ཟླ་རེའི་གསར་འགྱུར།

ཚན་རིག་དང་ཨང་རྩིས་སློབ་ཚན་རྩེར་སོན་རྣམས་ལ་བྱ་དགའ་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་༢༠༡༡ ཟླ་༡༠ ཚེས་༤ ཉིན་འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་༢༠༡༠ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་ན་དགུང་གྲངས་༧༥ ཕེབས་པའི་སྐུའི་འཁྲུངས་སྐར་དུས་སྟོན་རྒྱས་པ་ཞིག་ལོ་འཁོར་མོར་སྲུང་བརྩི་ཞུ་རྒྱུའི་ལས་འཆར་ཁོངས། ཤེས་རིག་ལས་ཁུངས་ནས་སློབ་གྲྭ་ཁག་གི་སློབ་མ་རྣམས་ལ་མིག་དཔེ་དང་བློ་སྤོབས་གོང་མཐོར་གཏོང་སླད། སློབ་གྲྭ་སོ་སོའི་ཕྱི་ལོ་༢༠༡༠ ནས་༢༠༡༡ ལོའི་སློབ་དུས་ཀྱི་འཛིན་རིམ་བརྒྱད་པ་དང། བཅུ་པའི་ལོ་འཁོར་རྒྱུགས་སྤྲོད་ནང། ཨང་རྩིས་དང་ཚན་རིག་སློབ་ཚན་སོ་སོར་འཛིན་རིམ་བརྒྱད་པའི་བརྒྱ་ཆ་༧༥ ཡན་ལོན་པའི་རྩེར་སོན་སློབ་མ་རེ་དང། འཛིན་རིམ་བཅུ་པའི་གྲུབ་འབྲས་ཀ་སྡེ་དང་པོ་A 1 grade སློབ་ཁག་ནས་བརྒྱ་ཆ་༩༡ ཡན་ལོན་པའི་སློབ་མ་རྣམས་ལ་བྱ་དགའ་ཧིན་སྒོར་༥༠༠ དང་ཕྱག་འཁྱེར་གནང་གཏན་འཁེལ་བ་ལྟར། སློབ་གྲྭ་སོ་སོ་ནས་སློབ་མའི་ཐོ་གཞུང་དང། བརྒྱ་ཆ་བཅས་འབུལ་ལམ་བྱུང་བའི་འཛིན་གྲྭ་བརྒྱད་པའི་སློབ་ཕྲུག་གྲངས་༥༠ དང། འཛིན་གྲྭ་བཅུ་པའི་སློབ་ཕྲུག་གྲངས་༤༥ བཅས་ཁྱོན་སློབ་ཕྲུག་གྲངས་༩༥ ལ་གོང་གསལ་བྱ་དགའ་རྣམས་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་མཛད་སྒོ་ནས་སློབ་ཕྲུག་སོ་སོར་གནང་ཡོད་པ་བཅས།

ཡོང་ཁུངས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ།

སྔོན་མ།
ནང་ཆོས་དང་འབྲེལ་བའི་རིག་གཞུང་གིས་འཛམ་གླིང་འདིའི་སྟེང་བློ་གྲོས་གསར་པ་སྦྱིན་ཐུབ།
ཕྱི་མ།
དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་ནང་རིག་གཞུང་འགྲན་བསྡུར་གནང་བ།
Menu