ཟླ་རེའི་གསར་འགྱུར།

ཕྱི་ལོ་ ༢༠༡༩ ལོའི་ཤེས་རིག་སློབ་ཡོན་གསལ་བསྒྲགས།

གསལ་བསྒྲགས།

ཀ༽  སློབ་ཡོན་ཞུ་ལེན་གྱི་ཆ་རྐྱེན་འོས་ཆོས་དང་། དགོས་མཁོའི་ཡིག་ཆ་ཁག་གཤམ་གསལ།

  1. འཚང་སྙན་འབུལ་མི་གང་ཞིག་བཙན་བྱོལ་བོད་མི་ཡིན་པའི་ཐོག་དོ་བདག་དང་ཕ་མའི་དྭང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༡༨ བར་གཙང་ཕུལ་ཟིན་པ་དགོས། གལ་ཏེ་ཕ་མ་བོད་ནང་ཡོད་པའམ། འདས་གྲོངས། ཁ་བྲལ་སོང་བའི་རིགས་ཡིན་ཚེ་འབྲེལ་ཆགས་ས་གནས་འགོ་འཛིན་ནས་ཞིབ་འཇུག་གིས་ཞིབ་ཕྲའི་གནས་ཚུལ་ “འགེངས་ཤོག་−ཀ” པའི་ནང་ཁ་གསལ་བཀང་དགོས།
  2. འཚང་སྙན་འབུལ་མི་རྣམས་ལ་རྒྱ་གར་སྐྱབས་བཅོལ་ལག་དེབ་དུས་འགྱངས་བཀའ་འཁྲོལ་ཡོད་པ་དགོས། བལ་ཡུལ་དང་། འབྲུག ཀ་རྡོར་སྒང་གསུམ་ས་ཁུལ་དུ་གནས་སྡོད་སྙན་འབུལ་བ་ཡིན་ན་འབྲེལ་ཆགས་ས་གནས་འགོ་འཛིན་ནས་ཞིབ་འཇུག་གིས་བོད་མི་སྐྱབས་བཅོལ་བ་དངོས་འབྲེལ་ཡིན་པའི་རྒྱབ་གཉེར་ “འགེངས་ཤོག་−ཀ” པའི་ནང་ཁ་གསལ་བཀང་དགོས།
  3. ཉེ་བའི་གཙུག་ལག་རབ་འབྱམས་པ་དང་། ལས་རིགས། ཌིབ་ལོ་མ་བཅས་ཀྱི་སློབ་ཡོན་ཆེད་དུ་འཛིན་རིམ་བཅུ་པའི་ཨང་ཐོབ་ཤོག་ལྷེ་འབུལ་དགོས།
  4. གཙུག་ལག་རབ་འབྱམས་པའི་སློབ་ཡོན་ཆེད་དུ་ཉེ་བའི་གཙུག་ལག་རབ་འབྱམས་པའི་ཨང་ཐོབ་ཤོག་ལྷེ་ཆ་ཚང་འབུལ་དགོས།
  5. ཉེ་བའི་རིགས་གཅིག་རྐང་འཛིན་དང་། རིགས་གཅིག་རྐང་འཛིན་གྱི་སློབ་ཡོན་ཆེད་དུ་ཉེ་བའི་གཙུག་ལག་རབ་འབྱམས་དང་དེ་ཡན་གྱི་ཨང་ཐོབ་ཤོག་ལྷེ་ཆ་ཚང་ཐོག ངོས་འཛིན་ཡོད་པའི་གཙུག་ལག་སློབ་གཉེར་ཁང་ཞིག་ནས་སློབ་འཇུག་ཆེད་ངོས་ལེན་ཡོད་པའི་ཡི་གེ་དགོས།
  6. སློབ་ཕྲུག་རྩེ་ཕུད་ཀྱི་གཟེངས་བསྟོད་ལག་འཁྱེར་ཡོད་ཚེ་ལག་འཁྱེར་གྱི་ངོ་བཤུས་འབུལ་དགོས།
  7. ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་ཡོན་ཆེད་དམའ་མཐར་འཛིན་རིམ་བཅུ་པ་བར་བོད་ཡིག་སློབ་སྦྱོང་བྱས་པ་ཞིག་དགོས། ཡང་ན་ཤེས་རིག་ལས་ཁུངས་ནས་ས་གནས་འགོ་འཛིན་ལས་ཁུངས་སོ་སོར་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༠ ཉིན་གོ་སྒྲིག་ཞུ་གཏན་འཁེལ་བའི་འཛིན་རིམ་བཅུ་པའི་ཚད་མཉམ་བོད་ཡིག་ཡིག་རྒྱུགས་འཕྲོད་པ་ཞིག་དགོས།

ཕྱི་ལོ་ ༢༠༡༩ ལོའི་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་གསལ་བསྒྲགས་ཆ་ཚང་འདི་ནས་གཟིགས་ཐུབ།

འཚང་སྙན་དང་དགོས་མཁོའི་ཡིག་ཆ་ཁག་གཤམ་གསལ་སྦྲེལ་མཐུད་ཁ་བྱང་བརྒྱུད་དྲྭ་ཐོག་འབུལ་དགོས།

ཉེ་བའི་གཙུག་ལག་རབ་འབྱམས་པ་དང་། ལས་རིགས། ཌིབ་ལོ་མ་བཅས་ཀྱི་སློབ་ཡོན་ཆེད་འདི་ནས་འབུལ་དགོས།  https://goo.gl/forms/GY00CMDnBox9kcRf1

གཙུག་ལག་རབ་འབྱམས་པ་དང་། ཉེ་བའི་རིགས་གཅིག་རྐང་འཛིན་དང་། རིགས་གཅིག་རྐང་འཛིན་གྱི་སློབ་ཡོན་ཆེད་འདི་ནས་འབུལ་དགོས།  https://goo.gl/forms/SZT3UIswUxgIkDgI2

འཚང་སྙན་གྱི་མཐའ་མའི་དུས་བཀག

  1. ཉེ་བའི་གཙུག་ལག་རབ་འབྱམས་དང་། ལས་རིགས། ཌིབ་ལོ་མ་བཅས་ཀྱི་སློབ་ཡོན་ཆེད་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༣༡ ཕྱི་དྲོ་ཆུ་ཚོད་ ༥:༠༠ པའི་གོང་འཚང་སྙན་འབུལ་ཟིན་པ་དགོས།
  2. གཙུག་ལག་རབ་འབྱམས་དང་དེ་ཡན་གྱི་སློབ་ཡོན་ཆེད་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༣༡ ཕྱི་དྲོ་ཆུ་ཚོད་ ༥:༠༠ པའི་གོང་འཚང་སྙན་འབུལ་ཟིན་པ་དགོས།

 

སྔོན་མ།
ཕྱི་ལོ་ ༢༠༡༩ ལོའི་ཏཱ་ལའི་བླ་མའི་དགེ་རྩའི་སློབ་ཡོན།
ཕྱི་མ།
བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་། ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ཚོགས་མིས་ལྷོ་ཕྱོགས་སློབ་ཁག་ལ་གཟིགས་སྐོར་གནང་།
Menu