Author Archives: Sherig Dragya

བྱིས་སྒྲུང་བོད་སྒྱུར་ཞུས་པ་ཁག་ཅིག་ལ་བསྐྱར་ཞིབ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༠ ནས་ ༡༢ བར་ཉིན་གསུམ་རིང་འདི་ག་ཤེས་རིག་ལས༌ཁུངས་ནས་ས་རཱ་མཐོ་སློབ་ཏུ་བྱིས་པའི་ཀློག་རྩལ་ལས་གཞིའི་འོག བོད་སྒྱུར་དང་རྩོམ་སྒྲིག་ཞུས་པའི་བྱིས་སྒྲུང་ཁག་ཅིག་གི་བསྐྱར་ཞིབ་ཚོགས་འདུ་ཚོགས།

Posted in གསར་འཕྲིན། | Comments Off on བྱིས་སྒྲུང་བོད་སྒྱུར་ཞུས་པ་ཁག་ཅིག་ལ་བསྐྱར་ཞིབ།

གཞི་རིམ་འོག་མ་དང་བར་མའི་སློབ་ཚན་གཞན་གྱི་དགེ་རྒན་གྱི་བོད་ཡིག་ཡར་རྒྱས་ཟབ་སྦྱོང་།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༡ ནས་ ༢༥ བར་ཉིན་བཅོ་ལྔ་རིང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་གཞི་རིམ་འོག་མ་དང་བར་མའི་སློབ་ཚན་གཞན་གྱི་དགེ་རྒན་གྱི་བོད་ཡིག་ཡར་རྒྱས་ཆེད་ཟབ་སྦྱོང་ཞིག་དབུ་འཛུགས་གནང་།

Posted in གསར་འཕྲིན། | Comments Off on གཞི་རིམ་འོག་མ་དང་བར་མའི་སློབ་ཚན་གཞན་གྱི་དགེ་རྒན་གྱི་བོད་ཡིག་ཡར་རྒྱས་ཟབ་སྦྱོང་།

ཤེས་རིག་བརྡ་ཆད་ཚན་པས་བཀོལ་སྤྱོད་མཉེན་ཆས་གསར་པ་དང་བརྡ་ཆད་དེབ་ཕྲེང་ ༡༢ དབུ་འབྱེད་གནང་།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༦ རེས་གཟའ་ཕུར་བུ་ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་འདི་ག་ཤེས་རིག་བརྡ་ཆད་ཚན་པའི་གོ་སྒྲིག་དང་ཌེན་མཱརྐ་གཞུང་གི་ཌ་ནི་ཌ་ DANIDA རོགས་ཚོགས་ཀྱི་མཐུན་འགྱུར་འོག་ཤེས་རིག་བརྡ་ཆད་ཚན་པས་བརྡ་ཆད་རྣམས་ལག་ཐོགས་ཁ་པར་དང་ཀམ་པུ་ཊར་ཐོག་ལྟ་ཀློག་ཐུབ་ཆེད་བཀོལ་སྤྱོད་མཉེན་ཆས་ TibTerm ཞེས་པ་ཞིག་དང་། བརྡ་ཆད་དེབ་ཕྲེང་བཅུ་གཉིས་ཀྱི་དབུ་འབྱེད་མཛད་སྒོ་ཞིག་བསྐངས།

Posted in གསར་འཕྲིན། | Comments Off on ཤེས་རིག་བརྡ་ཆད་ཚན་པས་བཀོལ་སྤྱོད་མཉེན་ཆས་གསར་པ་དང་བརྡ་ཆད་དེབ་ཕྲེང་ ༡༢ དབུ་འབྱེད་གནང་།

ཕྱི་ལོ་ ༢༠༢༠ ལོའི་ Global Leadership Incubator (GLI) སློབ་ཡོན་གསལ་བསྒྲགས།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གསལ་བསྒྲགས་ཞུ་རྒྱུར། ཨ་རིའི་མཐོ་སློབ་ཁག་ནང་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་ཆེད་ཕྱི་ལོ་ ༢༠༢༠ ལོའི་ Global Leadership Incubator (GLI) སློབ་ཡོན་གྱི་གོ་སྐབས་ཡོད་འདུག་ན། སློབ་ཡོན་ཞུ་འདོད་ཡོད་རིགས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༣༡ ཕྱི་དྲོ་ཕྱག་ཚོད་ ༥ འགྱངས་མེད་གཤམ་གསལ་དྲྭ་ལམ་སྦྲེལ་ཐག་བརྒྱུད་འཚང་སྙན་ཕུལ་ཟིན་པ་དགོས། https://forms.gle/pjrCf6wMdUaJXvVy7 སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན་དང་དགོས་མཁོའི་ཡིག་ཆ་ཁག་གཤམ་གསལ། འཚང་སྙན་འབུལ་མི་རྣམས་བཙན་བྱོལ་བོད་མི་ཡིན་པ་གང་ཞིག་དོ་བདག་དང་ཕ་མའི་དྭང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༡༩ བར་གཙང་འབུལ་ཟིན་པ་དགོས། རྒྱ་གར་དུ་གནས་སྡོད་བྱེད་མཁན་ཡིན་ན་སྐྱབས་བཅོལ་ལག་དེབ་དུས་འགྱངས་བཀའ་འཁྲོལ་ཡོད་པ་དགོས། དེའི་ཐད་ཞིབ་ཕྲའི་གནས་ཚུལ་ཁག་”འགེངས་ཤོག-ཀ”པའི་ནང་ཁ་གསལ་བཀང་སྟེ་རང་ཉིད་གནས་ཡུལ་གྱི་ས་གནས་འགོ་འཛིན་ནས་དག་མཆན་ཞུ་དགོས། (“འགེངས་ཤོག-ཀ”པ་འབུལ་དགོས།) ཕྱི་ལོ་ ༢༠༡༩ ལོར་འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་ཕྲུག་ཅིག་ཡིན་དགོས་ལ་ཡིག་རྒྱུགས་ཀྱི་གྲུབ་འབྲས་བརྒྱ་ཆ་ ༧༥ དང་དེ་ཡན་ལོན་པ་ཞིག་དགོས། (འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཨང་ཤོག་འབུལ་དགོས།) འཚང་སྙན་འབུལ་མི་རྣམས་འཛིན་རིམ་བཅུ་པ་བར་བོད་ཡིག་སློབ་སྦྱོང་བྱས་པ་ཞིག་དགོས། ཡང་ན། ཕྱི་ལོ་༢༠༡༩ ཟླ་ ༦ ཚེས་ ༡༠ … finish reading ཕྱི་ལོ་ ༢༠༢༠ ལོའི་ Global Leadership Incubator (GLI) སློབ་ཡོན་གསལ་བསྒྲགས།

Posted in གསལ་བསྒྲགས། | Comments Off on ཕྱི་ལོ་ ༢༠༢༠ ལོའི་ Global Leadership Incubator (GLI) སློབ་ཡོན་གསལ་བསྒྲགས།

ཕྱི་ལོ་ ༢༠༡༩ ལོའི་སྲིད་སྐྱོང་ཆེད་ལས་སློབ་ཡོན་གསལ་བསྒྲགས།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཨ་རི་བོད་ཀྱི་ཐེབས་རྩ་དང་ཟུང་འབྲེལ་ཐོག་སྲིད་སྐྱོང་ཆེད་ལས་སློབ་ཡོན་གསལ་བསྒྲགས་ཞུ་རྒྱུར། སློབ་ཡོན་འདི་བཞིན་ཤེས་རིག་ལས་ཁུངས་བརྒྱུད་ཨ་རི་བོད་ཀྱི་ཐེབས་རྩ་ནས་རྒྱ་བལ་འབྲུག་གསུམ་ནང་གི་བོད་རིགས་སློབ་མ་རྩེ་ཕུད་བཞི་ལ་རྒྱ་གར་གྱི་མཐོ་སློབ་ལེགས་གྲས་ཁག་ནང་སྨན་དང་། ཁྲིམས། ཚོང་ལས་བཅས་ཀྱི་སློབ་ཚན་ཐོག་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་བྱ་རྒྱུའི་ཆེད་རོགས་སྐྱོར་གནང་རྒྱུ་ཡིན་པ་ལགས་ན། དེ་དོན་སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན་ཚང་རིགས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༣༡ ཕྱི་དྲོ་ཕྱག་ཚོད་ ༥ འགྱངས་མེད་གཤམ་གསལ་དྲྭ་ལམ་སྦྲེལ་ཐག་བརྒྱུད་འཚང་སྙན་ཕུལ་ཟིན་པ་དགོས། དྲྭ་ཐག་འདི་བརྒྱུད་ནས་འཚང་སྙན་འབུལ་དགོས། གཙུག་ལག་རབ་འབྱམས་པའི་སློབ་ཚན་ཁག MD (Doctor of Medicine), MDS (Master of Dental Surgery) LLM (Master of Law) MBA (Master of Business Administration) སློབ་ཡོན་ཚད་གཞི། ཀ སློབ་ཡོན་དོད། སློབ་ཡོན་དོད་འབིལ་འཛིན་གཞིར་བཟུང་མང་མཐར་ཧིན་སྒོར་ ༢༠༠,༠༠༠། (འབུམ་གཉིས་) … finish reading ཕྱི་ལོ་ ༢༠༡༩ ལོའི་སྲིད་སྐྱོང་ཆེད་ལས་སློབ་ཡོན་གསལ་བསྒྲགས།

Posted in གསལ་བསྒྲགས། | Comments Off on ཕྱི་ལོ་ ༢༠༡༩ ལོའི་སྲིད་སྐྱོང་ཆེད་ལས་སློབ་ཡོན་གསལ་བསྒྲགས།

སློབ་གྲྭའི་འགན་འཛིན་རྣམས་ལ་དགེ་རྒན་གྱི་ཆེད་ལས་ཡར་རྒྱས་དང་འགོ་ཁྲིད་ཟབ་སྦྱོང་དབུ་འཛུགས་གནང་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༧ ནས་ཟླ་ ༦ ཚེས་ ༡ བར་ཉིན་གྲངས་ ༦ རིང་། འདི་ག་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་དྷ་ས་ཉེ་འགྲམ་དུ་ཡོད་པའི་འཛིན་སྐྱོང་སྦྱོང་བརྡར་དང་བདེ་དོན་ཚོགས་པའི་ཐུ་མི་ཚོགས་ཁང་དུ་སློབ་གྲྭའི་འགན་འཛིན་རྣམས་ལ་དགེ་རྒན་གྱི་ཆེད་ལས་ཡར་རྒྱས་དང་འགོ་ཁྲིད་ཟབ་སྦྱོང་དབུ་འཛུགས་ཀྱི་མཛད་སྒོ་ཚོགས།

Posted in Uncategorized | Comments Off on སློབ་གྲྭའི་འགན་འཛིན་རྣམས་ལ་དགེ་རྒན་གྱི་ཆེད་ལས་ཡར་རྒྱས་དང་འགོ་ཁྲིད་ཟབ་སྦྱོང་དབུ་འཛུགས་གནང་བ།

ཕྱི་ལོ་ ༢༠༡༩ ལོའི་ཨ་རི་བོད་མིའི་སློབ་ཡོན་ཐོབ་མཁན་རྣམས་ལ་སྔོན་འགྲོའི་རྒྱུས་སྟོན་གནང་།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༤ ནས་ ༢༥ བར་ཉིན་གྲངས་གཉིས་རིང་འདི་ག་ཤེས་རིག་ལས་ཁུངས་ཀྱི་ཚོགས་ཁང་ནང་ཕྱི་ལོ་ ༢༠༡༩ ལོའི་ཨ་རི་བོད་མིའི་སློབ་ཡོན་བཞེས་མཁན་གྲངས་ ༨ ལ་སྔོན་འགྲོའི་རྒྱུས་མངའ་ལམ་སྟོན་གྱི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། མཛད་སྒོའི་སྟེང་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་དང་། ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས། ཨ་རི་བོད་ཀྱི་ཐེབས་རྩ་ཁང་གི་འབྲེལ་མཐུད་པ་བསྟན་འཛིན་ཆོས་འཕེལ་ལགས། ཤེས་རིག་སློབ་ཡོན་ཚན་པའི་འགན་འཛིན་བཅས་ཕེབས་ཡོད།

Posted in གསར་འཕྲིན། | Comments Off on ཕྱི་ལོ་ ༢༠༡༩ ལོའི་ཨ་རི་བོད་མིའི་སློབ་ཡོན་ཐོབ་མཁན་རྣམས་ལ་སྔོན་འགྲོའི་རྒྱུས་སྟོན་གནང་།

བཙན་བྱོལ་བོད་མིའི་སློབ་སྡེ་ཁག་གི་ཆེས་མཐོའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོ་བསྐོང་ཚོགས་གནང་།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༣ རེས་གཟའ་ཕུར་བུ་ཉིན། འདི་ག་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་དང་ཌེན་མཱརྐ་གཞུང་གི་ཌ་ནི་ཌ་ DANIDA རོགས་ཚོགས་ཀྱི་མཐུན་འགྱུར་འོག་ཤེས་རིག་ཚོགས་ཁང་དུ་ཉིན་གྲངས་གཅིག་རིང་བཙན་བྱོལ་བོད་མིའི་སློབ་སྡེ་ཁག་གི་ཆེས་མཐོའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོ་བསྐོང་ཚོགས་གནང་ཡོད།

Posted in གསར་འཕྲིན། | Comments Off on བཙན་བྱོལ་བོད་མིའི་སློབ་སྡེ་ཁག་གི་ཆེས་མཐོའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོ་བསྐོང་ཚོགས་གནང་།