ལ་དྭགས་བསོད་ནམས་གླིང་གཞིས་ཁོངས་བོད་ཁྱིམ་ཉིན་སློབ།

[toc] ལ་དྭགས་གཞིས་གྲོང་ཁག་གི་ནང་བུ་ཕྲུག་ཡོད་པ་རྣམས་ལ་སློབ་སྦྱོང་འགོ་འཛུགས་དུས་སུ་ཐུབ་པ་དང༌། ཕ་མ་བུ་ཕྲུག་ཡོངས་ལ་གང་ཅིའི་ངལ་བ་སེལ་ཐབས་སོགས་ལ་དམིགས་ཏེ་ལ་དྭགས་བོད་ཁྱིམ་གྱི་གཟིགས་སྐྱོང་འོག་ཕྱི་ལོ་༡༩༧༧ ཕྱི་ཟླ་ ༨ ཚེས་༡ ནས་སྔོན་འགྲོའི་སྡེ་ཚན་གསར་འཛུགས་གནང་བ་དང༌། རིམ་བཞིན་གནས་བབ་ལ་གཟིགས་ཏེ་འཛིན་རིམ་གོང་སྤར་གྱིས་ད་བར་གྱི་གནས་སྟངས་ལོ་རྒྱུས་གནད་བསྡུས་གཤམ་གསལ།

༡།    ཨག་གླིང་ཉིན་སློབ།

སློབ་གྲྭ་འདིའི་ནང་སྔོན་འགྲོ་ནས་འཛིན་རིམ་བརྒྱད་པ་བར་སློབ་ཕྲུག་གྲངས་༢༡༩ དང་ལས་བྱེད་༢༢ ཡོད། སློབ་གྲྭ་འདིའི་ནང་འཛིན་རིམ་བརྒྱད་པ་བར་གྱི་ཤེས་ཡོན་དང་མཚུངས་པའི་དཔེ་མཛོད། ཚོགས་ཁང༌། འཛིན་ཁང༌། རྩེད་ཐང་སོགས་སློབ་གྲྭའི་དགོས་གལ་གྱི་མཐུན་རྐྱེན་ཆ་ཚང་ཡོད། ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་སྡོམ་ཐོ་ལྟར་ན། ལོར་དེར་སློབ་ཕྲུག་བུ་༡༡༨ དང་བུ་མོ་༡༠༩ བཅས་ཁྱོན་བསྡོམས་༢༢༧ ཡོད་པ་ཚང་མ་ཉིན་སློབ་ཡིན་པ་དང༌། བོད་རིགས་མ་ཡིན་པའི་སློབ་མ་༩ ཡོད། ཁྱོན་བསྡོམས་དགེ་རྒན་༡༦ དང་ལས་བྱེད་༤ བཅས་ཁྱོན་བསྡོམས་དགེ་ལས་༢༠ ཡོད། ཕྱི་ལོ་༡༩༨༩ ལོ་ནས་༢༠༠༩ བར་ལ་དྭགས་ཨག་གླིང་ཉིན་སློབ་འདིའི་འདས་པའི་ལོ་ངོ་༢༡ རིང་སློབ་ཕྲུག་གྲངས་འབོར་གྱི་གནས་སྟངས་གཤམ་གསལ།

༢།    སྨན་ལྷ་ཉིན་སློབ།

སྨན་ལྷ་ཡན་ལག་སློབ་གྲྭ་འདི་ནི། ཕྱི་ལོ་༡༩༧༧ ལོར་ཐོག་མར་དབུ་འཛུགས་ཞུས་ཏེ་ད་ཆ་སྔོན་འགྲོ་འཛིན་རིམ་གསུམ་པ་བར་སློབ་ཕྲུག་གྲངས་༩༦ དང༌། དགེ་རྒན་ལས་བྱེད་༡༠ བཅས་ལ་ལ་དྭགས་ཁུལ་གྱི་སློབ་སྤྱི་མཚུངས་ལྟར་གྱི་མཐུན་རྐྱེན་ཆ་ཚང་བ་ཡོད། ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སྡོམ་ཐོ་ལྟར་ན། ལོ་དེར་སློབ་ཕྲུག་བུ་༥༨ དང་བུ་མོ་༥༠ བཅས་ཁྱོན་བསྡོམས་༡༠༨ ཡོད་པ་ཚང་མ་ཉིན་སློབ་ཡིན་པ་དང༌། བོད་རིགས་མ་ཡིན་པའི་སློབ་མ་༡༡ ཡོད། དགེ་རྒན་༧ དང་ལས་བྱེད་༡ བཅས་ཁྱོན་བསྡོམས་དགེ་ལས་༨ ཡོད། ཕྱི་ལོ་༡༩༨༩ ལོ་ནས་༢༠༠༨ བར་འདས་པའི་ལོ་ངོ་༡༨ རིང་གི་སློབ་ཕྲུག་གྲངས་འབོར་གནས་སྟངས་གཤམ་གསལ།

༣།    ལྕོག་ལམ་ཉིན་སློབ།

སློབ་གྲྭ་འདི་ཕྱི་ལོ་༡༩༧༧ ལོ་འགོ་འཛུགས་བྱས། ཐོག་མར་སྔོན་འགྲོ་ནས་འཛིན་རིམ་གསུམ་པ་བར་སློབ་ཕྲུག་གྲངས་༦༣ དང་དགེ་རྒན་ལས་བྱེད་༨ ཡོད། གོང་གསལ་ཉིན་སློབ་གསུམ་ལ་ཁོངས་སོ་སོར་ཤེས་ཡོན་དང་འབྲེལ་བའི་དགོས་མཁོ་ཡོ་ཆས་ཇི་དགོས་ཐོག་ཉིན་མོའི་གསོལ་ཇ་གསོལ་ཚིགས་སོགས་སྦྱོར་སྤྲོད་གནང་བཞིན་པ་མ་ཟད།  ལ་དྭགས་ལྷོ་བྱང་གི་གཞིས་མིའི་གནས་སྟངས་ལ་གཞིགས་ཏེ་བུ་ཕྲུག་འཚོ་སྐྱོང་དང༌།  ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུ་སོགས་དམིགས་བསལ་དགོངས་བཞེས་ཀྱིས་ཁོངས་སོ་སོའི་འཛིན་རིམ་མཐོ་ཤོས་སློབ་མཐར་ཕྱིན་པའི་སློབ་མ་རྣམས་ལ་དྭགས་བོད་ཁྱིམ་ཨ་མར་གནས་སྤོས་ཀྱིས་འཛིན་རིམ་བཅུ་པ་བར་སློབ་སྦྱོང་གི་གོ་སྐབས་ཐོག་སྣག་སྨྱུག་ཡན་སྦྱོར་སྤྲོད་ཞུ་བཞིན་ཡོད། འཛིན་རིམ་བཅུ་པ་ཐོན་རྗེས་ཀྱང་རང་རང་ཡིག་ཚད་ཀྱི་གྲུབ་འབྲས་གཞིར་བཟུང་བོད་ཁྱིམ་གྱི་འགྲོ་ལུགས་སྒྲིག་གསལ་ལྟར་བོད་ཁྱིམ་གྱི་འཛིན་གྲྭ་བཅུ་གཉིས་ཡོད་སའི་སློབ་ཁག་ནང་གནས་སྤོ་ཞུས་ཏེ་བོད་ཁྱིམ་གཏན་སློབ་དང་དབྱེར་མེད་གཟིགས་རྟོགས་ལམ་སྟོན་ཞུ་མུས་སུ་ཡོད་པ་མ་ཟད།  ཤེས་ཡོན་སློབ་སྦྱོང་སྤྲད་རྒྱུའི་ཐོག་དམིགས་བསལ་འགན་ཞུས་ཀྱིས་ལ་དྭགས་ནང་ཤེས་ཡོན་གྱི་གོ་སྐབས་མ་ཐོབ་པའི་བུ་ཕྲུག་མེད་ངེས་ཀྱི་གནས་སྟངས་ཤིག་ཆགས་ཡོད་པ་མ་ཟད། ས་གནས་ཀྱི་གནས་སྟངས་ལ་གཞི་བཅོལ་གྱིས་ཤེས་ཡོན་སྦྱོང་སྤྲོད་ཡུན་རིང་གཟིགས་སྐྱོང་ཇི་དགོས་བོད་ཁྱིམ་རང་ནས་དམིགས་བསལ་འགན་ཞུ་བྱེད་བཞིན་ཡོད། ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སྡོམ་ཐོ་ལྟར་ན། ལོ་དེར་ལྕོག་ལམ་ཉིན་སློབ་ནང་སློབ་ཕྲུག་བུ་༣༥ དང་བུ་མོ་༣༦ བཅས་ཁྱོན་བསྡོམས་༧༡ ཡོད་པ་ཚང་མ་ཉིན་སློབ་ཡིན་པ་དང༌། ས་གནས་ཡུལ་མིའི་སློབ་མ་༤ བཅས་ཡོད། ཁྱོན་བསྡོམས་དགེ་རྒན་༧ དང་ལས་བྱེད་༡ བཅས་ཁྱོན་བསྡོམས་དགེ་ལས་༨ ཡོད། ཕྱི་ལོ་༡༩༩༡ ལོ་ནས་༢༠༠༩ བར་འདས་པའི་ལོ་ངོ་༡༩ རིང་གི་སློབ་ཕྲུག་གྲངས་འབོར་གནས་སྟངས་གཤམ་གསལ།