ཟླ་རེའི་གསར་འགྱུར།

ཨང་རྩིས་སྦྱོང་དེབ་ཁག་གཉིས་ཀྱི་བསྐྱར་ཞིབ།

གསར་འཕྲིན།

༄༅། ། འདི་ག་ཤེས་རིག་ཤེས་ཡོན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ལས་ཁུངས་ཀྱི་ཚོགས་ཁང་དུ། ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༥ ནས་ ༡༧ བར་ཉིན་གསུམ་རིང་འཛིན་རིམ་གསུམ་པའི་ཨང་རྩིས་སྦྱོང་དེབ་དང་། ཟླ་ ༧ ཚེས་ ༡༨ ནས་ ༢༠ བར་འཛིན་རིམ་དྲུག་པའི་ཨང་རྩིས་སྦྱོང་དེབ་རྩོམ་སྒྲིག་ཟིན་པའི་རགས་ཟིན་བསྐྱར་ཞིབ་དང་མཐའ་མའི་གཏན་འབེབས་ཚོགས་འདུ་ཚོགས་ཡོད།

འཛིན་རིམ་གསུམ་པའི་ཨང་རྩིས་སྦྱོང་དེབ་ལ་བསྐྱར་ཞིབ་དང་གཏན་འབེབས་ཚོགས་འདུ་དེར་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་སྤྱི་ཁྱབ་འགན་འཛིན་ཀུན་དགའ་རྒྱལ་མཚན་ལགས་དང་། བོད་སྒྱུར་ཚན་པའི་འགན་འཛིན་བསོད་ནམས་བཟང་པོ་ལགས། གཞི་རིམ་བར་མའི་ཨང་རྩིས་རྩོམ་སྒྲིག་པ་བསྟན་འཛིན་ཚེ་འཕེལ་ལགས། གཞི་རིམ་འོག་མའི་ཨང་རྩིས་རྩོམ་སྒྲིག་པ་བློ་བཟང་བསྟན་འཛིན་ལགས། དེ་བཞིན་དྷ་ས་བོད་ཁྱིམ་ཁྱབ་ཁོངས་ནས་དྷ་སྟེང་བོད་ཁྱིམ་གྱི་ཨང་རྩིས་རྒྱུས་སྟོན་པ་འཕྲིན་ལས་དཔལ་མོ་ལགས་དང་། ཨང་རྩིས་སློབ་དགེ་བསོད་ནམས་ཆོས་སྒྲོན་ལགས། སཾབྷོ་ཊ་བོད་སློབ་ཁྱབ་ཁོངས་ནས་གངས་སྐྱིད་དཔེ་སྟོན་སློབ་གྲྭའི་ཨང་རྩིས་སློབ་དགེ་ཚེ་དབང་ལྷ་མོ་ལགས། རཱཇ་པུར་བོད་ཁྱིམ་གྱི་ཨང་རྩིས་སློབ་དགེ་པདྨ་ཆོས་སྐྱིད་ལགས་བཅས་ཕེབས་ཡོད།

This image has an empty alt attribute; its file name is ཨང་རྩིས་ཚོགས་འདུ་གཉིས་པ།.jpg

དེ་བཞིན་འཛིན་རིམ་དྲུག་པའི་ཨང་རྩིས་སྦྱོང་དེབ་ཀྱི་བསྐྱར་ཞིབ་སྐབས་སུ་གོང་བཞིན་ཤེས་ལས་ཀྱི་ལས་བྱེད་བཞིའི་ཐོག དྷ་སྟེང་བོད་ཁྱིམ་གྱི་ཨང་རྩིས་རྒྱུས་སྟོན་པ་བསོད་ནམས་རྒྱལ་པོ་ལགས་དང་། དྷ་ཤོད་བོད་ཁྱིམ་གྱི་ཨང་རྩིས་སློབ་དགེ་ཟུར་པ་ངག་དབང་རྡོ་རྗེ་ལགས། གོ་པཱལ་པུར་སློབ་གྲྭའི་ཨང་རྩིས་སློབ་དགེ་ཟླ་བ་ལགས་བཅས་གཏན་འབེབས་ཚོགས་འདུར་ཕེབས་ཡོད།

ད་ལན་ཉིན་དྲུག་གི་རིང་གོ་བསྡུར་སྦྱང་བཤད་ཀྱི་སྣོན་འཕྲི་གང་དགོས་གནང་སྟེ། ཨང་རྩིས་སྦྱོང་དེབ་ཁག་གཉིས་ཀྱི་གཏན་འབེབས་ཚོགས་འདུ་ལེགས་གྲུབ་བྱུང་།

ཨང་རྩིས་ལས་གཞིི་འདིའི་འགྲོ་གྲོན་མཐུན་འགྱུར་གནང་མཁན་ཨ་རིའི་རོགས་ཚོགས་ཆགས་ཀྱི་ཡོད་པ་བཅས། །

སྔོན་མ།
ཤེས་རིག་པར་ཁང་གི་ས་མིག་གསལ་བསྒྲགས།
ཕྱི་མ།
དཔེ་མཛོད་དོ་དམ་པའི་ཚོགས་འདུ་ལེགས་པར་མཇུག་སྒྲིལ་བ།
Menu