ཟླ་རེའི་གསར་འགྱུར།

བྱིས་པའི་འགུལ་བརྙན་གླུ་གཞས་གསར་པ་བཟོ་སྐྲུན་ལེགས་གྲུབ་ཟིན་པ།

གསར་འཕྲིན།

༄༅། །འདི་ལོ་ཤེས་རིག་ལས་ཁུངས་ནས་ཕྱོགས་ཚད་གཉིས་ལྡན་གྱི་འགུལ་བརྙན་ཐོག་བྱིས་པའི་གླུ་གཞས་ཐེངས་དང་པོ་བཟོ་སྐྲུན་ལེགས་པར་གྲུབ་སྟེ། བོད་པའི་བྱིས་པ་ཚོར་ལེགས་སྐྱེས་སུ་འབུལ་ཐུབ་པ་བྱུང་ཡོད།དེ་ཡང་དེང་གི་ཆར་འགུལ་བརྙན་ནི་སློབ་ཁྲིད་རིག་པའི་ཐབས་ལམ་གལ་ཆེའི་གྲས་སུ་བརྩི་བཞིན་པ་ལྟར། ཕྱི་ལོ་ ༢༠༡༨ ཟླ་ ༡༡ ནས་ཕྱོགས་ཚད་གཉིས་ལྡན་གྱི་འགུལ་བརྙན་ཐོག་བྱིས་པའི་གླུ་གཞས་ལྔ་བཟོ་སྐྲུན་བྱེད་འགོ་བཙུགས་ཏེ། འདི་ལོ་ཟླ་ ༦ ནང་། ནམ་དུས་བཞི་དང་། ང་ཚོ་བོད་པའི་གཞས་ལ། ཕ་རི་སྤང་གི་སྟེང་ལ། བྱ་སྐད་འདོན་པ། ཤིང་སྡོང་མཐོན་པོའི་རྩེ་ལ། ཞེས་པའི་བྱིས་པའི་གླུ་གཞས་ཁག་ལྔ་བཟོ་སྐྲུན་ཐུབ་པ་བྱུང་ཡོད།

This image has an empty alt attribute; its file name is Lamton3-809x1024.jpg

ལས་དོན་འདིའི་ཐོག་དྷ་སྟེང་བོད་ཁྱིམ་གྱི་སྔོན་དགེ་སྤེན་པ་སྒྲོལ་མ་ལགས་ཀྱི་གཞས་ཚིག་དང་། བོད་ཀྱི་ཟློས་གར་ཚོགས་པ་ནས་གླུ་གཞས་དང་གདངས་དབྱངས་འཇུག་སྒྲིག་གིས་མཐུན་འགྱུར་གནང་ཞིང་། འགུལ་བརྙན་བཟོ་སྐྲུན་པ་དོན་གྲུབ་པ་སངས་ཀྱིས་བཟོ་འགོད་བྱས་པ་ཞིག་ཡིན།

བྱིས་པའི་གླུ་གཞས་དེ་དག་རྒྱ་ཆེའི་མང་ཚོགས་ནས་ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་སློབ་སྦྱོང་དྲྭ་ཚིགས་ bodyiglobjong.com ནས་གཟིགས་ཐུབ་པ་མ་ཟད། ཕབ་ལེན་ཡང་གནང་ཐུབ་ཀྱི་ཡོད།
ལས་གཞི་འདིའི་འགྲོ་གྲོན་གཏོང་མཁན་ཨ་རིའི་རོགས་ཚོགས་ཡིན།

དེ་དང་ཕྱོགས་མཚུངས་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༥ ཟླ་ ༨ ནས་ཕྱོགས་ཚད་གསུམ་ལྡན་གྱི་བྱིས་པའི་འགུལ་བརྙན་དང་། ཕྱོགས་ཚད་གཉིས་ལྡན་གྱི་བྱིས་པའི་འགུལ་བརྙན་བཟོ་སྐྲུན་དང་སྐད་སྒྱུར་འཇུག་གི་ལས་གཞི་འགོ་འཛུགས་ཞུས་ཏེ། ད་ཕན་ལ་དྲན་པ་བརྗེད་སླ་བའི་ཨ་ཁུ་ཕག་པའི་ལེའུ་བཞི་ཕྱོགས་ཚད་གསུམ་ལྡན་ཐོག་བཟོས་ཟིན་པ་མ་ཟད། འབྱོར་བསྐྱལ་དང་དོན་གྲུབ་ཀྱི་ལེའུ་གཉིས་ཕྱོགས་ཚད་གཉིས་ལྡན་ཐོག་བཟོས་ཟིན།

དེ་བཞིན་བུདྡྷ་སཱུཏྲ་ཞེས་པའི་ལེའུ་བཅུ་གཉིས་ཅན་གྱི་བསྐྱར་སྐྲུན་བདག་དབང་ཡོད་པའི་ཐོག་བོད་སྐད་དུ་སྐད་སྒྱུར་འཇུག་ཞུས་ཏེ། རྒྱ་བལ་གཉིས་ཀྱི་བོད་པའི་སློབ་གྲྭ་ཡོངས་ལ་བགོ་འགྲེམས་ཞུས་ཡོད་ལ། འདི་ག་ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་སློབ་སྦྱོང་དྲྭ་ཚིགས་སྟེང་བཞག་ཡོད་པ་བཅས། །

སྔོན་མ།
ལྷོ་ཕྱོགས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་དང་། སློབ་གྲྭ། དགོན་སྡེ་བཅས་སུ་ཐ་སྙད་གོ་རྟོགས་རྒྱ་ཆེ་སྤེལ་བ།
ཕྱི་མ།
ཚན་རིག་སློབ་དེབ་བསྐྱར་ཞིབ་ཚོགས་འདུ་ཐེངས་གཉིས་པ་ཚོགས།
Menu