Category Archives: གསལ་བསྒྲགས།

ཤེས་རིག་དཔར་ཁང་གི་དཔེ་དེབ་དམིགས་བསལ་ཆག་ཡང་དང༌། བོད་ཀྱི་སྲིད་དོན་རྒྱལ་རབས་ཚོང་འགྲེམས་གསལ་བསྒྲགས།

༈ ཤེས་རིག་དཔར་ཁང་གི་དཔེ་དེབ་དམིགས་བསལ་ཆག་ཡང་དང༌། བོད་ཀྱི་སྲིད་དོན་རྒྱལ་རབས། ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱིས་སྦྱར་བའི་གླེགས་བམ་སྟོད་སྨད་གཉིས་སྤུས་ཚོང་ཞུ་རྒྱུ་ཡོད་པའི་གསལ་བསྒྲགས། ཤེས་རིག་དཔར་ཁང་ནས་ཟོག་གཙང་ཆེད་དཔེ་དེབ་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༢ ནས་ ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡༥ བར་དམིགས་བསལ་ཆ་ཡང་བརྒྱ་ཆ་ ༥༠ ཡོད་པའི་གསལ་བསྒྲགས་ཟུར་སྦྱར་ནང༌། ཨང༌། དཔེ་དེབ་མིང༌། མཚོན་རྟགས། དངོས་ཡོན། ཆ་ཡང༌། བཅས་འཁོད་ལྡི་ལི་དཔེ་དེབ་ཁག་གྲངས་ ༦༩ དང༌། རྡ་ས་ཡན་ལག་ཏུ་དདཔེ་དེབ་ཁག་གྲངས་ ༣༧ བཅས་ཡོད། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་པོད་སོ་བདུན་ཅན་ཆ་ཚང་བཀྲིས་ལྷུན་པའི་དཔར་རྩ་ཡིན་པ་སྲོལ་རྒྱུན་ཕྱག་དཔེ་དམིགས་བསལ་དགོངས་བཞེས་ཐོག་ཆ་ཡང་འབུལ་ལམ་ཞུས་ཡོད། བོད་ཀྱི་སྲིད་དོན་རྒྱལ་རབས། ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱིས་སྦྱར་བའི་གླེགས་བམ་སྟོད་སྨད་ཆ་ཚང་ལ་སྒོར། ༦༥༠།༠༠ དང་ཕྱག་དེབ་གྲངས་ ༥༠ ཅན་ཆ་ཚང་སྤུས་གཟིགས་སྡེབ་ཉོ་གནང་མཁན་ཡོད་ཚེ་དམིགས་བསལ་དགོངས་བཞེས་ཀྱི་ཆ་ཚང་རེར་སྒོར། ༤༥༠།༠༠ ཡིན་པ་ཤེས་རིག་དཔར་ཁང་ནས་འགྲེམས་སྤེལ་ཞུ་བཞིན་ཡོད། … finish reading ཤེས་རིག་དཔར་ཁང་གི་དཔེ་དེབ་དམིགས་བསལ་ཆག་ཡང་དང༌། བོད་ཀྱི་སྲིད་དོན་རྒྱལ་རབས་ཚོང་འགྲེམས་གསལ་བསྒྲགས།


ཕྱི་ལོ་ ༢༠༢༠ ལོའི་ UWC Horizon Foundation སློབ་ཡོན་གསལ་བསྒྲགས།

༄༅། །དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གསལ་བསྒྲགས་ཞུ་རྒྱུར། རྒྱ་གར་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ ༡༧ གྱི་མཐོ་སློབ་ནང་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཚད་མཉམ་སློབ་སྦྱོང་ཆེད་ཕྱི་ལོ་ ༢༠༢༠ ལོའི་ UWC Horizon Foundation སློབ་ཡོན་གྱི་གོ་སྐབས་ཡོད་འདུག་ན། ཤེས་རིག་ལས་ཁུངས་ནས་རྒྱ་གར་ནང་རྟེན་གཞི་བྱས་པའི་ UWC ལྷན་ཚོགས་དང་ཟུང་འབྲེལ་ཐོག་རྒྱ་གར་ནང་གི་བོད་རིགས་སློབ་ཕྲུག་འདེམས་སྒྲུག་བྱ་རྒྱུ་ཡིན་པས། སློབ་ཡོན་ཞུ་འདོད་ཡོད་རིགས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༣༠ འགྱངས་མེད་གཤམ་གསལ་སྦྲེལ་མཐུད་ཁ་བྱང་བརྒྱུད་འཚང་སྙན་དང་དགོས་མཁོའི་ཡིག་ཆ་ཁག་དྲྭ་ཐོག་འབུལ་དགོས། https://forms.gle/mG1xastJH8tVoJKd7 སློབ་ཡོན་གྱི་ཆ་རྐྱེན་འོས་ཆོས་དང་དགོས་མཁོའི་ཡིག་ཆ་ཁག་གཤམ་གསལ། འཚང་སྙན་འབུལ་མི་རྣམས་བཙན་བྱོལ་བོད་མི་ཡིན་པའི་ཐོག་དོ་བདག་དང་ཕ་མའི་དཔྱ་དངུལ་ཕྱི་ལོ་ ༢༠༡༨ བར་གཙང་ཕུལ་ཟིན་པ་དགོས། འཚང་སྙན་འབུལ་མི་རྣམས་ལ་རྒྱ་གར་སྐྱབས་བཅོལ་ལག་དེབ་དུས་འགྱངས་བཀའ་འཁྲོལ་ཡོད་པའང་དགོས། གལ་ཏེ་ལོ་ན་མ་ཟིན་པའི་རྐྱེན་གྱིས་ལག་དེབ་བཟོ་མེད་པའང་གསར་བཟོ་ཆེད་ཕུལ་ཡོད་ཚེ་གནས་ཡུལ་ས་གནས་འགོ་འཛིན་ནས་ “འགེངས་ཤོག ཀ” པའི་ཐོག་རྒྱུ་མཚན་ཁ་གསལ་འགོད་དགོས། (འགེངས་ཤོག་དེ་དག་ཞིབ་བཀང་གིས་དྲྭ་ཐོག་བརྒྱུད་འགོད་འབུལ་ཞུ་དགོས།) འཚང་སྙན་འབུལ་མི་གང་ཞིག་འཛིན་རིམ་བཅུ་པའམ་བཅུ་གཅིག་ནས་ཡིན་པའི་ཐོག་ཕྱི་ལོ་ ༢༠༠༢ ཟླ་ ༩ ཚེས་ ༡ ནས་ཕྱི་ལོ་ ༢༠༠༤ … finish reading ཕྱི་ལོ་ ༢༠༢༠ ལོའི་ UWC Horizon Foundation སློབ་ཡོན་གསལ་བསྒྲགས།


ལྡི་ལི་ཤེས་རིག་དཔར་ཁང་དབུས་ལ་སྤྱི་ཁྱབ་རྩིས་པ་གཅིག་གི་ས་སྟོང་གསལ་བསྒྲགས།

༄༅། །ལྡི་ལི་ཤེས་རིག་དཔར་ཁང་དབུས་ཡིག་ཚང་དུ་སྤྱི་ཁྱབ་རྩིས་པ་ཛ་དྲག་དགོས་གལ་གྱིས་ལས་བྱེད་ངོ་མ་ཐོག་ས་མིག་སྟོང་པ་ཡོད་པའི་ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་རིགས་སོ་སོའི་ལག་འཁྱེར་ཡིག་ཆ་ཁག་དང་སྦྲགས་གཤམ་གསལ་ཁ་བྱང་ཐོག་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༥ འགྱངས་མེད་སྙན་ཞུ་དང་མི་ཚེའི་ལོ་རྒྱུས་མདོར་བསྡུས་ཞིག་ Curriculum Vitae སྦྲག་ཐོག་གམ་གློག་འཕྲིན་བརྒྱུད། ཡང་ན། ལྡི་ལི་ཤེས་དཔར་དབུས་ལས་ཁུངས་ལ་ཐད་ཀར་འབུལ་དགོས་རྒྱུ། སྙན་ཞུ་ནང་སོ་སོའི་ཁ་བྱང༌། ཞལ་པར་ཨང༌། གློག་འཕྲིན་ཨང་བཅས་ཁ་གསལ་བཀོད་དགོས་རྒྱུ། གོང་གསལ་དུས་བཀག་རྗེས་སྙན་ཞུ་འབུལ་འབྱོར་རིགས་རང་བཞིན་གྱིས་རྩིས་མེད་ཡིན། ལག་འཁྱེར་ངོ་མ་ཞིབ་བཤེར་ཆེད་དངོས་གཞིའི་རྒྱུགས་སྤྲོད་སྐབས་མཉམ་འཁྱེར་དགོས། ཆ་རྐྱེན་ཚང་བའི་སྙན་འབུལ་ཁག་ལ་ཡིག་རྒྱུགས་དང་ངག་རྒྱུགས་ཀམ་པུ་ཌར་བཅས་འདེམས་རྒྱུགས་ཀྱི་ལམ་ནས་གདམ་རྒྱུ་ཡིན། འདེམས་རྒྱུགས་བྱ་ཡུལ་དང་ཚེས་གྲངས་སྙན་ཞུ་དུས་གཙང་རྗེས་དོ་བདག་སོ་སོར་བརྡ་ལན་སྤྲོད་རྒྱུ་ཡིན། དགོས་མཁོའི་ཆ་རྐྱེན་གཤམ་གསལ། སྤྱི་ཁྱབ་རྩིས་པ་གཙུག་ལག་རབ་འབྱམས་པ་ཐོན་པའི་ལག་འཁྱེར་དགོས་རྒྱུ། (MCom with having Tally(with inventory) & MS office knowledge རྩིས་པའི་ལས་དོན་ཐོག་ཉམས་མྱོང་ལོ་གཅིག་ཆ་ཚང་བྱས་པའི་ལས་ཁུངས་ནས་ངོ་སྦྱོར་དགོས་རྒྱུ། ཕྱི་ལོ་ ༢༠༡༩།༠༣།༣༡ བར་དྭང་བླངས་དཔྱ་དངུལ་ཆ་ཚང་འབུལ་ཟིན་པའི་ཤོག་ངོས་དང་པོ་དང་མཐའ་མའི་འདྲ་བཤུས། རྒྱ་གར་སྐྱབས་བཅོལ་ལག་དེབ་དུས་འགྱངས་ཞུས་པའི་ངོ་བཤུས་དགོས་རྒྱུ། ཕྱི་ལོ་ ༢༠༡༩།༡༡།༡༥ བར་རང་ལོ་ ༤༠ … finish reading ལྡི་ལི་ཤེས་རིག་དཔར་ཁང་དབུས་ལ་སྤྱི་ཁྱབ་རྩིས་པ་གཅིག་གི་ས་སྟོང་གསལ་བསྒྲགས།


ཤེས་རིག་པར་ཁང་གི་ས་མིག་གསལ་བསྒྲགས།

༄༅། །རྡ་ས་ཤེས་རིག་དཔར་ཁང་ཡན་ལག་ཡིག་ཚང་དུ་ཡན་ལག་འགན་འཛིན་ Branch Manager གཅིག་ལས་བྱེད་ངོ་མ་ཐོག་ས་མིག་གཅིག་སྟོང་པ་ཡོད་པའི་ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་རིགས་སོ་སོའི་ལག་འཁྱེར་ཡིག་ཆ་ཁག་དང་སྦྲགས་གཤམ་གསལ་ཁ་བྱང་ཐོག་ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༢༧ འགྱངས་མེད་སྙན་ཞུ་དང་མི་ཚེའི་ལོ་རྒྱུས་མདོར་བསྡུས་ཞིག་ Curriculum Vitae འབུལ་དགོས་རྒྱུ།


ཕྱི་ལོ་ ༢༠༡༩ ལོའི་སྲིད་སྐྱོང་གཟེངས་བསྟོད་གསལ་བསྒྲགས།

ཕྱི་ལོ་ ༢༠༡༨ ཟླ་ ༨ ནས་བཟུང་སྒྲིག་ཞུགས་རིགས་གཅིག་རྐང་འཛིན་ (Ph.D) སློབ་མཐར་ཕྱིན་པའི་བོད་རིགས་སློབ་ཕྲུག་སུ་རུང་ལ་སྲིད་སྐྱོང་གཟེངས་བསྟོད་ལག་འཁྱེར་དང་ལེགས་སྐྱེས་སྒོར་ ༢༠,༠༠༠།༠༠ གནང་རྒྱུ་ཡིན་པས། སྙན་འབུལ་ཡོད་རིགས་ནས་དག་མཆན་འཁོད་པའི་གཤམ་གསལ་ཡིག་ཆ་ཁག་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡༥ ནང་ཚུད་ཤེས་རིག་ལས་ཁུངས་སུ་འབུལ་ཐུབ་པ་དགོས། དོ་བདག་གི་དྭང་བླངས་དཔྱ་དངུལ་ལག་དེབ་ཀྱི་ངོ་ཤོག་དང་པོ་དང་མཐའ་མ་གཉིས་ཀྱི་ངོ་བཤུས། སྒྲིག་ཞུགས་རིགས་གཅིག་རྐང་འཛིན་ཐོན་པའི་ལག་འཁྱེར་གྱི་ངོ་བཤུས། ཉམས་ཞིབ་དཔྱད་རྩོམ་གྱི་ངོ་བཤུས་བཅས། ཆེ་བསྟོད་ཞུ་ཡུལ། དྷ་ས་གཙུག་ལག་ཁང་དུ་ ༢༠༡༩ ཟླ་ ༩ ཚེས་ ༢ ཉིན་མང་གཙོའི་དུས་དྲན་གཞུང་འབྲེལ་མཛད་སྒོའི་སྐབས། སློབ་ཐོན་པ་རྣམས་བྱ་དགའ་ལེན་པར་ཡོང་སྐབས་གྲང་གློག་མེ་འཁོར་ཉལ་ཁྲི་ཉིས་བརྩེགས་ (AC 2 TIER) དང་སྤྱི་འཁོར་ལེགས་གྲས་ཀྱི་ལམ་གྲོན། ཉིན་རེར་ལྟོ་དོད་ཧིན་སྒོར་ ༣༠༠། རེ། ལམ་བར་དགོས་གལ་ཡོད་རིགས་ལ་ཉིན་རེར་ཁང་གླ་མང་མཐར་སྒོར་ ༥༠༠ གནང་རྒྱུ་ཡིན། གོང་གསལ་འགྲོ་གྲོན་ཁག་རྩིས་འཕེར་ཡོང་སླད་ཁང་གླ་དང་། མེ་འཁོར། … finish reading ཕྱི་ལོ་ ༢༠༡༩ ལོའི་སྲིད་སྐྱོང་གཟེངས་བསྟོད་གསལ་བསྒྲགས།


ཕྱི་ལོ་ ༢༠༡༩ ལོའི་ཡིག་འགྲུལ་གྱི་ལམ་ནས་མཐོ་རིམ་སློབ་ཡོན་གསལ་བསྒྲགས།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཡིག་འགྲུལ་ལམ་ནས་སློབ་གཉེར་བྱ་རྒྱུའི་ཆེད་སློབ་ཡོན་ས་མིག་གྲངས་ ༥༠ ཡོད་པའི་གསལ་བསྒྲགས་ཞུ་རྒྱུར། སློབ་ཡོན་འདི་བཞིན་བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་དབུས་ས་གཉིས་ཀྱི་ལས་བྱེད་དང་། ཤེས་རིག་ཁྱབ་ཁོངས་སློབ་གྲྭའི་དགེ་རྒན། ས་རྭ་མཐོ་སློབ་དང་ནོར་གླིང་རིག་གཞུང་སློབ་གཉེར་ཁང་གི་སློབ་ཕྲུག འཛིན་རིམ་བཅུ་གཉིས་ཐོན་རྗེས་མུ་མཐུད་མཐོ་སློབ་ཏུ་བསྐྱོད་རྒྱུའི་གོ་སྐབས་མ་ཐོབ་པའི་རང་རིགས་ན་གཞོན་རྣམས་ལ་སོ་སོའི་ཤེས་ཚད་གོང་མཐོར་གཏོང་ཐབས་ཆེད་ཡིན་པས། སློབ་ཡོན་ཞུ་འདོད་ཡོད་རིགས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༣༡ འགྱངས་མེད་གཤམ་གསལ་སྦྲེལ་མཐུད་ཁ་བྱང་བརྒྱུད་འཚང་སྙན་དང་དགོས་མཁོའི་ཡིག་ཆ་ཁག་དྲྭ་ཐོག་འབུལ་དགོས། https://forms.gle/tRLf1Yq9XrJgtRz4A དགོས་མཁོའི་ཡིག་ཆ་ཁག་གཤམ་གསལ། འགེངས་ཤོག་ “ཀ” པ་ཞིབ་བཀང་གིས་ས་གནས་འགོ་འཛིན་ནས་དག་མཆན་ཞུ་དགོས། ད་ལྟ་ཕྱག་ལས་གནང་ཡུལ་གྱི་ལས་ཁུངས་སམ་སློབ་གྲྭའི་འཛིན་སྐྱོང་ནས་དགག་ཆ་མེད་པའི་ངོས་སྦྱོར་ཞུ་དགོས་པ་དང་། ངོས་སྦྱོར་ནང་ཞབས་ལོའི་དུས་ཡུན་ཁ་གསལ་དགོས་རྒྱུ། ཤེས་ཚད་མཐོ་ཤོས་ཀྱི་ཨང་ཐོབ་ཤོག་ལྷེའི་ངོ་བཤུས་ཐོག་ས་གནང་འགོ་འཛིན་དང་། ཡང་ན་དབུས་བོད་མི་སྒྲིག་འཛུགས་ཀྱི་ཟུང་དྲུང་གནས་རིམ་ཡན་གྱི་སྲི་ཞུ་ལས་བྱེད་གང་རུང་ནས་ཞིབ་བཤེར་གནང་བའི་དག་མཆན་ངེས་འགོད་བྱ་དགོས། སྡེ་ཚན་ཁག་ལ་སློབ་ཡོན་ཆ་བགོས། ཀ༽ བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་དབུས་ས་གཉིས་ཀྱི་ལས་བྱེད་ཆེད་ས་མིག་ ༡༥ ནས་བུད་མེད་ཆེད་ཟུར་བཅད་ས་མིག་ ༥ ཡོད། ཁ༽ ཤེས་རིག་ཁྱབ་ཁོངས་སློབ་གྲྭའི་དགེ་རྒན་ཆེད་ས་མིག་ ༡༥ ནས་བེུད་ཆེད་ཟུར་བཅད་ས་མིག་ ༥ ཡོད། ག༽ སྭ་ར་མཐོ་སློབ་དང་ནོར་གླིང་རིག་གཞུང་སློབ་གཉེར་ཁང་གི་སློབ་ཕྲུག་ཆེད་ས་མིག་ ༡༠ … finish reading ཕྱི་ལོ་ ༢༠༡༩ ལོའི་ཡིག་འགྲུལ་གྱི་ལམ་ནས་མཐོ་རིམ་སློབ་ཡོན་གསལ་བསྒྲགས།


ཕྱི་ལོ་ ༢༠༡༩ ལོའི་སློབ་མཚམས་འཇོག་མིར་སློབ་ཡོན་གསལ་སྒྲགས།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་འཛིན་རིམ་བཅུ་གཉིས་ཚན་རིག་སློབ་ཚན་ཐོན་སྟེ་ལོ་གཅིག་གི་རིང་སློབ་མཚམས་འཇོག་མཁན་སློབ་ཕྲུག་གྲངས་ ༡༠ ལ་ཕྱི་ལོ་ ༢༠༢༠ ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་སྨན་པ་ MBBS དང་ Engineering གཉིས་ཀྱི་ཚུད་རྒྱུགས་གྲ་སྒྲིག་གི་སློབ་ཡོན་གནང་རྒྱུ་ཡིན་པ་དང་། འཚང་སྙན་རྣམས་གཤམ་གསལ་དྲ་ལམ་སྦྲེལ་ཐག་བརྒྱུད་ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༣༡ འགྱངས་མེད་འབུལ་ལམ་ཞུས་ཟིན་པ་དགོས་པའི་གསལ་བསྒྲགས་ཞུ་རྒྱུ། སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན་ཁག་གཤམ་གསལ། ཤེས་རིག་སློབ་ཡོན་འགེངས་ཤོག་ ༼ཀ་པ།༽ ཞིབ་བཀང་གིས་འབྲེལ་ཡོད་ས་གནས་འགོ་འཛིན་ནས་དག་མཆན་དགོས་རྒྱུ། འཛིན་རིམ་བཅུ་པ་དང་བཅུ་གཉིས་ NEET/JEE བཅས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ཨང་ཤོག་གི་ངོ་བཤུས་མཉམ་འབུལ་དགོས་རྒྱུ། འཛིན་རིམ་བཅུ་གཉིས་ཚན་རིག་དང་ཨང་རྩིས་ PCM/PCB གཉིས་ཀྱི་གྲུབ་འབྲས་ཉུང་མཐར་བརྒྱ་ཆ་ ༦༠ ལོན་པ་དགོས། ཕྱི་ལོ་ ༢༠༡༩ ལོར་ཐོན་པའི་སློབ་ཕྲུག་རྣམས་ལ་དམིགས་བསལ་དགོངས་བཞེས་གནང་རྒྱུ། འཚང་སྙན་འབུལ་མི་གང་ཞིག་འཛིན་རིམ་བཅུ་པ་བར་བོད་པའི་སྐད་ཡིག་ཐོག་སློབ་སྦྱོང་བྱས་པའམ། ཡང་ན། དེ་དང་ཚད་མཉམ་བོད་ཡིག་ཡིག་རྒྱུགས་ནང་ཞུགས་མྱོང་བ་ཞིག་དགོས་རྒྱུ། སློབ་ཕྲུག་སོ་སོ་ནས་སློབ་མཚམས་བཞག་དགོས་པའི་རྒྱུ་མཚན་ཁ་གསལ་ཤོག་ངོས་གཅིག་བྲིས་ཏེ་འབུལ་དགོས། སློབ་ཡོན་ཞུས་ཐོབ་རྗེས་རྒྱུ་མཚན་ཡང་དག་མེད་པར་སློབ་མཐར་མ་བྱུང་ཚེ་སློབ་ཡོན་འགྲོ་གྲོན་ཕྱིར་སློག་དགོས་རྒྱུ། སློབ་ཡོན་དངུལ་འབོར། སློབ་ཡོན་མཐོ་ཚད་འབུམ་གཅིག་བར་གནང་རྒྱུ། For … finish reading ཕྱི་ལོ་ ༢༠༡༩ ལོའི་སློབ་མཚམས་འཇོག་མིར་སློབ་ཡོན་གསལ་སྒྲགས།


ཕྱི་ལོ་ ༢༠༡༩ ལོའི་ཤེས་རིག་དང་ཏཱ་ལའི་བླ་མའི་དགེ་རྩའི་སློབ་ཡོན་ཐོབ་པའི་སློབ་ཕྲུག་གི་མིང་གཞུང་།

མིང་གཞུང་ཞིབ་ཕྲ་གཤམ་གསལ།