[toc]

དུས་ཚོད་ཀྱི་རིན་ཐང༌།(ཨང་དང་པོ།)

དོན་གྲུབ། གྷོ་པལ་སྤུར་བོད་ཁྱིམ།

༄༅།། དུས་ཚོད་འདས་ན་འདས་པ་ལས་ཕྱིར་ལོག་བྱ་རྒྱུ་མེད་དུས་དེ་བས་དེ་ལ་དམ་འཛིན་དང་གཅེས་སྤྲས་བྱ་རྒྱུ་ནི་ཨ་ཡོད་ནང་གི་ད་ཡོད་སྒོ་ངའི་ནང་གི་སེར་རིལ་ཡིན།
    དུས་ཚོད་ཅེས་པའི་ཚིག་འབྲུ་གཉིས་པོ་འདི་མེ་སྒྱོགས་དང་མེ་མདའི་སོ་ཁ་ན་ཡོད་པའི་དུས་རབས་འདི་དང་གདོད་མའི་དུས་རབས་ལ་ཆ་བཞག་ནས་ཁ་ལྕེ་བདེ་པོ་ཙམ་མ་ཡིན་པར་སྨྲས་ན་རིན་ཐང་ཆེན་པོ་དང་གལ་འགངས་ཆེན་པོ་ཞིག་ཡིན་པ་ང་ཚོའི་མིག་ལམ་དུ་མངོན་ཐུབ། དེ་ཉིད་གཙིགས་ཆེན་དུ་བཟུང་ནས་སྐྱིད་འདོད་བག་ཡངས་ཀྱི་གནས་སྐབས་ཐམས་ཅད་རིང་དུ་དོར་ཏེ་གོ་སྐབས་ནམ་ཡང་ཡང་བསྐྱར་ཕྱིར་སློག་བྱེད་ཐབས་མེད། བསམ་བཞིན་རིན་ཐང་འཕར་མ་ཞིག་སྤྲད་དེ་རང་གི་འདོད་བློ་བཞིན་ལས་དོན་ནང་ཞུགས་ཚགས་ཚུུད་པོ་ཞིག་དང་ལས་སླ་པོའི་ངང་བསྒྲུབ་ཐུབ།
    ང་ཚོ་སྟེ་བོད་རྒྱལ་ཁབ་དུས་རབས་དྲུག་པ་དང་བདུན་པ་ཡས་མས་སུ་ཤར་ཕྱོགས་རྒྱལ་ཁབ་དབུས་ན་གྲགས་པ་ཆེ་ཆེར་འབར་ཅིང་རྒྱལ་དར་ལྷབ་ལྷུབ་དུ་གཡོ་ཐུབ་པ་བྱུང་བ་དེ། དེའི་ཚེ་དེའི་དུས་ཀྱི་ཆབ་འབངས་ཚོས་དུས་དང་མཐུན་པའི་ཞབས་བྲོ་བརྒྱབ་ཐུབ་པ་དང༌། དུས་ཚོད་ཀྱི་རིན་ཐང་ཤེས་པ་ལས་བྱུང་བ་ཞིག་རེད་མ་གཏོགས་དེ་ལ་དམ་འཛིན་དང་སྲུང་བརྩི་མ་བྱས་པ་ལས་བྱུང་བསྡད་པ་ཞིག་གང་འདྲ་ཞིག་གི་ཐོག་ནས་འགྲེལ་བཤད་བསྐྱོན་ཀྱང་ཡོང་མི་སྲིད་པ་ཞིག་ཡིན། དེའི་དུས་མི་རྣམས་སྟོབས་འབྱོར་མངའ་ཐང་རྒྱས་པ་ཙམ་མ་ཟད་ནང་སེམས་ཞི་བདེའི་ངང་བག་ཕེབས་ཀྱི་འཚོ་བ་སྐྱེལ་ཐུབ་ཀྱི་ཡོད། ཡིན་ནའང་དུས་ནི་མི་འགྱུར་མི་རྣམས་འགྱུར་ཞེས་གསུངས་པ་བཞིན་རིམ་པས་བོད་མི་ནང་ཁུལ་རྡོག་རྩ་གཅིག་སྒྲིལ་མ་བྱུང་བའི་རྐྱེན་གྱིས་ ༡༩༥༩ ལོར་ཚ་ཚ་འུར་འུར་གྱིས་རྒྱ་དམར་དམག་དཔུང་གིས་བོད་ལ་འཇབ་རྒོལ་བྱས་ཤིང་གནའ་རབས་ཡུན་རིང་ལོ་རྒྱུས་ལྡན་པའི་དགོན་སྡེ་སྟོང་ཕྲག་གཏོར་བཅོམ་དང༌། བོད་མི་རྩམ་ཟན་ས་ཡ་གཅིག་དང་ཕྱེད་ཀ་ལྷག་མི་འདོད་བཞིན་གཅེས་པའི་རང་སྲོག་རྒྱ་ལག་ཏུ་ཤོར། དེ་བཞིན་བཤེས་གཉེན་དམ་པས་གཙོས་ལྷ་སྐུ་རྟེན་གསུམ་མེར་བསྲེགས་དགོས་བྱུང་ཡོད་པ་དེས་དུས་ཚོད་ཀྱི་རིན་ཐང་རྡོག་རོལ་དུ་བཏང་བ་ལས་བྱུང་རྐྱེན། སྐྱིད་པའི་ཕ་ཡུལ་དང་སྤུན་མཆེད་སོགས་དང་བྲལ་ཏེ་མི་ཡུལ་གྱི་སྒོར་འགྲིམ་དགོས་པའི་རྒྱུ་རྐྱེན་དེ་ཉིད་ལ་ཐུག་ཡོད་པར་ངོས་འཛིན་བྱེད་ཆོག་པ་ཡིན།
    འདི་ལྟར་དུས་ཀྱི་འཚོ་བར་རོལ་བཞིན་འཛམ་གླིང་གི་འཕོ་འགྱུར་དང་འཕེལ་རྒྱས་སོགས་མཐོང་དུས་མཚམས་མཚམས་སུ་རང་བཞིན་མེད་པ་སེམས་ལ་སྐྱོ་བ་སྐྱེས་ཤིང་མིག་ནས་མཆི་མ་དབང་མེད་དུ་ཤོརཡོང་གི་འདུག་ལ། ང་ཚོ་བོད་རྒྱལ་ཁབ་ད་དུང་ཆེས་གདུག་རྩུབ་དང་མུན་ནག་གི་གནས་ནས་ནུབ་ཕྱོགས་རྒྱལ་ཁབ་སྤྱིར་མཚུངས་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་མི་ཐུབ་པ་གང་ཡིན་ནམ་སྙམ་པའི་དྲི་རྟགས་ཆེན་པོ་ཞིག་གིས་ལུས་སེམས་ཡོངས་སུ་ནོན་པར་བྱེད། བསམ་བློ་ཞིབ་ཏུ་གཏོང་དུས་སྐབས་དེར་ང་ཚོས་དུས་ཚོད་ཀྱི་རིན་ཐང་མ་ཤེས་པ་ལས་བྱུང་བ་རེད་མ་གཏོགས་ང་ཚོ་སྐྱོ་བོ་དང་ཞན་པོ་མ་ཡིན་པ་ཤེས་བྱུང༌། ང་ཚོས་དུས་ཚོད་ཀྱི་རིན་ཐང་ཤེས་པའི་ཐོག་ལས་ཀ་གནང་ན་མི་འགྲུབ་པ་གཅིག་ཀྱང་ཡོད་མ་རེད་བསམ་གྱི་འདུག་ལ། ཕྱིའི་རྒྱལ་ཁབ་སྤྱི་མཚུངས་ཟླ་བ་དང་གཟའ་སྐར་གྱི་དཀྱིལ་འཁོར་ནང་བསྐྱོད་མི་ཐུབ་པ་གང་ཡང་མི་འདུག གང་ལགས་ཞེས་ན་ཁོང་ཚོར་དབང་པོ་ལྔ་ཡོད་པ་དེ་གཅིག་ཀྱང་མ་ལུས་པ་ང་ཚོར་ཡང་ཡོད་ཡོད་པ་ཡིན་དུས་སྟག་མཆོང་སར་ལུག་མཆོང་མི་ཐུབ་པ་གང་ཡང་ཨ་ཡོད་བསམ་གྱི་འདུག ང་ཚོའི་ཞན་ཆ་གཙོ་བོ་ནི་ལས་ཀ་ག་རེ་བྱས་ཀྱང་དེ་རིང་གི་ལས་ཀ་སང་ཉིན་བསྐྱལ་སང་ཉིན་གྱི་ལས་དོན་གནངས་ཉིན་ལ་བསྐྱལ་གང་ཐུབ་ཀྱིས་དུས་ཚོད་འབུད་རྒྱག་བརྒྱབ་ཀྱི་ཡོད་དུས་ཡར་རྒྱས་ཀྱི་འཕར་རྩ་ལྡིང་མི་ཐུབ་པ་དེ་ཤེས་ཐུབ། དཔེར་ན། ཤིང་སྡོང་ཐེག་པོ་དང་ཡག་པོ་དེ་བཞིན་འདྲོང་པོ་ཆགས་རྒྱུར་རྩ་བ་དེ་གལ་ཆེན་པོ་ཡིན་པ་བཞིན་མི་ཞིག་དང་སྤྱི་ཚོགས་ཤིག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུར་དུས་ཚོད་ནི་དེ་བས་གལ་ཆེའི་དོན་ཆེན་ཡིན། ཕྱི་རྒྱལ་གྱི་མི་སེར་ཚོས་དུས་ཚོད་ནི་རང་ཉིད་ཀྱི་སྲོག་ལས་གཅེས་པ་དང་དམ་འཛིན་བྱས་པར་བརྟེན་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཆགས་པ་དང་ང་ཚོ་དང་བསྡུར་ན་གནམ་ས་ལྟ་བུའི་ཁྱད་པར་ཡོད་པ་དེའང་དུས་ཚོད་ཀྱི་རྐྱེན་ལས་མྱུ་གུ་གཅིག་ལས་བྱུང་ཡང་འཕེལ་རྒྱས་དང་མཚར་ལོང་ཀྱི་རང་བཞིན་ཁག་ཁག་ཡིན། ཁོང་ཚོས་དུས་ཚོད་དམ་འཛིན་དང་ང་ཚོས་དུས་ཚོད་བེད་སྤྱོད་བྱེད་སྟངས་ཁྱད་པར་དབྱེ་སྟེ་སློབ་སྦྱོང་དང་འཚོ་བའི་དགོས་མཁོ་འཚོལ་སྒྲུབ་བྱ་ཐུབ་ཚེ་ཕྱིས་སུ་འགྱུར་ལྡོག་ཆེན་པོ་བྱུང་ནས་དུས་ཚོད་ཀྱི་རིན་ཐང་ཤེས་པའི་སྒོ་ནས་ཞུམ་པ་མེད་པའི་ངང་བོད་མི་སྤྱི་བོ་གནམ་བསྟན་ཀུན་ལ་སེམས་ཤུགས་འཕར་མ་ཞིག་སྐྱེ་བ་ཙམ་མ་ཟད་ངས་དུས་ཚོད་འཕྲོ་བརླག་བཏང་ཚེ་བོད་མི་རིགས་ཀྱི་དུས་ཚོད་དོན་མེད་དུ་བཏང་བ་རེད་བསམ་པའི་ཚོར་ཤུགས་ཤིག་ངམ་ངམ་ཤུགས་ཀྱིས་སླེབས་ཐུབ།
    མཐའ་དོན་ཤ་ཁྲག་གདུང་རྒྱུད་གཅིག་ལས་མཆེད་པའི་སྤུན་ཟླ་ཚོས་དུས་ཚོད་ནི་དངུལ། དུས་ཚོད་ནི་གསེར། དུས་ཚོད་ནི་ཆུ་ཡིན་པ་ཤེས་པའི་ཐོག་དཔུང་པ་མཉམ་གཤིབས་ཀྱིས་རྒྱ་དམར་འོག་ལུས་པའི་གཞིས་ལུས་སྤུན་ཟླ་ཚོའི་ཁྲག་དང་སྡུག་བསྔལ་གྱི་མིག་ཆུ་རླབས་ལྟར་འགྲོ་བའི་གནས་དེ་ན་ཁོང་ཚོས་ང་ཚོར་རེ་སྒུག་བྱེད་བཞིན་ཡོད། གངས་ཕྲུག་ཚོ།
ཞན་ཆ།     དེ་ལ་གཙིགས་ཆེན་དུ། དེ་ཉིད་གཙིགས་ཆེན་དུ། ཚགས་ཚུབ། ཚགས་ཚུད། འདམ་འཛིན། དམ་འཛིན། རྒྱ་དམར་དམག་དཔུང་གི། རྒྱ་མིའི་དམག་དཔུང་གི། དོན་རྐྱེན་ཀྱང༌། རྒྱུ་རྐྱེན་ཡང༌། ཡིན་ནམ་བསྙམ། ཡིན་ནམ་སྙམ། བསམ་བློ་ཡག་པོ་ཞིག་གཏོང་དུས། བསམ་བློ་ཞིབ་ཏུ་གཏོང་དུས། མི་བསྒྲུབ་པ་གཅིག་ཀྱང༌། མི་འགྲུབ་པ་གཅིག་ཀྱང༌། རྟག་འཆོང་སར། སྟག་འཆོང་སར། ནངས་ཉིན་ལ་བསྐྱལ་གང་ཐུབ་ཀྱི་དུས་ཚོད་འབུད་རྒྱག་བརྒྱབ་ཀྱི་ཡོད། གནངས་ཉིན་ལ་བསྐྱལ་གང་ཐུབ་ཀྱིས་དུས་ཚོད་འབུད་རྒྱག་བརྒྱབ་ཀྱི་ཡོད། ཡར་རྒྱས་ཀྱི་འཕར་རྩ་འདིར་མི་ཐུབ་པ་དེ་ཤེས་ཐུབ། ཡར་རྒྱས་ཀྱི་འཕར་རྩ་ལྡིང་མི་ཐུབ་པ་དེ་ཤེས་ཐུབ། ཁོ་ཚོའི་འདམ་འཛིན་དང༌། ཁོ་ཚོས་དུས་ཚོད་དམ་འཛིན་དང༌། སྡུག་བསྔལ་གྱིས་མིག་ཆུ། སྡུག་བསྔལ་གྱི་མིག་ཆུ། འཚར་ལོངས། མཚར་ལོང་ གཙིགས་ཆེན་དུ་འཛིན་ནས། གཙིགས་ཆེན་དུ་བཟུང་ནས། རྡོག་རྩ་གཅིག་འབྲེལ། རྡོག་རྩ་གཅིག་སྒྲིལ། དུས་རྣམས་མི་འགྱུར་མི་རྣམས་འགྱུར། དུས་ནི་མི་འགྱུར་མི་རྣམས་འགྱུར། ཕྱི་རྒྱལ་ཁབ། ཕྱིའི་རྒྱལ་ཁབ།

དུས་ཚོད་ཀྱི་རིན་ཐང༌།(ཨང་གཉིས་པ།)

པ་སངས་བསྟན་འཛིན། རྡ་སྟེང་བོད་ཕྲུག་ཁྱིམ་སྡེ།

༄༅།། སྐྱོན་གྱི་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱི་དབུ་ལ་བརྒྱན། །
བྱམས་དང་བརྩེ་བས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །

    ཅེས་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས། དེ་རིང་དྲང་བདེན་གྱི་དཔྱད་རྩོམ་ཞིག་འབྲི་བ་ལ། བརྗོད་བྱ་གཙོ་བོར་གྱུར་བའི་དུས་ཚོད་ཀྱི་རིན་ཐང་ནི་གསེར་དང་འདྲ་བའི་དཔེ་བཞིན། དུས་ཚོད་ཀྱིས་སུ་ལ་དགྲ་གཉེན་དང་གྲོགས་ཕོ་མོ་ཡི་དབྱེ་བ་མེད་ལ། རིགས་རུས་དང་དཀར་ནག་གི་དབྱེ་བ་ཡང་མེད། གང་ལྟར་དུས་ཚོད་དེ་ཀུན་གྱི་རེ་འདོད་སྐོང་བྱའི་ཆུ་བོ་ལྟར། སུ་ཞིག་ལ་གཉེན་དགའ་ཆོག་ཤེས་ཀྱི་འདུན་པ་མེད། ཁོང་གི་རིན་ཐང་ནི་ནམ་མཁའི་སྐར་ཚོགས་ཇི་བཞིན་ཕྱུག་པ་དང་གཟི་བརྗིད་ནི་རྟ་བདུན་དབང་པོ་དང་མཚུངས་པའོ།།
    དུས་ཚོད་ནི་ཆེས་གལ་འགངས་ཆེ་ཞིང་འགྲོ་བ་ཀུན་གྱི་འཚོ་གནས་རྟེན་སའི་གཞི་གཙོ་བོ་དེ་ཡང་ཡིན། རང་རེའི་སྐྱེ་འགྲོ་རྣམས་ནས་འདས་ཟིན་ལ་བསྐྱར་ཞིབ་དང༌། འབྱུང་འགྱུར་ལ་སྐུལ་མ་བཏང་སྟེ། དུས་ཚོད་ལ་བརྟེན་ནས་ཉིན་རེའི་བྱ་བཞག་བཟང་པོ་རྣམས་སྒྲུབ་ཀྱི་ཡོད། མི་ཚེ་ཡི་གོ་རིམ་ནང་དུས་ཚོད་ནི་ཆེས་དཀོན་པོ་ཞིག་ཡིན། གང་ཡིན་ཞེ་ན། དེ་རིང་གི་ཉིན་དེ་དོན་མེད་ཀྱི་གཏམ་དང༌། བེད་སྤྱོད་ལོག་པ་ཞིག་བྱས་ན། དེ་ལྟ་བུའི་ཉིན་དེ་རང་གི་མི་ཚེ་ཧྲིལ་པོ་ཡི་ནང་སླར་ཡང་རྩ་བ་ནས་ཡོང་མི་སྲིད་པས། ག་དུས་ཡིན་ཡང་དགེ་རྒན་དང་ཕ་མ་སྤུན་མཆེད་ཚང་མས་དུས་ཚོད་ནི་གསེར་ལས་དཀོན་པས་ཆུད་ཟོས་སུ་མ་གཏོང་ཞེས་ཉིན་ལྟར་བསླབ་བྱ་བསྐྱོན་གྱི་ཡོད་པ་དེ་ལ་ཡང་དགོས་པ་རྒྱུ་མཚན་ཞིག་ཏན་ཏན་ཡོད་རེད། བྱས་ཙང་རླབས་ཆེན་གྱི་བྱ་གཞག་རྣམས་ལ་གསེར་ལས་དཀོན་པའི་དུས་ཚོད་དེ་ཆུད་ཟོས་སུ་མི་འགྲོ་བར་བརྩོན་དགོས་པ་དེ་ཧ་ཅང་གལ་ཆེ། མི་ལ་རིན་ཐང་བྲལ་བའི་དངོས་པོ་ནི་ཡ་རབས་བཟང་སྤྱོད་ཡིན་པ་བཞིན་དུས་ཚོད་ལ་རིན་ཐང་བྲལ་བའི་དངོས་པོ་ནི། རླབས་ཆེན་གྱི་བྱ་གཞག་ལས་གཞན་ཅི། ཕྱི་རྒྱལ་བ་ཚོས་ ྤདྲནྟ དྲཔྲ ནྣརྣྟཕྲ དུས་ཚོད་དེ་དངུལ་རེད། ཟེར་བ་དེ་བདེན་པ་རེད། དུས་ཚོད་ལས་དངུལ་འབྱུང༌། དཔེར་ན། འབྱོར་ལྡན་རྒྱལ་ཁབ་ཨ་རི་ལྟ་བུ་ལ་ཆ་བཞག་ན༑ སྐར་མ་ཁ་ཤས་ནང་གློག་རྒྱུན་ཆད་ཚེ་དངུལ་སྒོར་ས་ཡ་མང་པོར་གྱོང་གུད་ཕོག་ཡོང་གི་ཡོད། མ་ཟད་དུས་ཚོད་བེད་སྤྱོད་བཟང་པོ་བཏང་ནས་སྐྱེ་བོ་ཀུན་གྱི་དགོས་མཁོ་སྒྲུབ་ཐུབ་པ་ཞིག་བྱུང་ན། དུས་ཚོད་ཀྱི་རིན་ཐང་ངོ་མ་དེ་ངོས་ཟིན་པ་ཡིན། ཡང་དུས་ཚོད་ཀྱི་རིན་ཐང་མི་ཤེས་པའི་ན་གཞོན་ཚོས། ཉིན་ལྟར་དོན་མེད་གྱི་ཉོག་གཏམ་གླེང་ནས་དུས་འདའ་བ་དང༌། ཁ་ཤས་ཀྱིས་དུག་ཆུ་ཆང་རག་བཏུང་ནས་ལམ་ཀྱ་གེ་ཀྱོག་གེའི་སྟེང་དུ། གོན་རྒྱུ་རྙ་ངེ་རྙིང་ངེ་གྱོན་ནས་ར་བཟི་ནས་རྐང་འགྲོས་ཁྱ་རེ་འཁྱོར་རེ་བྱས་ནས། རང་ཉིད་ཀྱི་དགའ་མ་ལ་དོན་མེད་ཉེས་རྡུང་དང་ཁྱིམ་མཚེས་ལ་དོན་མེད་ཀྱི་གཏམ་ངན་སྨྲ་བ་བཅས། སང་ཉི་མ་ཤར་བའི་སྐབས་ཁྱིམ་མཚེས་མི་ལ་གདོང་སྟོན་མི་ནུས་པ་ཡང་ཆགས་ཀྱི་ཡོད། དེ་རྣམས་ཚང་མ་དུས་ཚོད་ཀྱི་རིན་ཐང་མ་ཤེས་རྐྱེན་ཡིན། དུས་ཚོད་ཀྱི་རིན་ཐང་ཤེས་པའི་སྐྱེ་བོ་དམ་པ་རྣམས་ཀྱིས་སྐར་ཆ་གཅིག་ཀྱང་དོན་མེད་ཆུད་ཟོས་སུ་མི་གཏོང༌། ཉིན་ལྟར་དུས་ཚོད་ཀྱི་འཆར་གཞི་བཀོད་ནས་བེད་སྤྱོད་ཚད་ལྡན་ཞིག་གཏོང་གི་ཡོད། དཔེར་ན། རྒྱལ་ཁབ་གཉིས་ལས་གཅིག་གིས་དུས་ཚོད་ལ་ཆེས་རིན་ཐང་བརྩི་ཞིང་ཡང་གཅིག་དུས་ཚོད་ལ་རིན་ཐང་དེ་ཙམ་མི་བརྩི་མཁན་གཉིས་ལ་ཆ་བཞག་ན། ཨ་རི་དང་རྒྱ་གར། ཨ་རི་རྒྱལ་ཁབ་དེ་ཡིས་དུས་ཚོད་དེ་དངུལ་ལྟ་བུར་བརྩིས། ཉིན་རེའི་བྱ་གཞག་རྣམས་དུས་རྟག་ཏུ་འགྲུབ་ཅིང༌། དུས་ཚོད་དེ་ཆེས་རྩ་ཆེ་ཞིག་ལ་གོ་ནས་བེད་སྤྱོད་ཧ་ཅང་སྤུས་ཀ་ལེགས་པ་བྱས་རྐྱེན་འཛམ་གླིང་ནང་གང་ཅིའི་ཐོག་ཡང་རྩེར་སོན་པའི་སྟོབས་ཆེན་ཀྱི་རྒྱལ་ཁབ་ཞིག་ཆགས་པ་རེད། ཡང་རྒྱ་གར་ལ་མཚོན་ན་ཉི་མ་གང་འཁྱོལ་ལྟ་བུའི་དུས་ཚོད་འདའ་བ་དེས། ཉིན་རེའི་བྱ་གཞག་རྣམས་མཐུས་ཤོར་ཕྱིན་པ་དང༌། དུས་ཚོད་ལ་རིན་ཐང་མ་བརྩིས་པའི་རྐྱེན་གྱིས་རྒྱལ་ཁབ་ལ་དཀའ་ངལ་སྣ་ཚོགས་ཕྲད་པ་བཅས་དུས་ཚོད་ཀྱི་རིན་ཐང་ཤེས་མེད་ཀྱི་གནོད་སྐྱོན་བསམ་གྱིས་མི་ཁྱབ་པ་ཡཽད། གང་ལྟར་གལ་པོ་ཆེ་ལ་ནན་ཏན་དང་དམ་པའི་ཆོས་ལ་བརྒྱ་ཚར་ཟེར་བའི་དཔེ་ལྟར། དུས་ཚོད་ཀྱི་རིན་ཐང་ནི་ཆེས་གལ་ཆེ་བ་དང་དཀོན་པས། དུས་རྟག་ཏུ་སྐར་ཆ་གཅིག་ཡིན་ཡང་ཆུད་ཟོས་སུ་མི་གཏོང་བར་རླབས་ཆེན་གྱི་བྱ་གཞག་རྣམས་བཟང་སྤྱོད་ཀྱི་ངང་ནས་མུ་མཐུད་རྒྱུན་འཁྱོངས་བྱ་དགོས་པ་ལས། དོན་མེད་གཏམ་གླེང་སོགས་སུ་དུས་འདའ་བ་དེས་གནས་སྐབས་དང་མཐར་ཐུག་གི་དོན་འགྲུབ་པའི་ལམ་བུ་བཤིག་པ་དང་གཉིས་སུ་མེད། མ
ཐའ་དོན་འདིར་སྐྱེ་འགྲོ་ཀུན་གྱིས་དུས་ཚོད་ཀྱི་རིན་ཐང་དེ་མུན་སེལ་གྱི་སྒྲོན་མེ་ལྟ་བུར་བརྩིས་ནས་དུས་ཚོད་སྐར་ཆ་གཅིག་ཡིན་ཡང་རླབས་ཆེན་གྱི་བྱ་བ་བཟང་པོ་འགྲུབ་རྒྱུ་ཁོ་ནར་བརྩོན་པ་མ་ཟད། སྤྱི་ནོརྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཀྱི་བཞེད་དགོངས་ལྷུན་གྱིས་འགྲུབ་པ་དང༌། བོད་མི་སྤྱི་བོ་གནམ་བསྟན་རྣམས་ཀྱི་དུས་ཚོད་རྣམས་རྩ་ཆེན་པོ་ཞིག་ལ་བརྩིས་ནས། ཆུས་ཟོས་སུ་མི་གཏོང་བར་གལ་གནད་དང་རླབས་ཆེན་གྱི་བྱ་བར་བེད་སྤྱོད་ལེགས་པ་ཞིག་ལ་གཏོང་བར་སྨོན་ནོ།།

དུས་ཀྱི་སྐལ་བཟང་ཕུན་ཚོགས་ནི། །ཚོད་དཔག་ཡིན་བཞིན་དུས་མི་འདའ། །
ཀྱི་ཧུ་འུར་སྒྲ་འདོན་པ་ལས། །རིན་ཐང་བྲལ་བའི་དུས་ལ་བསམ། །
ཐང་དུ་འབྲས་དཀར་འཁྲབ་བ་ལས། །གསེར་ལས་དཀོན་པའི་དུས་ལ་བརྩོན། །
དང་དོད་དངུལ་དང་མཚུངས་པར་ལྟ། །མཚུངས་པ་གསེར་དངུལ་དུས་ལས་འབྱུང༌། །

ཞན་ཆ།     དུས་ཚོད་ཀྱི་སུ་ལ་དགྲ་གཉེན་གྱི་དབྱེ་བ་མེད། དུས་ཚོད་ཀྱིས་སུ་ལ་དགྲ་གཉེན་གྱི་དབྱེ་བ་མེད། མཆོག་ཤེས་ཀྱི་མདུན་པ་མེད། ཆོག་ཤེས་ཀྱི་འདུན་པ་མེད། ནམ་མཁའི་སྐོར་ལྟ་བུའི་ཕྱུགས་པ་དང༌། ནམ་མཁའི་སྐར་ཚོགས་ཇི་བཞིན་ཕྱུག་པ་དང༌། བྱ་བཞག་བཟང་པོ་རྣམས་འགྲུབ་ཀྱི་ཡོད། བྱ་གཞག་བཟང་པོ་རྣམས་སྒྲུབ་ཀྱི་ཡོད། བདེ་སྤྱོད། བེད་སྤྱོད།  བྱས་གཙང༌། བྱས་ཙང༌། རིན་ཐང་འབྲལ། རིན་ཐང་བྲལ་བའི། གྱོང་འགུལ། གྱོང་གུད། དོན་མེད་ཀྱི་གཏམ་ལ་གླིང་ནས། དོན་མེད་ཀྱི་ཉོག་གཏམ་ལ་གླེང་ནས། ཁ་ཤས་ཀྱི་དུག་ཆུ་ཆང་རག་བཏུང་ནས། ཁ་ཤས་ཀྱིས་དུག་ཆུ་ཆང་རག་བཏུང་ནས། ར་གཟི་ནས། ར་བཟི་ནས། ཁྱོག་ཏེ། འཁྱོར་ཏེ། རང་ཉིད་ཀྱི་དགའ་མོ་ལ་ཉེ་གདུང་དང་ཁྱིམ་ཚེས་ལ་དོན་མེད་ཀྱི་གཏམ་ངན་སྨྲས་པ་བཅས་རང་ཉིད་ཀྱི་དགའ་མོ་ལ་དོན་མེད་ཉེས་བརྡུང་དང་ཁྱིམ་མཚེས་ལ་དོན་མེད་ཀྱི་གཏམ་ངན་སྨྲ་བ་བཅས། ས་ཉི་ར་ལས་འབྲལ་སྐབས་ སང་ཉི་མ་ཤར་བའི་སྐབས། སྐྱེ་བོ་དམ་པ་རྣམས་ཀྱི་སྐར་ཆ་གཅིག་ཡང་དོན་མེད་ཆུ་བཟོད་མི་བཏོང༌། སྐྱེ་བོ་དམ་པ་རྣམས་ཀྱིས་སྐར་ཆ་གཅིག་ཀྱང་དོན་མེད་ཆུས་བཟོད་མི་གཏོང༌། ཆ་གཞི་བཀོད་ནས། འཆར་གཞི་བཀོད་ནས། རིན་ཐང་བརྩི་ཤིང༌། རིན་ཐང་བརྩི་ཞིང༌། དེ་ཙམ་མ་བརྩི་མཁན། དེ་ཙམ་མི་བརྩི་མཁན། དངུལ་ལྟ་བུ་རྩེད་ནས། དངུལ་ལྟ་བུར་བརྩིས་ནས། ཉིན་རེའི་བྱ་བཞག་རྣམས་དུས་རྟག་ཏུ་འགྲུབ་ཤིང༌། ཉིན་རེའི་བྱ་གཞག་རྣམས་དུས་རྟག་ཏུ་བསྒྲུབ། དུས་ཚོད་དེ་ཆེས་རྩ་ཆེན་ཞིག་ལ་རྩེད་ནས། དུས་ཚོད་དེ་ཆེས་རྩ་ཆེན་ཞིག་ལ་གོ་ནས། ཧ་ཅངས། ཧ་ཅང༌། གང་སྤྱིའི་ཐོག་ཡང་རྩེ་སོན་པའི། གང་ཅིའི་ཐོག་ཡང་རྩེར་སོན་པའི། ཉིན་རེའི་བྱ་གཞག་རྣམས་ཕྱིན་གྱང་བྱས་པ་དང༌། ཉིན་རེའི་བྱ་གཞག་རྣམས་མཐུས་ཤོར་ཕྱིན་པ་དང༌། དམ་པའི་ཆོས་ལ་བརྒྱ་མཚར། དམ་པའི་ཆོས་ལ་བརྒྱ་ཚར། མཐར་ཐུགས་ཀྱི། མཐར་ཐུག་གི། མཐར་དོན། མཐའ་དོན། མུན་བསེལ་གྱི་སྒྲོན་མེ། མུན་སེལ་གྱི་སྒྲོན་མེ། ཁོ་མནར། ཁོ་ན། ཐུགས་ཀྱི་ཞལ་འདོན་ལྷན་གྱི་འགྲུབ་པ་དང༌། ཐུགས་ཀྱི་བཞེད་དགོངས་ལྷུན་གྱིས་འགྲུབ་པ་དང༌། ཚོད་འབག ཚོད་དཔག། རིན་ཐང་འབྲལ་བའི། རིན་ཐང་བྲལ་བའི། ཐང་དུ་འབྲེལ་དཀར། ཐང་དུ་འབྲས་དཀར། ལྟར་དང་དུས་ཚོད་དངུལ་དང་མཚུངས། དང་དོད་དངུལ་དང་མཚུངས་པར་ལྟ། དབུ་ལ་རྒྱན། དབུ་ལ་བརྒྱན། མཆོད་པར་བརྗོད་པའི་སྔོན་དུ་བཏང༌། མཆོད་པར་བརྗོད་པ་སྔོན་དུ་བཏང༌། རྩོམ་བརྗོད་གཙོ་བོ། བརྗོད་བྱ་གཙོ་བོ། ཆུད་བཟོད་དུ་མ་བཏང་ཞེས། ཆུད་ཟོས་སུ་མ་གཏོང་ཞེས། རྟག་ཏུ་འགྲུབ་ཤིང༌། རྟག་ཏུ་འགྲུབ་ཅིང༌། འཁྲབ་བ་ལས། འཁྲབ་པ་ལས།

དུས་ཚོད་ཀྱི་རིན་ཐང་།(ཨང་གསུམ་པ།)

འཇམ་དབྱངས་ཕུན་ཚོགས། མ་སུ་རི་གཏན་སློབ།

༄༅།། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། ཞེས་པ་ལྟར། ང་ཚོ་གནས་སའི་ཕྱིའི་སྣོད་ཀྱི་འཇིག་རྟེན་འདི་ལས་ལས་བྱུང་བ་ཞིག་དང༌། དེའི་ནང་འཚོ་བའི་བཅུད་ཀྱི་སེམས་ཅན་མཐའ་དག་ཀྱང་བསྐལ་པ་གྲངས་མེད་སྔོན་ནས་བསགས་པའི་ལས་ལ་བརྟེན་ནས་སྐྱེས་པ་ཞིག་ཡིན། འགྲོ་བ་མི་བྱུང་བ་ནས་རིམ་གྱིས་སྤྱི་ཚོགས་ཆགས་སྤྱི་ཚོགས་ནས་མིའི་དཔལ་ཡོན་སོགས་དར། མིའི་དཔལ་ཡོན་རིམ་གྱིས་དར་ཁྱབ་ཕྱིན་ནས་ཆོས་དང་ཚན་རིག་དང༌། རིག་གཞུང་སོགས་བྱུང༌། ཆོས་ཤེས་ནས་མི་རྣམས་ཕན་ཚུན་མཛའ་མཐུན་ངང་གནས་པ་དང༌། ཡིན་ལུགས་ཚུལ་ལྡན་གྱི་བྱ་སྤྱོད་བསྒྲུབས། ཡུལ་ལུང་ཞི་བདེར་བཀོད། རིག་གཞུང་ལས་མི་རིགས་སོ་སོའི་ངོ་བོ་མཚོན་བྱེད་སྐད་ཡིག་དང༌། གྱོན་ཆས། ལམ་ལུགས་སྲོལ་སོགས་བྱུང༌། ཚན་རིག་ལ་བརྟེན་ནས་མིའི་དཔྱོད་པ་དང་འཚོ་བ་གནམ་ལ་བྱ་ལྟར་འཕུར་ཐུབ་པ་བཟོས། ས་ཆུ་མེ་རླུང་དབང་དུ་བསྡུས་ནས་སོ་སོའི་ཁེ་ཕན་ཆེད་བེད་སྤྱོད་བྱ་ནུས་པའི་བློ་གསར་བྱིན། དེ་ལྟར་འགྲོ་བ་མིའི་དཔལ་ཡོན་ཡར་རྒྱས་སུ་ཕྱིན་པ་དང་མི་དེ་ཉིད་འཛམ་གླིང་འདིར་སྲོག་ཆགས་ཀུན་གྱི་རྒྱལ་པོ་ལྟ་བུར་གྱུར་ནའང་ཁོས་དུས་ཚོད་ཅེས་པ་དེ་སོ་སོའི་དབང་འོག་སྡུད་ཐུབ་ཀྱི་མེད་ལ་མ་འོངས་པར་ཡང་བསྡུ་ཐབས་བྲལ་བ་ཞིག་ཡིན། མིའི་སྟོབས་ཤུགས་དང་དབང་ཐང་ག་ཚོད་ཆེན་པོ་ཆགས་ནའང༌། ཁོས་དུས་ཚོད་འོག་ལ་མགོ་བོ་སྒུར་དགོས་པ་བྱུང་ཡོད། དུས་ཚོད་ཅེས་པ་དེ༑ རྩམ་པ་ནང་བཞིན་བཟའ་རྒྱུ་ཡོད་པ་དང༌། འཇའ་ཚོན་ནང་བཞིན་མཐོང་རྒྱུ་ཡོད་པའི་ཆོས་ཤིག་མ་ཡིན། དུས་ཚོད་ཅེས་པ་དེ། དཔེར་ན། ང་རང་སྐྱེས་ནས་མ་འཆི་བར་གྱི་དུས་ཡུན་དེར་གོ་བ་དང་ཡང་ངས་ད་ལྟ་དབུགས་ཡར་ལེན་པ་དང་མར་བཏང་བའི་བར་གྱི་དུས་ཡུན་གྱི་ཚོད་དེ་ལའང་གོ་དགོས། སྤྱིར་ངའི་བསམ་ཚུལ་ལ་དུས་ཚོད་ཀྱི་རིན་ཐང་དང་སྟོབས་ཤུགས་ཤེས་ཡོན་ཉམས་མྱོང་མེད་པའི་བུ་ང་ལྟ་བུས་བརྗོད་ཐུབ་པ་ཏོག་ཙམ་དཀའ། ཡིན་ནའང་རང་བློའི་ལྕོགས་ཚོད་ཀྱིས་ཅུང་ཟད་ཞུ་ན་འགལ་བ་ཅིའི་ཕྱིར་ཡོད། ཆོས་གང་འདྲ་ཞིག་རིན་ཐང་ཆེ་ན་དེ་སུས་ཀྱང་བེད་སྤྱོད་ལོག་པར་གཏོང་གི་མེད། དེ་ལྟར་དུས་ཚོད་དེ་ཉིད་ཧ་ཅང་གི་རིན་ཐང་ཆེ་བས་བེད་སྤྱོད་ལོག་པར་གཏོང་མི་རུང༌། བེད་སྤྱོད་ལོག་པ་ལས་ངས་གཉིད་ཉལ་ནས་གཉིད་ལམ་གཏོང་བ་ཙམ་ལ་མ་གོ་བར་འཁོར་བའི་བྱ་བ་འབའ་ཞིག་ལ་སེམས་ཆགས་ནས་མི་ལུས་རིན་ཆེན་དེ་ཉིད་ཆུས་བཟོད་གཏོང་བ་ལ་ཡང་གོ་བ་ཡིན། མདོར་ན། རང་དོན་ཁོག་ཏུ་བཅུག་ནས་དུག་གསུམ་སྤྱི་བོར་བཞག་ནས་བྱ་བ་བྱེད་པ་དེ་ལ་ངས་དུས་ཚོད་འཕྲོ་བརླག་དང་དེའི་བེད་སྤྱོད་ལོག་པར་ངོས་འཛིན་གྱི་ཡོད།
    ང་ཚོ་ནང་པ་ཡིན་རུང་མ་ཡིན་རུང་འཁོར་བ་དེ་སྡུག་བསྔལ་གྱི་རང་བཞིན་ཡིན་པ་དེར་འགྱུར་བ་གང་ཡང་མེད། ཚང་མ་འཆི་ནས་ཡང་ན་བདེ་འགྲོར་སྐྱེ་བ་དང་ཡང་ན་ངན་འགྲོར་སྐྱེ་རྒྱུ་ཡིན་པ་ངེས་ཚར་བ་ཡིན། དེ་ལྟར་ཡིན་དུས་མིག་ཆུང་སྐྲ་ནག་ཡིན་རུང༌། ཡང་ན་སྣ་རིང་མགོ་སེར་ཡིན་རུང༌། བཀའ་བློན་ཁྲི་པའི་སྲས་ཡིན་རུང༌། སྤྲང་རྒན་ཆང་འཐུང་གི་བུ་ཡིན་རུང་ཚང་མས་ཆོས་ངེས་པར་དུ་བྱེད་དགོས།
    དབྱར་ཟླའི་དཔལ་འདི་ཡུད་ཙམ་ཡུད་ཙམ།། འཆི་བའི་རྐྱེན་མང་གློ་བུར་གློ་བུར།། སྐྱིད་སྡུག་འགྱུར་བ་སྐད་ཅིག་སྐད་ཅིག། འཆི་བདག་བསུ་མ་ཇེ་ཉེ་ཇེ་ཉེ།། ཞེས་དང༌། ཡང༌། འཆི་རྟེན་ངེས་མེད། ནམ་འཆི་ཆ་མེད། ཅེས་པ་ལྟར་གོང་གི་ཚིགས་བཅད་དེ་ཚོ་མགོ་སྤུ་ལངས་པའི་མགོ་རྙོག་གང་མ་ཡིན་དུས། བཀླགས་ཚར་ནས་བསམ་བློ་ཞིག་བཏང༌། ང་ཚོ་ཚང་མ་མི་རྟག་པ་ཡིན་པ་དང༌། དུས་ཚོད་དེ་ཉིད་རིན་ཐང་གང་ཙམ་ཆེན་པོ་ཡིན་པ་གསལ་པོར་ཤེས་ཐུབ། གོ་བདེ་སྐབས་བདེར་བརྗོད་ན། དུས་ཚོད་ནི་ཧ་ཅང་གི་རིན་ཆེན་ཡིན་པ་དང་དེ་བེད་སྤྱོད་བཟང་པོ་གཏོང་བར་ཆོས་བྱེད་དགོས།
    འཚོ་བའི་ལུས་རྟེན་འདི་ཉིད་སྐད་ཅིག་སྐད་ཅིག་གིས་འཆི་བར་ཉེ་བས། ཚེ་འདི་ཕྱི་དང་རང་གཞན་གཉིས་ཀར་ཕན་པའི་ཆོས་མ་བྱས་ན་ཡང་བསྐྱར་དལ་འབྱོར་ཚང་བའི་མི་ལུས་ཤིན་ཏུ་རྙེད་དཀའ་བ་ཡིན། ད་ལྟ་བསྟན་པ་གནས་པའི་དུས་འདིར་ང་ཚོས་སོ་སོའི་ནང་ཆོས་དང་དགེ་སྦྱོར་གང་ཐུབ་བསྒྲུབ་དགོས། གོས་དམར་གྱོན་ནས་དགོན་པར་ཞུགས་མ་ཐུབ་ནའང༌། ཁྱིམ་དུ་གནས་སྐབས་རྟག་ཏུ་རང་ལས་གཞན་གཅེས་པར་འཛིན་པ་དང༌། མི་དགེ་བཅུ་སྤོང་བ་སོགས་བྱ་རྒྱུ་ཤིན་ཏུ་གལ་ཆེ། ྋགོང་ས་མཆོག་གིས། སྒྲུབ་ན་ཁྱིམ་དུ་གནས་ཀྱང་ཐར་པ་ཡོད།། མ་སྒྲུབ་རི་འགོར་གནས་ཀྱང་ངན་སོང་རྒྱུ།། ཞེས་པ་དང་མཚུངས། དེང་དུས་མི་མང་པོས་དུས་ཚོད་རིན་ཐང་ཆེན་པོ་ཡིན་པར་ཤེས་ན་ཡང་ཆོས་བྱེད་ཀྱི་མེད་པ་ལས་ངན་རེད། ཁོང་ཚོས་མི་ཚེའི་དམིགས་ཡུལ་ལམ་བསྒྲུབ་བྱ་གཙོ་བོ་དངུལ་དང་སྤྱི་ཚོགས་ནང་མིང་དང་གོ་གནས་མཐོ་བོ་ཞིག་ཡིན། དེ་ལྟར་ཁོང་ཚོར་བྱ་བ་སྒྲུབ་དུས་འབྲས་བུ་སྡུག་བསྔལ་མ་གཏོགས་འབྱུང་བ་མ་ཡིན། གང་ཡིན་ཟེར་ན། ཁོང་ཚོར་སོ་སོའི་རྒྱུད་ཀྱི་ཉོན་མོངས་པའི་དྲི་མ་དག་མེད་པ་དང་སེམས་ནང་ཆོས་ཀྱི་དྲི་མ་ཙམ་ཡང་མེད་ཙང་ཡིན། བདེ་བ་འདོད་ཀྱང་གཏི་མུག་པས།། རང་གི་བདེ་བ་དགྲ་ལྟར་འཇོམས།། ཞེས་གསུངས་པ་ལྟ་བུ་ཡིན། དེ་འདྲ་སོང་ཙང་ང་ཚོས་དུས་ཚོད་རིན་ཐང་ཆེན་པོ་ཡིན་པ་ཤེས་པ་དང༌། མཉམ་དུ་ཆོས་ཀྱི་གནད་དོན་རྟོགས་རྒྱུ་དེ་བས་གལ་ཆེ། མདོར་ན༑ དུས་ཚོད་རིན་ཐང་ཆེ་བའི་རྒྱུ་མཚན་ནི། ཆོས་བྱེད་པའི་གོ་སྐབས་བཟང་པོ་ཞིག་ཡིན་ཙང་ཆགས་པ་ཡིན། ཆུང་ས་སློབ་ཕྲུག་གཅིག་གི་མི་ཚེ་ལ་ཆ་བཞག་ན་ཁོས་དུས་ཚོད་ཀྱི་རིན་ཐང་མ་ཤེས་པར་སློབ་སྦྱོང་མ་བྱས་ཙང་དཀའ་ངལ་ཆེན་པོ་འབྱུང་གི་ཡོད། ཡང་དུས་རྟག་ཏུ་སློབ་སྦྱོང་རང་ལ་མ་ཡིན་པར་སྔ་དགོང་གཉིས་ལ་ཆོས་དང་དགེ་སྦྱོར་སྒྲུབ་པ་དང་སློབ་ཕྲུག་གཞན་ལ་རོགས་བྱེད་རྒྱུ་ལ་སོགས་པ་བྱེད་དགོས། དེ་མ་གཏོགས་ཡ་རབས་བཟང་སྤྱོད་དང་ཆོས་ཀྱི་དྲི་མ་སྤུ་ཙམ་ཡང་མེད་པའི་སློབ་ཕྲུག་ཅིག་ཤེས་བྱའི་གནས་ལ་ཅི་ཙམ་མཁས་ཀྱང་ཁོས་མ་འོངས་པར་སྤྱི་ཚོགས་ལ་ཕན་རྒྱུ་ལས་ལྷག་པའི་གནོད་སྦྱོར་རྩོམ་ངེས་ཡིན། ྋགོང་ས་མཆོག་གི་བཀའ་སློབ་ནང༌། དེ་ལྟ་བུའི་གང་ཟག་ནི་དུག་གི་སྡོང་པོ་ལྟ་བུ་ཡིན་ཚུལ་གསུངས་ཡོད། སློབ་ཕྲུག་ཚོ་ལ་སློབ་ཚན་གྲངས་མང་སློབ་རྒྱུ་ཡོད་དུས་ཉིན་གང་ཞལ་འདོན་བྱ་རྒྱུའི་གོ་སྐབས་མེད་ནའང་རང་རེའི་དམ་ཆོས་འདི་ཉིད་གཙོ་བོ་སེམས་ལ་རག་ལུས་ཡོད་དུས། ང་ཚོ་སློབ་ཕྲུག་ཚོས་རྟག་ཏུ་རང་སེམས་བཏུལ་ནས་ཚུལ་བཞིན་སྤྱོད་པ་དང་བློ་རིག་བསྒྲིམས་ནས་བརྩོན་འགྲུས་ངང་ཤེས་བྱའི་གནས་ལ་མཐའ་འཁྱོལ་ཁོང་ཆུད་བྱས་ནས། ྋརྒྱལ་བའི་བཀའ་བཞིན་སྒྲུབ་པ་དང་བོད་མི་ཡོངས་ལ་ཕན་པར་བྱེད་དགོས། སྒོ་ངའི་སྙིང་པོ་སེར་རིལ་ཡིན་པ་བཞིན་ངའི་བརྗོད་བྱའི་སྙིང་པོའམ་སེར་རིལ་ནི། དུས་ཚོད་རིན་ཆེན་ཡིན། རིན་ཆེན་དེའི་བེད་སྤྱོད་བཟང་པོ་གཏོང་ལམ་གཅིག་རང་ཡིན་པ་དེ་ནི། རང་སེམས་འདུལ་ནས་རང་གཞན་གཉིས་ཀར་ཕན་པའི་ཆོས་བྱེད་པ་དེ་ཡིན་ནོ།།
ཞན་ཆ།     ཕྱིའི་གནོད། ཕྱིའི་སྣོད། དེ་ནང༌། དེའི་ནང༌། འགྲོ་བ་མི་འབྱུང་བ་ནས། འགྲོ་བ་མི་བྱུང་བ་ནས། མིའི་དཔལ་ཡོན་རིམ་གྱི་དར་ཁྱབ་ཕྱིན་ནས། མིའི་དཔལ་ཡོན་རིམ་གྱིས་དར་ཁྱབ་བྱུང་ནས། རྒྱལ་པོ་ལྟ་བུ་འགྱུར་ནའང༌། རྒྱལ་པོ་ལྟ་བུ་གྱུར་ནའང༌། དབང་འོག་སྡུས་ཐུབ་མེད། དབང་འོག་འདུ་ཐུབ་མེད། མཇའ་ཚོན། འཇའ་ཚོན།  འཆི་བདག་སུབ་མ། འཆི་བདག་བསུ་མ། ཚང་མའི་ཆོས་ངེས་པར་དུ་བྱེད་དགོས། ཚང་མས་ཆོས་ངེས་པར་དུ་བྱེད་དགོས། བསམ་བློ་ཞིག་གཏང་ན། བསམ་བློ་ཞིག་བཏང་ན། ཆོས་མ་བྱེད་ན། ཆོས་མ་བྱས་ན༑ སོ་སོའི་རྒྱུད་ཀྱི་དུག་རྣམས་སྦྱང་མེད་པ་དང༌། སོ་སོའི་རྒྱུད་ཀྱི་ཉོན་མོངས་པའི་དྲི་མ་དག་མེད་པ། སྤྱི་ཚོགས་ལ་ཕན་རྒྱུ་ལས་ལྷག་པ་གནོད་སྐྱེལ་བ་ཡོང༌། སྤྱི་ཚོགས་ལ་ཕན་རྒྱུ་ལས་ལྷག་པའི་གནོད་སྦྱོར་བརྩོམ་ངེས་ཡིན། མཐར་འཁྱོལ་ཁུང་ཆུད། མཐར་འཁྱོལ་ཁོང་ཆུད། རིགས་གཞུང༌། རིག་གཞུང༌། དབང་འོག་ཏུ་འདུད། དབང་འོག་ཏུ་སྡུད། སྤྱིར་བོར་བཞག། སྤྱི་བོར་བཞག། འཁོར་བའི་བྱ་འབའ་ཞིག། འཁོར་བའི་བྱ་བ་འབའ་ཞིག། བེད་སྤྱོད་ལོག་ངོས་འཛིན། བེད་སྤྱོད་ལོག་པར་ངོས་འཛིན། དགེ་འབྱོར། དགེ་སྦྱོར། ཇི་ཙམ། ཅི་ཙམ། རང་སེམས་འདུལ་ནས། རང་སེམས་བཏུལ་ནས།

མདུན་ཤོག

Menu