྲུབ།
• དགག་སྒྲུབ་ཀྱི་རང་དབང། Negative and Positive Freedom

༡་༣ འདྲ་མཉམ།

• འདྲ་མཉམ་གྱི་གོ་དོན་དང་གལ་ཆེའི་རང་བཞིན།
• འདྲ་མཉམ་གྱི་འདོད་ཚུལ་སྣ་ཚོགས།
• འདྲ་མཉམ་ཡོང་ཐབས་ཇི་ལྟར་བྱ་དགོས།

༡་༤ སྤྱི་ཚོགས་ཀྱི་དྲང་བདེན།

• དྲང་བདེན་གྱི་གོ་དོན།
• དྲང་བདེན་ཁྱབ་འགྱེད།
• དྲང་བདེན་དང་བཟང་པོ། Justice as fair
• སྤྱི་ཚོགས་དྲང་བདེན་ཡོང་ཐབས།

༡་༥ ཐོབ་ཐང།

• ཐོབ་ཐང་གང་དག་ཡིན་ནམ།
• ཐོབ་ཐང་གི་འབྱུང་ཁུངས།
• ཁྲིམས་ཐོག་གི་ཐོབ་ཐང་དང་གཞུང།
• ཐོང་ཐང་གི་དབྱེ་བ།
• ཐོབ་ཐང་དང་འོས་འགན།

གོང་གསལ་བརྗོད་གཞི་ཁག་སློབ་ཚན་གཅིག་གམ་གཉིས་སུ་མཉམ་བསྲེས་ཀྱིས་འཇོག་རྒྱུ།

༡་༦ ཆོས་ལུགས་རིས་མེད།

• ཆོས་ལུགས་རིས་མེད་ཀྱི་གོ་དོན།
• ཆོས་ལུགས་རིས་མེད་ཀྱི་གཞུང།
• ནུབ་ཕྱོགས་དང་རྒྱ་གར་གྱི་ཆོས་ལུགས་རིས་མེད་ཐོག་འདོད་ཚུལ།
• ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཆོས་ལུགས་རིས་མེད་ཀྱི་དགོངས་གཞི།
• རྒྱ་གར་གྱི་ཆོས་ལུགས་རིས་མེད་ཐད་དག་ཐེར་དང་རྟོག་དཔྱོད།

༡་༧ རྒྱལ་ཞེན་རིང་ལུགས།

• རྒྱལ་ཁབ་དང་རྒྱལ་ཞེན་རིང་ལུགས།
• རྒྱལ་ཞེན་དང་རང་འཁུར།
• རྒྱལ་ཞེན་རིང་ལུགས་དང་སྣ་མང་རིང་ལུགས།

༡་༨ ཆབ་འབངས་ཐོབ་ཐང།

• ཆབ་འབངས་ཐོབ་ཐང་གི་གོ་དོན།
• ཆབ་འབངས་དང་རྒྱལ་ཁབ།
• ཀུན་ཁྱབ་ཆབ་འབངས་ཐོབ་ཐང།
• གོ་ལའི་ཆབ་འབངས་ཐོབ་ཐང།
• བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་འཁོད་པའི་ཆབ་འབངས་ཀྱི་ཐོབ་ཐང་དང། རྒྱ་གར་གྱི་ཆབ་འབངས་ཐོབ་ཐང་སྐོར།

༡་༩ སྤྱི་ཚོགས་རིང་ལུགས་དང་མ་རྩ་རིང་ལུགས།

• སྤྱི་ཚོགས་རིང་ལུགས་དང། མ་རྩ་རིང་ལུགས། དམར་ཤོག མ་ཁེ་སིའི་རིང་ལུགས་བཅས་ངོ་སྤྲོད།
• སྤྱི་ཚོགས་རིང་ལུགས་དང། མ་རྩ་རིང་ལུགས། དམར་ཤོག མ་ཁེ་སིའི་རིང་ལུགས་བཅས་ཀྱི་ཁྱད་ཆོས་དང་དེ་དག་ཕན་ཚུལ་གྱི་འབྲེལ་ཁྱད།

༡་༡༠ ཡར་རྒྱས།

• ཡར་རྒྱས་ཀྱི་གོ་དོན།
• ཡར་རྒྱས་ངོས་འཛིན་བྱ་སྟངས་དང། དབང་ཤུགས་ཆེ་བར་སྐྱོན་བརྗོད། (རྒྱ་ནག་གི་བོད་ནང་ཡར་རྒྱས་ལས་འཆར་སྤེལ་བའི་སྲིད་བྱུས་དང་དེའི་ཤུགས་རྐྱེན།)
• ཡར་རྒྱས་ཐད་ལྟ་ཚུལ་གཞན་དག
• བཙན་བྱོལ་བོད་མིའི་གཞིས་ཆགས་ཡར་རྒྱས་ལས་གཞི།

སྡེ་ཚན་ཁ། རྒྱ་གར་དང་བོད་ཀྱི་ཆབ་སྲིད།

༢་༡ རྩ་ཁྲིམས་དང་བཅའ་ཁྲིམས།

• ཅིའི་ཕྱིར་རྩ་ཁྲིམས་དགོས་སམ།
• རྩ་ཁྲིམས་ཀྱི་བྱུང་རབས་སྤྱི་བཤད། བཟོ་འགོད་གནང་མཁན།
• རྒྱ་གར་གྱི་རྩ་ཁྲིམས་ནང་གཞི་རྩའི་ཐོབ་ཐང་གང་དག་ཡོད།
• བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ཐོབ་ཐང་གང་དག་གསལ་ཡོད།
• གཞུང་གི་སྲིད་བྱུས་ཀྱི་ལམ་སྟོན་རྩ་འཛིན། Directive Principles of State Policy
• གཞི་རྩའི་ཐོབ་ཐང་ལམ་སྟོན་རྩ་འཛིན་གཉིས་ཀྱི་འབྲེལ་ཁྱད། Fundamental Rights and Directive Principles
• རྩ་ཁྲིམས་ཀྱི་ལྟ་གྲུབ་དང་དཔྱད་ཞིབ།

༢་༢ འོས་བསྡུ་དང་འཐུས་མི།

• མང་གཙོའི་ལམ་སྲོལ་དང་འོས་བསྡུ།
• རྒྱ་གར་གྱི་མང་གཙོའི་ལམ་སྲོལ་དང་བཅོས་བསྒྱུར།
• བཙན་བྱོལ་བོད་མིའི་མང་གཙོའི་ལམ་སྲོལ་དང་ཟུར་བཅད་ཞབས་སྟེགས།
• རང་དབང་དང་དྲང་བདེན་གྱི་འོས་བསྡུ།

༢་༣ ཁྲིམས་བཟོ་ལྷན་ཚོགས།

• ང་ཚོར་གྲོས་ཚོགས་གང་འདྲ་ཞིག་དགོས་སམ།
• གྲོས་ཚོགས་གོང་འོག་གཉིས།
• གྲོས་ཚོགས་ཀྱི་ལས་འགན་དང་སྐུ་དབང།
• ཁྲིམས་བཟོའི་ལས་དོན་དང་འཛིན་སྐྱོང་ལ་དོ་དམ།
• བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱི་སྐོར་དང་དེའི་དགེ་སྐྱོན་སྐོར།
• ཁྲིམས་བཟོའི་ལས་དོན།

༢་༤ འཛིན་སྐྱོང་བཀའ་ཤག

• འཛིན་སྐྱོང་དང་འཛིན་སྐྱོང་གི་དབྱེ་བ།
• གྲོས་ཚོགས་ལམ་ལུགས་ཀྱི་འཛིན་སྐྱོང།
• བཀའ་ཤག་དང་ལྷན་ཁང་ཁག
• སྲིད་སྐྱོང་དང་བཀའ་བློན་གཞན།
• དཔོན་དབང་རིང་ལུགས།

༢་༥ ཁྲིམས་ཞིབ།

• རང་དབང་ཅན་གྱི་ཁྲིམས་ཞིབ།
• ཁྲིམས་ཞིབ་ལྷན་ཁང་གི་སྒྲོམ་གཞི།
• ཁྲིམས་ཞིབ་ཀྱི་ལས་དོན་བརྒྱུད་རིམ།
• ཁྲིམས་ཞིབ་དང་ཐོབ་ཐང།
• ཁྲིམས་ཞིབ་དང་གྲོས་ཚོགས།

༢་༦ སྤྱི་མཐུན་སྲིད་གཞུང་གི་ལམ་ལུགས

• སྤྱི་མཐུན་སྲིད་གཞུང་གི་གོ་དོན།
• རྒྱ་གར་གྱི་རྩ་ཁྲིམས་ནང་འཁོད་པའི་སྤྱི་མཐུན་སྲིད་གཞུང་གི་ལམ་ལུགས།
• དབང་ཤུགས་ཆེ་བའི་དབུས་གཞུང་དང་སྤྱི་མཐུན་སྲིད་གཞུང་ལམ་ལུགས།
• རྒྱ་གར་སྤྱི་མཐུན་སྲིད་གཞུང་ལམ་ལུགས་ཀྱི་དཀའ་རྙོག་དང་། དམིགས་བསལ་གཟིགས་སྐྱོང།

འཛིན་རིམ་བཅུ་གཉིས།

སྡེ་ཚན་ཀ ཉེ་དུས་འཛམ་གླིང་གི་ཆབ་སྲིད།

༡་༡། གྲང་དམག་གི་དུས་སྐབས།

• དམག་ཆེན་གཉིས་པའི་སྟོབས་ཆེའི་ཤོག་ཁག་གཉིས་སུ་གྱེས་ཚུལ།
• གྲང་དམག་གི་འཐབ་ར།
• སྣེ་གཉིས་ལ་གདོང་ལེན། དཔུང་སྒྲིག་མི་བྱེད་པའི་ལས་འགུལ།
• རྒྱལ་སྤྱིའི་དཔལ་འབྱོར་གྲལ་རིམ་གྱི་ཞིབ་རྩད་གསར་པ།
• རྒྱ་གར་དང་གྲང་དམག

༡་༢། དམག་ཆེན་གཉིས་པ་འཐོར་ཞིག་དང་སྣེ་གཉིས་ཉམས་ཉེས།

• ཨུ་རུ་སུ་དང། (USSR Rusia) བྷལ་ཀན་རྒྱལ་ཁག དབུས་ཨེ་ཤི་བཅས་འཛམ་གླིང་གི་ཆབ་སྲིད་ཁྲོད་ཞུགས་པ།
• དམར་ཤོག་ཉམས་རྗེས་ཀྱི་མང་གཙོའི་རིང་ལུགས་ཀྱི་སྲིད་དབང་དང་མ་རྩ་རིང་ལུགས།
• རྒྱ་དཀར་ནག་དང་བོད་ཀྱི་འབྲེལ་བ།

༡་༣། འཛམ་གླིང་གི་ཆབ་སྲིད་ནང་ཨ་རིའི་དབང་ཤུགས་ཁྱབ་བརྡལ།

• ཕྱོགས་རྐྱང་པའི་རིང་ལུགས་དར་ཚུལ།
• ༩།༡༡ གི་དོན་རྐྱེན་དང་ཨ་རིས་དཀྱིལ་ཤར་ཡུལ་གྲུར་འཛིན་པའི་སྲིད་བྱུས།
• དབང་ཤུགས་ཁྱབ་བརྡལ་དང། དཔལ་འབྱོར་དང་ལྟ་གྲུབ་ཀྱི་དཀའ་ངལ།
• ཨ་རིས་བོད་དོན་ཐོག་འཛིན་པའི་སྲིད་བྱུས།

༡་༤། དཔལ་འབྱོར་དང་ཆབ་སྲིད་ཀྱི་དབང་ཤུགས་གསར་ཐོན།

• རྒྱ་ནག་གི་ཕྱི་ཕྱོགས་ལ་སྒོ་མོ་དབྱེ་བའི་སྲིད་བྱུས་དང་དཔལ་འབྱོར་འཕེལ་རྒྱས།
• རྒྱ་ནག་གི་ཕྱི་ཕྱོགས་ལ་སྒོ་མོ་དབྱེ་བའི་སྲིད་བྱུས་དང་བོད་དོན་ཐོག་གི་སྲིད་བྱུས་འགྱུར་འགྲོས།
• ཡུ་རོབ་མཐུན་ཚོགས་གསར་འཛུགས་དང་རྒྱ་སྐྱེད།
• ASEAN

༡་༥། རྒྱལ་སྤྱིའི་ཚོགས་སྡེ།

• མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞི་བསྐྱར་བསྒྲིགས་དང་དེའི་མ་འོངས་པ།
• མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་བོད་དོན་ཐོག་གྲོས་ཆོད་སྔ་ཕྱིར་བཞག་སྐོར།
• རྒྱལ་སྤྱིའི་ནང་དཔལ་འབྱོར་གྱི་ཚོགས་སྡེ་གསར་པ་ཐོན་པ།
• WTO, World Bank. འཛམ་གླིང་དངུལ་ཁང་གི་བོད་དང་འབྲེལ་བའི་ལས་འཆར།

༡་༦། སྲུང་སྐྱོབས།

• སྲུང་སྐྱོབས་ཀྱི་རྒྱུན་སྲོལ་གནད་དོན་དང། གོ་ལག་མེད་པར་བཟོ་བའི་སྲིད་བྱུས།
• མིའི་བདེ་འཇགས། དབུལ་ཕོངས་དང། འཕྲོད་བསྟེན། སློབ་གསོ། འགྲོ་བ་མིའི་ཐོབ་ཐང།
• བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ།
• བོད་ཀྱི་སྐད་ཡིག་དང། རིག་གཞུང། ཆོས། འཕྲོད་བསྟེན་སོགས་ཀྱི་སྲུང་སྐྱོབས།

༡་༧། འཛམ་གླིང་གི་ཆབ་སྲིད་ནང་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་ཀྱི་གནས་བབ།

• ཁོར་ཡུག་གི་ལས་འགུལ་དང་གོ་ལའི་ཁོར་ཡུག་རྒྱས་བཅད་ཀྱི་འཕེལ་འགྱུར།
• ཐོན་ཁུངས་ཐད་འདོད་ཚུལ་འཛིན་སྟངས་ཀྱི་རྩོད་གླེང།
• གཞིས་མིའི་ཐོབ་ཐང།
• བོད་ཀྱི་ཁོར་ཡུག་དང་རྩྭ་ཐང་བྱེ་འགྱུར།
• འབྲོག་ས་གྲོང་ཁྱེར་དུ་བསྒྱུར་བའི་སྲིད་བྱུས།
• བོད་ཀྱི་ཁོར་ཡུག་གི་གལ་ཆེའི་རང་བཞིན།

༡་༨། གོ་ལ་གཅིག་འགྱུར་དང་དཀའ་ཉེན།

• དཔལ་འབྱོར་དང། རིག་གཞུང། ཆབ་སྲིད་བཅས་ཀྱི་འགྱུར་འགྲོས།
• གོ་ལ་གཅིག་འགྱུར་གྱི་མཇུག་འབྲས།
• གོ་ལ་གཅིག་འགྱུར་ལ་ངོ་རྒོལ་བྱེད་པའི་ལས་འགུལ།
• བོད་དང་རྒྱ་གར་ལ་གོ་ལ་གཅིག་འགྱུར་གྱི་ཤུགས་རྐྱེན་ཇི་ལྟར་ཐེབས་ཚུལ་དང་དེར་གདོང་ལེན་བྱ་ཐབས། ( གོ་ལ་གཅིག་འགྱུར་དང་སྐད་ཡིག་ཉམས་ཆག་སྐོར་གྱི་ཆེད་རྩོམ། )

སྡེ་ཚན་ཁ། རྒྱ་གར་དང་བོད་ཀྱི་དེང་རབས་ཆབ་སྲིད།

༢་༡། རྒྱལ་ཁབ་འཛུགས་སྐྲུན་དང་དཀའ་ངལ།

• རྒྱལ་ཁབ་འཛུགས་སྐྲུན་ཐད་ནེ་རུའི་ཐབས་བྱུས།
• མངའ་སྡེ་ཞི་འགྲིག་དང་བརྟན་ལྷིང།

༢་༢། སྲིད་དོན་ཚོགས་པ་གཅིག་གིས་དབང་སྒྱུར་བའི་དུས་སྐབས།

• རྒྱལ་ཡོངས་འོས་བསྡུ་ཐོག་མ་གསུམ།
• ཀོང་རེ་སེའི་དབང་ཤུགས་ཀྱི་ངོ་བོ།
• མངའ་སྡེར་དབང་སྒྱུར་ཚུལ་ཆ་སྙོམས་མེད་པ།
• ཀོང་རེ་སེ་ཕྱོགས་སྡེབ་ཀྱི་ངོ་བོ།
• ཕྱོགས་འགལ་ཚོགས་པ་ཆེ་ཁག

༢་༣། རྒྱ་གར་གྱི་ཕྱི་སྲིད་འབྲེལ་ལམ།

• ནེ་རུའི་ཕྱི་འབྲེལ་སྲིད་བྱུས།
• ༡༩༦༢ ལོའི་རྒྱ་དཀར་ནག་གི་དམག་ཁྲུག
• ནེ་རུས་བོད་ཐོག་འཛིན་པའི་སྲིད་བྱུས།
• ༡༩༦༥ དང་༡༩༧༡ ལོའི་རྒྱ་གར་དང་པཱ་ཀེ་སི་ཐན་གྱི་དམག་ཁྲུག
• རྒྱ་གར་གྱི་རྡུལ་ཕྲན་ཚོན་ཆའི་ལས་འཆར།
• རྒྱ་གར་དང་བལ་ཡུལ། འབྲུག་བཅས་ཀྱི་འབྲེལ་བ།

༢་༤། སྤྱི་ཚོགས་ལེགས་བཅོས་ཀྱི་ལས་འགུལ་སྣ་ཚོགས།

• ཞིང་པའི་ལས་འགུལ།
• བུད་མེད་ཀྱི་ལས་འགུལ།
• ཁོར་ཡུག་དང་ཡར་རྒྱས་ལས་འཆར་དང་འབྲེལ་བའི་མི་མང་གི་ལས་འགུལ།

༢་༥། བཙན་བྱོལ་བོད་མིའི་ཆབ་སྲིད་འཕེལ་རིམ།

• བཙན་བྱོལ་ནང་བཀའ་ཤག་གི་འཕེལ་རིམ་དང་འགན་དབང།
• བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་བསྡུ་བྱས་པ།
• ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཆབ་སྲིད་ཀྱི་སྐུ་དབང་མི་མང་གི་འོས་འདེམས་བྱས་པའི་དབུ་ཁྲིད་ལ་གནང་བ།
• སྲིད་སྐྱོང་དང་བཀའ་བློན་གཞན་གྱི་འགན་དབང།

༢་༦། རྒྱ་གར་གྱི་ཉེ་བའི་ཆབ་སྲིད་འཕེལ་འགྱུར།

• མཉམ་བསྲེས་ཚོགས་པ། UPA, NDA
• ལྡི་ལིའི་སྲིད་དོན་ཚོགས་པ་གསར་པ་AAP ཡིས་སྲིད་དབང་བཟུང་ཚུལ།
• མངའ་སྡེ་གསར་པ་བྱུང་ཚུལ།
• མན་ཊལ་ལྷན་ཚོགས་ཀྱི་སྙན་ཐོ།

Menu