དྷ་ཤོད་བོད་ཁྱིམ་སློབ་གྲྭ།

[toc]

༡།    འགོ་འཛུགས།

དྷ་ཤོད་བོད་ཁྱིམ་སློབ་གྲྭ་འདི་ཐོག་མར་ཕྱི་ལོ་༡༩༨༤ གོང་ནས་གསར་འཛུགས་གནང་ཡོད་ཀྱང༌། སློབ་གྲྭ་དངོས་གཞི་འགོ་འཛུགས་དུས་ནི་ཕྱི་ལོ་༡༩༨༤ ཕྱི་ཟླ་༥ ཚེས་༡ ཉིན་ཡིན། དེ་སྔ་བུ་ཕྲུག་བཞེས་པ་རྣམས་ནང་མིའི་གནས་སྟངས་དཀའ་ངལ་ཡོད་པ་འབའ་ཞིག་ལ་བརྟེན་ཕྲུ་གུ་སློབ་འཇུག་སྐབས་བཞེས་ཉར་མ་ཞུ་ཐབས་མེད་བྱུང་ཡོད་ཀྱང༌། རིམ་བཞིན་སྤྱི་ཚོགས་ཀྱི་གནས་སྟངས་ཡར་རྒྱས་ཀྱི་ཕྱོགས་སུ་འགྲོ་བའི་ཆ་ནས་སློབ་འཇུག་ཞུ་ཕྱོགས་ལའང་འགྱུར་བ་བཏང་སྟེ་སློབ་དོད་འབུལ་ཐུབ་མཁན་ཚོས་འབུལ་ཞུ་དགོས་པའི་སྐུལ་མ་མུ་མཐུད་གནང་བ་དང༌། ཕ་མ་མང་པོས་ཀྱང་མོས་མཐུན་ཞུས་ཏེ་དོད་འབུལ་ཞུས་ཆོག་པ་དང༌། བུ་ཕྲུག་བཞེས་ཉར་དགོས་པའི་འབོད་སྐུལ་ཞུ་རྒྱུའི་བསམ་ཚུལ་ཡང་གསལ་འདོན་བྱུང༌། ཕྱོགས་གཞན་ཞིག་ནས་བོད་ནང་སློབ་སྦྱོང་གི་གོ་སྐབས་ཇི་བཞིན་མ་ཐོབ་པའི་བུ་ཕྲུག་མང་པོ་སློབ་སྦྱོང་ཆེད་ཡོང་བའི་གནས་ཚུལ་སོགས་ལ་བརྟེན་འཚོ་དོད་འབུལ་མཁན་སློབ་མ་གཙོ་བོར་དམིགས་པའི་སློབ་གྲྭ་ཞིག་དགོས་གལ་དུ་གཟིགས་ཏེ་བུ་ཕྲུག་༧༠༠ སྐོར་འཚོ་གནས་ཐུབ་པའི་འཆར་འགོད་བྱས་པ་དང་ཆབས་ཅིག་ཨར་ལས་འགོ་འཛུགས་དང་འབྲེལ་བའི་ལས་བྱེད་༣ དང༌། ཨར་ལས་གང་མཚམས་གྲུབ་སྐབས་སློབ་སྤྱི་དང་དགེ་རྒན་དེ་བཞིན་མ་ཚབ་སོགས་ཁྱོན་མི་གྲངས་༤༣ དང༌། འགོ་འཛུགས་ཀྱི་ཆེད་དུ་བོད་ནས་འབྱོར་བའི་སློབ་ཕྲུག་༡༠༠ ཐམ་པ་བཅས་བཏང་སྟེ། ཕྱི་ལོ་༡༩༨༤ ཕྱི་ཟླ་༥ ཚེས་༡ ནས་དངོས་སུ་དབུ་འཛུགས་གནང༌། དེ་ནས་བུ་ཕྲུག་དགོས་དམིགས་ལྟར་རིམ་བཞིན་སློབ་འཇུག་གནང་སྟེ་དེ་ལོ་སློབ་ཕྲུག་གྲངས་༣༤༥ སློབ་འཇུག་ཐུབ་པ་བྱུང་ཡོད། ཐོག་མའི་དམིགས་ཡུལ་ལྟར་ཕ་མ་ཚོའི་ངོས་ནས་ཟས་གོས་གནས་མལ་དོད་ཕ་མའི་ངོས་ནས་འབུལ་རྒྱུར་སློབ་བཞེས་དགོས་ཞུ་བ་མང་བ་དང༌།  ཁྱིམ་སྡེའི་ངོས་ནས་ཀྱང་དེ་ལྟའི་འབོད་སྐུལ་ཞུ་བའི་སྐབས་ཤིག་དང་བསྟུན་ནས་རིམ་བཞེས་ཞུས་ཏེ་དེང་སྐབས་གཏན་ཉིན་སློབ་ཕྲུག་ཁྱོན་བསྡོམས་༧༩༡ དང༌། དགེ་རྒན་དང་ལས་བྱེད་ཁྱོན་བསྡོམས་༩༡ ཡོད།

༢།    སློབ་འཇུག་དང་ཡིག་རྒྱུགས་གནས་སྟངས།

དྷ་ཤོད་བོད་ཁྱིམ་གྱི་སློབ་འཇུག་དང་མཐོ་རྒྱུགས་གྲུབ་འབྲས་གནས་སྟངས་རགས་བསྡུས་ཤིག་ཞུས་ན། སློབ་གྲྭ་འདིའི་འདས་པའི་ལོ་ངོ་༡༢ རིང་འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་གྲུབ་འབྲས་གནས་སྟངས་གཤམ་གསལ། 

བྱ་ར། རྒྱུགས་ཞུགས། རྒྱུགས་འཕྲོད་པ། བསྐྱར་རྒྱུགས། རྒྱུགས་མ་འཕྲོད་པ། རྒྱུགས་འཕྲོད་བརྒྱ་ཆ།
ཕྱི་ལོ་༡༩༩༨ ༨༨ ༨༤ ༩༥་༤༥
ཕྱི་ལོ་༡༩༩༩ ༧༨ ༦༩ ༨༨་༤༦
ཕྱི་ལོ་༢༠༠༠ ༧༡ ༥༨ ༡༣ ༨༡་༦༩
ཕྱི་ལོ་༢༠༠༡ ༧༩ ༦༡ ༡༨ ༧༧་༢༢  
ཕྱི་ལོ་༢༠༠༢ ༨༥ ༧༥ ༨༨་༢༣
ཕྱི་ལོ་༢༠༠༣ ༨༤ ༧༦ ༩༠་༤༧
ཕྱི་ལོ་༢༠༠༤ ༧༨ ༧༢ ༩༢་༣༡
ཕྱི་ལོ་༢༠༠༥ ༧༥ ༦༤ ༡༡ ༨༥་༣༣
ཕྱི་ལོ་༢༠༠༦ ༦༥ ༦༡ ༩༣་༨༥
ཕྱི་ལོ་༢༠༠༧ ༧༨ ༦༥ ༡༣ ༨༣་༣༣
ཕྱི་ལོ་༢༠༠༨ ༨༡ ༧༤ ༡༣ ༩༡་༣༦
ཕྱི་ལོ་༢༠༠༩ ༦༩ ༥༣ ༡༦ ༧༦་༨༡

ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་སྡོམ་ཐོ་ལྟར་ན། ལོ་དེར་སློབ་ཕྲུག་བུ་༤༢༡ དང་བུ་མོ་༣༧༠ བཅས་ཁྱོན་བསྡོམས་༧༩༡ ཡོད་པའི་ནང་སློབ་ཕྲུག་༡༠༥ ཉིན་སློབ་ཡིན་པ་དང༌། སློབ་ཕྲུག་༦༨༦ གཏན་སློབ་ཡིན་ཞིང༌། བོད་རིགས་མ་ཡིན་པའི་སློབ་ཕྲུག་གྲངས་༧༩ ཡོད། དགེ་རྒན་༤༥ དང་ལས་བྱེད་༣༢ བཅས་ཁྱོན་བསྡོམས་དགེ་ལས་༧༧ ཡོད། ཕྱི་ལོ་༡༩༨༩ ནས་༢༠༠༩ བར་འདས་པའི་ལོ་ངོ་༢༡ རིང་དྷ་ཤོད་བོད་ཁྱིམ་གྱི་སློབ་ཕྲུག་གྲངས་འབོར་གནས་སྟངས་གཤམ་གསལ།