ཟླ་རེའི་གསར་འགྱུར།

ལྡི་ལི་ཤེས་རིག་དཔར་ཁང་དབུས་ལ་ལས་བྱེད་ས་སྟོང་གསུམ་གྱི་གསལ་བསྒྲགས།

གསལ་བསྒྲགས།

༄༅། །ཤེས་རིག་དཔར་ཁང་དེབ་བཟོ་ཁང་ལྡི་ལི་བཟོ་གྲྭའི་ནང་གསར་འཛུགས་ཞུས་ཡོད་པ་དང་འཕྲུས་ཆས་ལག་བསྟར་བྱ་མི་འཛིན་གྲྭ་བཅུ་གཉིས་ཐོན་པ་གསར་པ་བཞི་ལ་ཉིན་གླའི་ཐོག་ཟླ་དྲུག་སྦྱོང་བརྡར་དང་། དེ་ནས་གཉིས་ལ་ལོ་གཅིག་རིང་ཕོགས་རིམ་བརྒྱད་པའི་ནང་ཆོད་གན་ཐོག་བསྐོ་གཞག་བྱ་རྒྱུ་ཡིན། དེའི་རྗེས་གང་ཅིའི་འོས་འབབ་གཟིགས་མཚམས་དཔར་བསྐྲུན་འགན་འཛིན་ནས་རྒྱབ་གཉེར་ཐོག་ཕོགས་རིམ་བདུན་པའི་ནང་ཕན་ཚུན་གཉིས་མོས་ཀྱི་ཆོད་གན་ཐོག་བསྐོ་བཞག་བྱ་རྒྱུ་ཡིན།
ལྡི་ལི་ཤེས་རིག་དཔར་ཁང་གི་ལས་ཁུངས་ལ་སྣུམ་འཁོར་གཏོང་མཁན་ཁ་ལོ་བ་དང་ཤེས་དཔར་དོ་བོ་རྒྱག་མཁན་དང་འོར་འདྲེན་བྱ་མཁན་གཅིག་ལྕོགས་ས་མིག་ལས་བྱེད་གཅིག་ཕོགས་རིམ་བརྒྱད་པའི་ཐོག་ཆོད་གན་དུ་ལོ་གཅིག་རིང་བསྐོ་གཞག་བྱ་རྒྱུ། དེའི་རྗེས་གང་ཅིའི་འོས་འབབ་གཟིགས་མཚམས་ལས་བྱེད་ངོ་མར་ཕོགས་རིམ་བརྒྱད་པའི་ཐོག་བསྐོ་བཞག་བྱ་རྒྱུ་ཡིན།
དེ་དོན་ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་རིགས་སོ་སོའི་ལག་འཁྱེར་ཡིག་ཆ་ཁག་དང་སྦྲགས་གཤམ་གསལ་ཁ་བྱང་ཐོག་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡ འགྱངས་མེད་འཚང་སྙན་འབུལ་དགོས་རྒྱུ། འཚང་སྙན་ནང་སོ་སོའི་ཁ་བྱང༌། ཞལ་པར་ཨང༌། གློག་འཕྲིན་ཨང་བཅས་ཁ་གསལ་བཀོད་དགོས་རྒྱུ། གོང་གསལ་དུས་བཀག་རྗེས་འཚང་སྙན་འབུལ་འབྱོར་རིགས་རང་བཞིན་གྱིས་རྩིས་མེད་ཡིན། ལག་འཁྱེར་ངོ་མ་ཞིབ་བཤེར་ཆེད་དངོས་གཞིའི་ངག་རྒྱུགས་སྐབས་མཉམ་འཁྱེར་དགོས། ཆ་རྐྱེན་ཚང་བའི་སྙན་འབུལ་ཁག་ལ་ངག་རྒྱུགས་འདེམས་རྒྱུགས་ཀྱི་ལམ་ནས་གདམ་རྒྱུ་ཡིན། འདེམས་རྒྱུགས་བྱ་ཡུལ་དང་ཚེས་གྲངས་འཚང་སྙན་དུས་གཙང་རྗེས་དོ་བདག་སོ་སོར་བརྡ་ལན་སྤྲོད་རྒྱུ་ཡིན། རྒྱུགས་སྤྲོད་དུ་ཕེབས་སྐབས་ཀྱི་འགྲོ་གྲོན་རྣམས་དོ་བདག་རང་ཉིད་ནས་གཏོང་དགོས་པ་ཡིན།

དེབ་བཟོ་ལས་བྱེད་དགོས་མཁོའི་ཆ་རྐྱེན།

  1. འཛིན་རིམ་བཅུ་གཉིས་ཐོན་པའི་ལག་འཁྱེར་དགོས་པ།
  2. ཡིག་རྒྱུགས་ཐད། དགོས་མཁོ་ཡིག་ཆ་ངོ་མ་དང་ངག་རྒྱུགས་གཏོང་རྒྱུ།
  3. དོ་བདག་ཟླ་དྲུག་བར་ལ་ཉིན་རེར་གླ་སྒོར། ༥༥༠།༠༠ དང་དེ་ནས་ཆོད་གན་ལ་ཕོགས་རིམ་བརྒྱད་པ་ཟླ་རེར་སྒོར་ ༢༡༡༠༡།༠༠ དང་ཆོད་གན་དཔར་སྒྲིག་གཞི་ནང་གསལ་སྤྱི་མཚུངས་ལྟར་ཐོབ་རྒྱུ།
  4. ཕྱི་ལོ་ ༢༠༡༨།༡༢།༣༡ བར་དྭངས་བླངས་དཔྱ་དངུལ་ཆ་ཚང་འབུལ་ཟིན་པའི་ཤོག་ངོས་དང་པོ་དང་མཐའ་མའི་འདྲ་བཤུས།
  5. རྒྱ་གར་སྐྱབས་བཅོལ་ལག་དེབ་དུས་འགྱངས་ཞུས་པའི་ཤོག་ངོས་དང་པོ་དང་མཐའ་མའི་འདྲ་ཤུས།
  6. རང་ལོ་ ༡༨ ནས་ ༤༠ མ་བརྒལ་བ་དགོས་རྒྱུ།
  7. ངོས་འཛིན་ཡོད་པའི་སྨན་ཁང་ཞིག་ནས་གཟུགས་ཐང་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར།
  8. ལས་ཀ་བྱེད་བཞིན་པ་ཡིན་ན་ལས་ཡུལ་ནས་དགག་བྱ་མེད་པའི་ངོ་སྦྱོར་དགོས།
  9. གོང་གསལ་ལག་འཁྱེར་དང་ཡིག་ཆའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཁག་གི་ཟུང་དྲུང་ཡན་ཡང་ན་ས་གནས་འགན་འཛིན་གང་རུང་གི་དག་མཆན་ངེས་པར་འཁོད་དགོས།

ཤེས་དཔར་ཁ་ལོ་བ་དགོས་མཁོའི་ཆ་རྐྱེན།

  1. འཛིན་རིམ་བཅུ་གཉིས་ཐོན་པའི་ལག་འཁྱེར་དགོས་པ།
  2. ཁ་ལོ་བའི་ལག་འཁྱེར་ཐོག་ཉམས་མྱོང་ལོ་གསུམ་ཆ་ཚང་བྱས་པའི་ངོ་སྦྱོར་དགོས་རྒྱུ།
  3. ཡིག་རྒྱུགས་ཐད། དགོས་མཁོ་ཡིག་ཆ་ངོ་མ་དང་ངག་རྒྱུགས་གཏོང་རྒྱུ།
  4. དོ་བདག་ལ་ཕོགས་རིམ་བརྒྱད་པ་ཟླ་རེར་སྒོར། ༢༡༡༠༡།༠༠ དང་ཆོད་གན་ཤེས་དཔར་སྒྲིག་གཞི་ནང་གསལ་སྤྱི་མཚུངས་ལྟར་ཐོབ་རྒྱུ།
  5. དེ་འཕྲོས་གོང་གསལ་དེབ་བཟོ་བའི་དོན་ཚན་བཞི་པ་ནས་དགུ་བར་གཅིག་མཚུངས་དགོས་གལ་བཅས་ལྡི་ལི་ཤེས་རིག་དཔར་ཁང་དབུས་ཡིག་ཚང་ནས་ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡༢ ལ།།

The Director
Sherig Parkhang Trust,
R- 28 & 27, Ramesh Park, Laxmi Nagar, Delhi- 110092
Tele Fax:- 011-22455634 & 011-22453672 (O) 011-22013260(R)
E-mail- [email protected]

སྔོན་མ།
འགྲེམས་སྟོན་རིག་པའི་སློབ་ཡོན་གསལ་བསྒྲགས།
ཕྱི་མ།
ཕྱི་ལོ་ ༢༠༡༩ ལོའི་ཅི་སྦཱ་བཟོ་རིག་སློབ་གཉེར་ཁང་གི་སློབ་ཡོན་གྱི་འཚང་སྙན་འབུལ་རྒྱུའི་དུས་བཀག་ཕྱིར་འགྱངས་ཞུས་པའི་གསལ་བསྒྲགས།
Menu