Category Archives: Uncategorized

སྙན་ངག་འགྲན་བསྡུར་གྱི་གྲུབ་འབྲས་གསལ་བསྒྲགས།

༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་སྨྱུག་དཔེ་སྐྲུན་ཁང་དང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་མཉམ་འབྲེལ་གྱིས་བོད་ཀྱི་ཁོར་ཡུག་ཐོག་སྙན་ངག་འགྲན་བསྡུར་གོ་སྒྲིག་ཞུས་པའི་གྲུབ་འབྲས་གཤམ་གསལ།


རིགས་ལམ་བརྒྱུད་ནས་ཚན་རིག་འཁྲིད་ཐབས་ཀྱི་ཟབ་སྦྱོང་སྐོང་ཚོགས་གནང་བ།

༄༅། །བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༦ ནས་ ༢༠ བར་ཉིན་ལྔའི་རིང་སེར་བྱེས་ཡིད་དགའ་ཆོས་གླིང་དུ་ལྷོ་ཕྱོགས་ཁུལ་གྱི་སློབ་གྲྭ་ཁག་དང་། སེ་ར་བྱེས་སྨད་ཀྱི་ལྟ་གྲུབ་དགེ་རྒན་དང་། ཚན་རིག་དགེ་རྒན་རྣམས་ལ་རིགས་ལམ་བརྒྱུད་ནས་ཚན་རིག་ཁྲིད་ཐབས་ཀྱི་ཟབ་སྦྱོང་ཞིག་སྐོང་ཚོགས་གནང་།


བྱང་ཕྱོགས་གཏན་ཉིན་སློབ་གྲྭ་ཁག་གི་ཟློས་དགེ་རྣམས་ཀྱི་པི་ཝང་དང་དལ་ཆེན་ཟབ་སྦྱོང་དབུ་འཛུགས་གནང་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༤ ནས་ ༡༣ བར་ཉིན་གྲངས་བཅུའི་རིང་ཤེས་རིག་སྲོལ་རྒྱུན་ཤེས་ཡོན་ཚན་པ་ནས་གོ་སྒྲིག་འོག་བྱང་ཕྱོགས་གཏན་ཉིན་སློབ་གྲྭ་ཁག་གི་ཟློས་དགེ་རྣམས་ལ་པི་ཝང་དང་། དལ་ཆེན་གྱི་ཟབ་སྦྱོང་ཞིག་དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་ཚེས་ ༤ ཉིན་སྔ་དྲོ་ཆུ་ཚོད་ ༩།༡༥ ཐོག་དབུ་འཛུགས་གནང་།


སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་མཇུག་བསྒྲིལ་བ།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༢༦ ནས་ཟླ་ ༩ ཚེས་༡ བར་གྱི་ཉིན་གྲངས་བདུན་གྱི་རིགས་ལམ་འདུ་འཛོམས་དེ་ཕྱི་ཟླ་ ༩ ཚེས་ ༡ ཉིན་ལེགས་པར་མཇུག་བསྒྲིལ།


ཤེས་རིག་ལས་ཁུངས་ནས་མོན་ཊེ་སོ་རིའི་ལྟ་གྲུབ་དང་མཐུན་པའི་སྔོན་དགེའི་ཆེད་ལས་ཟབ་སྦྱོང་གནང་བ།

༄༅། །འདི་ག་ཤེས་རིག་ལས་ཁུངས་ནས་མོན་ཊེ་སོ་རིའི་ལྟ་གྲུབ་དང་མཐུན་པའི་སྔོན་དགེའི་ཆེད་ལས་ཟབ་སྦྱོང་ཐེངས་གཉིས་པ་གོ་སྒྲིག་གནང་།


སློབ་གྲྭའི་འགན་འཛིན་རྣམས་ལ་དགེ་རྒན་གྱི་ཆེད་ལས་ཡར་རྒྱས་དང་འགོ་ཁྲིད་ཟབ་སྦྱོང་དབུ་འཛུགས་གནང་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༧ ནས་ཟླ་ ༦ ཚེས་ ༡ བར་ཉིན་གྲངས་ ༦ རིང་། འདི་ག་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་དྷ་ས་ཉེ་འགྲམ་དུ་ཡོད་པའི་འཛིན་སྐྱོང་སྦྱོང་བརྡར་དང་བདེ་དོན་ཚོགས་པའི་ཐུ་མི་ཚོགས་ཁང་དུ་སློབ་གྲྭའི་འགན་འཛིན་རྣམས་ལ་དགེ་རྒན་གྱི་ཆེད་ལས་ཡར་རྒྱས་དང་འགོ་ཁྲིད་ཟབ་སྦྱོང་དབུ་འཛུགས་ཀྱི་མཛད་སྒོ་ཚོགས།


ཤེས་རིག་བཀའ་བློན་མཆོག་གིས་སཾ་བྷོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་ཡིག་ཚང་དབུ་འབྱེད་དང་ཤེས་རབ་དགའ་ཚལ་སློབ་གླིང་གི་དགེ་ལས་སློབ་ཕྲུག་ཡོངས་ལ་གསུང་བཤད་གནང་བ།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་གིས་ཤེས་རབ་དགའ་ཚལ་སློབ་གླིང་དུ་ཡོད་པའི་སཾ་བྷོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་ཡིག་ཚང་དབུ་འབྱེད་དང་འབྲེལ། ཤེས་རབ་དགའ་ཚལ་སློབ་གླིང་གི་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་།


ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་ཤི་ལོང་ས་གནས་སུ་འཚམས་གཟིགས་གནང་བ།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་དང་། ཤེས་རིག་ལས་ཁུངས་ཀྱི་ཚན་རིག་ཤེས་ཡོན་འགན་འཛིན་བསྟན་འཛིན་སྐལ་བཟང་ལགས་རྣམ་གཉིས་ཤི་ལོང་ས་གནས་སུ་འཚམས་གཟིགས་གནང་ཡོད།