ལ་དྭགས་བྱང་ཐང་གཏན་སློབ་ཁག

[toc]
བོད་ཁྱིམ་ནང་བུ་ཕྲུག་བཞེས་རྒྱུར་ལོ་ན་ཆུང་ཁར་ཕ་མའི་གཅེས་སྐྱོང་དགོས་གལ་ཆེ་བའི་དུས་སྐབས་ཤིག་དང༌།  ཕྱོགས་གཞན་ཞིག་ནས་ཤེས་ཡོན་སློབ་སྦྱོང་འགོ་འཛུགས་དགོས་པ་སོགས་ལ་གཟིགས་ཏེ་བྱང་ཐང་ས་ཁག་གསུམ་ལ་འཛིན་ཁང་དང༌། ལས་ཤག  སྡོད་ཁང༌། གསོལ་གཉེར་སྡེ་ཚན་སོགས་དགོས་གལ་ལྟར་ཕྱི་ལོ་༡༩༧༩ ཕྱི་ཟླ་ ༨ པའི་ནང་ཨར་ལས་འཛུགས་སྐྲུན་འགོ་འཛུགས་ཀྱིས་ཨར་ལས་མཇུག་བསྡོམས་ཟིན་བསྟུན་དབུ་འབྱེད་གནང༌། བྱང་ཐང་དུ་གནམ་གཤིས་གྲང་ངར་ཆེ་བར་བརྟེན་སློབ་གྲྭ་ཁག་གི་ནང་ཉལ་ཁང་ནང་ཉི་མའི་ཚ་དྲོད་བེད་སྤྱོད་སྒྲིག་ཆས་གསར་འཛུགས་གནང་ཡོད།

༡།    ཧང་ལེ་གཏན་སློབ།

སློབ་གྲྭ་འདི་ནི་ཕྱི་ལོ་༡༩༨༠ ཟླ་༦ ཚེས་༢༥ ཉིན་གསར་འཛུགས་གནང༌། ཕྱི་ལོ་༢༠༠༨ ལོར་སློབ་ཕྲུག་གྲངས་༢༥༩ དང་ལས་བྱེད་གྲངས་༢༨ སྔོན་འགྲོ་ནས་འཛིན་རིམ་བརྒྱད་པ་བར་ཡོད་པ་སློབ་མཐར་ཕྱིན་རྗེས་ཅོག་ལམ་གསར་ལ་དྭགས་བོད་ཁྱིམ་ནང་གནས་སྤོ་ཞུ་བཞིན་ཡོད།
ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སྡོམ་ཐོ་ལྟར་ན། ལོ་དེར་སློབ་ཕྲུག་བུ་༡༣༥ དང་བུ་མོ་༡༢༣ བཅས་ཁྱོན་བསྡོམས་༢༥༨ ཡོད་པའི་ཁོངས་གཏན་སློབ་༡༩༧ ཡོད་པ་དང༌། ཉིན་སློབ་༥༩ ཡོད། ས་གནས་ཡུལ་མིའི་སློབ་མ་༧༠ བཅས་ཡོད། དགེ་རྒན་༡༥ དང་ལས་བྱེད་༡ བཅས་ཁྱོན་བསྡོམས་དགེ་ལས་༡༦ ཡོད།
ཕྱི་ལོ་༡༩༨༩ ལོ་ནས་༢༠༠༩ བར་འདས་པའི་ལོ་ངོ་༢༡ རིང་གི་སློབ་ཕྲུག་གྲངས་འབོར་གནས་སྟངས་གཤམ་གསལ།

༢།    བྱང་ཐང་སུམ་མདོ་གཏན་སློབ།

སློབ་གྲྭ་འདི་ནི་ཕྱི་ལོ་༡༩༨༠ ཟླ་༦ ཚེས་༢༣ ཉིན་དབུ་བརྙེས་ཏེ་ཕྱི་ལོ་༢༠༠༨ ལོར་སློབ་ཕྲུག་གྲངས་༦༣ དང་དགེ་ལས་གྲངས་༧ ཡོད་ལ། སྔོན་འགྲོ་ནས་འཛིན་རིམ་གསུམ་པ་བར་ཡོད།
ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སྡོམ་ཐོ་ལྟར་ན། ལོ་དེར་སློབ་ཕྲུག་བུ་༣༧ དང་བུ་མོ་༢༣ བཅས་ཁྱོན་བསྡོམས་༦༠ ཡོད་པའི་ཁོངས་གཏན་སློབ་༥༤ ཡོད་པ་དང༌། ཉིན་སློབ་༦ ཡོད། ས་གནས་ཡུལ་མིའི་སློབ་མ་༡  ཁྱོན་བསྡོམས་དགེ་རྒན་༥ བཅས་ཡོད།
སློབ་གྲྭ་འདིའི་ཕྱི་ལོ་༡༩༨༩ ལོ་ནས་༢༠༠༨ བར་འདས་པའི་ལོ་ངོ་༢༠ རིང་གི་སློབ་ཕྲུག་གྲངས་འབོར་འཕར་ཆག་ཅི་བྱུང་གི་གནས་སྟངས་གཤམ་གསལ།

༣།    ནུ་མ་གཏན་སློབ།

སློབ་གྲྭ་འདི་ནི་ཕྱི་ལོ་༡༩༨༠ ཟླ་༦ ཚེས་༢༤ ཉིན་གསར་འཛུགས་གནང༌། ཕྱི་ལོ་༢༠༠༨ ལོར་སློབ་ཕྲུག་གྲངས་༧༤ དང་ལས་བྱེད་གྲངས་༧ སྔོན་འགྲོ་ནས་འཛིན་རིམ་གསུམ་པ་མཐར་ཕྱིན་རྗེས་གོང་གསལ་སློབ་ཁག་གཉིས་ནས་ཧང་ལེ་སློབ་གྲྭར་གནས་སྤོ་དང༌། འཛིན་རིམ་བརྒྱད་པ་མཐར་ཕྱིན་རྗེས་ཧང་ལེ་སློབ་གྲྭ་ནས་ལྕོག་ལམ་བོད་ཁྱིམ་ཨ་མའི་ཁོངས་སུ་གནས་སྤོ་བྱེད་བཞིན་ཡོད།
ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་སྡོམ་ཐོ་ལྟར་ན། ལོ་དེར་སློབ་ཕྲུག་བུ་༤༡ དང་བུ་མོ་༣༥ བཅས་ཁྱོན་བསྡོམས་༧༦ ཡོད་པའི་ཁོངས་གཏན་སློབ་༥༡ ཡོད་པ་དང༌། ཉིན་སློབ་༢༥ ཡོད། ས་གནས་ཡུལ་མིའི་སློབ་མ་༤  དང༌། དགེ་རྒན་༥ བཅས་ཡོད།
སློབ་གྲྭ་འདིའི་ཕྱི་ལོ་༡༩༨༩ ལོ་ནས་༢༠༠༩ བར་འདས་པའི་ལོ་ངོ་༢༡ རིང་གི་སློབ་ཕྲུག་གྲངས་འབོར་འཕར་ཆག་ཅི་བྱུང་གི་གནས་སྟངས་གཤམ་གསལ།

ནུ་མ་སློབ་གྲྭའི་གཟིགས་སྐྱོང་འོག་རྒན་གསོ་ཁང་ཞིག་ཡོད་པ་དེའི་ནང་ཁུལ་དེའི་རྒས་གཅོང་གཟིགས་སྐྱོང་བྱ་མི་མེད་གྲས་གྲངས་༡༥ ཡོད་པ་རྣམས་ལ་འཚོ་གོས་གནས་མལ་སོགས་གཟིགས་སྐྱོང་ཡོངས་རྫོགས་སྡེ་ཚན་འདི་ནས་ལམ་སྟོན་རོགས་རམ་ཇི་དགོས་ཞུ་བཞིན་ཡོད།
གོང་གསལ་སློབ་གྲྭ་ཁག་གི་བུ་ཕྲུག་ཚོའི་ཕ་མ་རྣམས་འབྲོག་པའི་ཡིན་སྟབས་སྡོད་གནས་ཡང་ཡང་སྤོ་དགོས་ཀྱི་ཡོད་པར་བརྟེན།  བུ་ཕྲུག་རྣམས་རྒྱུན་ཉར་མི་བྱ་ཐབས་མེད་ཀྱི་ཆ་ནས་གཏན་སློབ་བཟོས་ཏེ་ཁྱིམ་སྡེ་ཁག་དང་དབྱེར་མེད་ཀྱི་མཐུན་རྐྱེན་སྦྱོར་སྤྲོད་འཐུས་གཙང་ཞུས་ཡོད།