གྷོ་པལ་པུར་བོད་ཁྱིམ་སློབ་གྲྭ།

[toc]

༡།    འགོ་འཛུགས།

སྐབས་དེར་བོད་ནས་བུ་ཕྲུག་ཤེས་ཡོན་སློབ་སྦྱོང་བྱ་ཆེད་ཡོང་མཁན་ཇེ་མང་དུ་འགྲོ་བའི་གནས་སྟངས་འོག་ད་ཡོད་སློབ་གྲྭ་ཁག་ཏུ་ཤོང་ཐབས་མེད་སྟབས། སློབ་གྲྭ་གསར་པ་ཞིག་དགོས་གལ་ཆེ་ངེས་ལ་གཟིགས་ཏེ། ས་ཆ་སྤུས་གཟིགས་ཀྱིས་སློབ་ཁྱིམ་གསར་རྒྱག་ཆེད་འཆར་གཞི་སྔོན་སོང་བཞིན་དགོས་མཁོའི་རྒྱུ་ཆ་སྤུས་གཟིགས་གནང་སྟེ། དཀའ་ངལ་འཕྲལ་སེལ་སླད་ལྕགས་ཤོག་གིས་འཛིན་ཁང་དང་ཉལ་ཁང་གསར་རྒྱག་བྱས་པས་གསོག་སྒར་སློབ་མ་ཞེས་པའི་མིང་ཐོགས། ཕྱི་ལོར་༡༩༩༦ ལོ་བོད་ནས་འབྱོར་བའི་སློབ་མ་༡༠༠ རྨང་གཞི་བྱས་པའི་ཐོག་དབུ་འཛིན་གྱིས་གཙོས་ལས་བྱེད་གྲངས་༡༤ བསྐོ་འཛུགས་ཀྱིས་སློབ་མ་རྣམས་ལ་སློབ་སྦྱོང་སྤྲད་རྒྱུ་འགོ་འཛུགས་ཞུས། ལོ་དེའི་ལོ་མཇུག་ཏུ་ཁྱོན་བསྡོམས་སློབ་འཇུག་དགོངས་བཞེས་ཐུབ་པའི་སློབ་མ་གྲངས་༢༤༥ བྱུང་ཡོད། ཕྱི་ལོ་༡༩༩༧ ཟླ་༦ ཚེས་༢༣ ཉིན་འཆར་གསལ་ཨར་ལས་གང་ཙམ་ལེགས་གྲུབ་བྱུང་བར་བརྟེན། ཨེ་སེ་ཨོ་ཨེ་སའི་ (SOS)གཙོ་སྐྱོང་མཆོག་གིས་གཙོས་པའི་འབྲེལ་ཡོད་གལ་ཆེའི་ཕྱི་ནང་གི་མི་སྣ་ཆེད་དུ་གདན་ཞུས་ཀྱིས་དབུ་འབྱེད་གནང་ཞིང༌། ཕྱི་ལོ་༢༠༠༨ ལོར་ཁྱོན་བསྡོམས་སློབ་ཕྲུག་གྲངས་༡༤༩༧ དང༌། དགེ་རྒན་དང་ལས་བྱེད་ཁྱོན་བསྡོམས་༡༤༦ བཅས་ཡོད། སློབ་གྲྭ་འདི་དེབ་སྐྱེལ་བྱས་རྗེས་༢༠༠༡ ལོར་འཛིན་རིམ་བཅུ་པ་བཙུགས་པ་དང༌། ཕྱི་ལོ་༢༠༠༣ ལོར་འཛིན་རིམ་བཅུ་གཉིས་བར་སྤོར་ཆ་གནང༌།

༢།    མཐུན་རྐྱེན་འཛུགས་སྐྲུན།

གྷོ་པལ་པུར་བོད་ཁྱིམ་འདི་ཉིད་ཆགས་ཡུལ་བཞུགས་སྒར་དྷ་ས་དང་སྦིར་སུ་ཇ་བོད་ཁྱིམ་གཉིས་ཀྱི་དབར་པཱ་པལ་པུར་ཞེས་པའི་གྲོང་གདལ་ཉེ་ཁུལ་དུ་ཡོད། སློབ་གྲྭ་ཆགས་ཡུལ་གྱི་ཁོར་ཡུག་ཤིང་ནགས་དང་ཞིང་ས་མང་ཞིང་ཡུལ་གྲོང་ཅུང་ཉུང་བ། གནམ་གཤིས་ཚ་གྲང་སྙོམས་པ་བཅས་སློབ་སྦྱོང་གི་ཁོར་ཡུག་མཆོག་ཏུ་གྱུར་པ་ཞིག་ཡིན། དེང་སྐབས་སློབ་གྲྭའི་ནང་ཁྱིམ་ཚང་༣༠ དང་བུ་ཕྲུག་ཆེ་བའི་སྡོད་ཁང་༣ སྔོན་འགྲོ་ནས་འཛིན་རིམ་བཅུ་གཉིས་བྱུང་རིག་སྡེ་ཚན་བར་གྱི་འཛིན་ཁང་༣༩ ཚོགས་ཁང༌།  དཔེ་མཛོད་དང༌།  ཚན་རིག་ཁང༌།  གསོལ་གཉེར་སྡེ་ཚན།  སྨན་ཁང༌།  གསོལ་གཉེར་སྡེ་ཚན།  ཡིག་ཚང་ཁག ལས་ཤག  རྩེད་ཐང་སོགས་ཨར་ལས་བྱེད་སྒོ་རྣམས་འཆར་གསལ་ལག་བསྟར་བྱས། དཔེ་མཛོད་ནང་བུ་ཕྲུག་ཚོའི་སློབ་ཚན་དང་འབྲེལ་ཆགས་གཙོ་འདོན་གྱིས་དུས་མཚམས་ཕྱག་དེབ་སྤྱི་དང༌། དུས་དེབ་དང་གསར་ཤོག ལྷག་པར་སློབ་དེབ་དང་གཞོགས་འདེགས་དེབ་རིགས་སྣ་མང་ཕུན་སུམ་ཚོགས་པ་མདོར་ན་སྣག་སྨྱུག་ཚུན་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་ནས་སྤྱི་མཚུངས་མཁོ་འདོན་གནང་ཡོད། སྡེ་ཚན་སོ་སོར་མཁོ་བའི་འཛིན་ཆས་རྒྱས་སྤྲོས་མེད་ཀྱང་འདང་ངེས་མཁོ་སྤྲོད་ཀྱིས་དངོས་ཡོད་གནས་སྟངས་ལ་བསྟུན་ནས་བཟོ་བཅོས་སོགས་དུས་བསྟུན་གནང་མུས་ཡིན།

༣།    སློབ་འཇུག་དང་ཡིག་རྒྱུགས་གནས་སྟངས།

ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སྡོམ་ཐོ་ལྟར་ན། ལོ་དེར་གྷོ་པལ་པུར་བོད་ཁྱིམ་དུ་སློབ་ཕྲུག་བུ་༧༠༦ དང་བུ་མོ་༧༦༥ བཅས་ཁྱོན་བསྡོམས་སློབ་ཕྲུག་༡༤༧༡ ཡོད་པའི་ཁྲོད་ཉིན་སློབ་སློབ་མ་༣ མ་གཏོགས་དེ་བྱིངས་ཚང་མ་གཏན་སློབ་ཡིན་ཞིང༌། བོད་རིགས་མ་ཡིན་པའི་སློབ་ཕྲུག་༡ ཡོད། དགེ་རྒན་༧༡ དང་ལས་བྱེད་༦༨ བཅས་ཁྱོན་བསྡོམས་དགེ་ལས་༡༣༩ ཡོད། ཕྱི་ལོ་༡༩༩༨ ནས་༢༠༠༨ བར་འདས་པའི་ལོ་ངོ་༡༡ རིང་སློབ་གྲྭ་འདིའི་སློབ་ཕྲུག་གྲངས་འབོར་འཕར་ཆག་གི་གནས་སྟངས་གཤམ་གསལ། སློབ་གྲྭ་འདིར་ཕྱི་ལོ་༢༠༠༡ ལོར་འཛིན་རིམ་བཅུ་པ་གསར་འཛུགས་གནང་བ་ནས་བཟུང༌། ཕྱི་ལོ་༢༠༠༢ ནས་རྒྱ་གར་རྒྱལ་ཡོངས་ལོ་འཁོར་ཡིག་རྒྱུགས་ནང་འཛུལ་ཞུགས་བྱས། ཕྱི་ལོ་༢༠༠༢ ནས་ད་བར་གྱི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་གནས་སྟངས་ཞིབ་ཙམ་བཀོད་པ་གཤམ་གསལ་ལྟར། 

བྱ་ར། རྒྱུགས་ཞུགས། རྒྱུགས་འཕྲོད་པ། བསྐྱར་རྒྱུགས། རྒྱུགས་མ་འཕྲོད་པ།
ཕྱི་ལོ་༢༠༠༢ ༥༤ ༤༠ ༡༤
ཕྱི་ལོ་༢༠༠༣ ༨༨ ༧༣ ༡༥
ཕྱི་ལོ་༢༠༠༤ ༨༡ ༦༨ ༡༣
ཕྱི་ལོ་༢༠༠༥ ༦༣ ༤༧ ༡༦
ཕྱི་ལོ་༢༠༠༦ ༧༧ ༥༣ ༢༤
ཕྱི་ལོ་༢༠༠༧ ༥༥ ༤༧
ཕྱི་ལོ་༢༠༠༨ ༧༧ ༥༣ ༢༤
ཕྱི་ལོ་༢༠༠༩ ༡༠༩ ༡༠༣

སློབ་གྲྭ་འདིར་ཕྱི་ལོ་༢༠༠༣ ནས་བཟུང་འཛིན་རིམ་བཅུ་གཉིས་པ་གསར་འཛུགས་བྱས་ཏེ། ཕྱི་ལོ་༢༠༠༤ ནས་རྒྱལ་ཡོངས་ཡིག་རྒྱུགས་ནང་འཛུལ་ཞུགས་བྱས་ཡོད། དེ་ནས་ད་བར་གྱི་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་གནས་སྟངས་བཀོད་པ་གཤམ་གསལ། 

བྱ་ར། རྒྱུགས་ཞུགས། རྒྱུགས་འཕྲོད་པ། བསྐྱར་རྒྱུགས། རྒྱུགས་མ་འཕྲོད་པ།
ཕྱི་ལོ་༢༠༠༤ ༨༡ ༦༨ ༡༣
ཕྱི་ལོ་༢༠༠༥ ༡༤༦ ༡༤༥
ཕྱི་ལོ་༢༠༠༦ ༢༠༢ ༢༠༡
ཕྱི་ལོ་༢༠༠༧ ༡༨༡ ༡༨༠
ཕྱི་ལོ་༢༠༠༨ ༡༩༤ ༡༩༣
ཕྱི་ལོ་༢༠༠༩ ༢༡༢ ༢༡༢

 

 

༣།    ཤེས་ཡོན་གནས་སྟངས།

 

 

སློབ་གྲྭ་འདིའི་སློབ་ཕྲུག་ཚང་མ་བོད་ཡུལ་སྟོད་སྨད་ནས་འབྱོར་བ་ཞེ་གཅིག་ཡིན་ཞིང༌། སློབ་ཕྲུག་མང་པོ་ཞིག་ན་ཚོད་ཆུང་ཞིང་རྒྱ་གར་ནང་ཕ་མ་དང་གཉེན་ཉེ་གང་ཡང་མེད་སྟབས། བོད་ཁྱིམ་ནས་སྔར་གྱི་ཉམས་མྱོང་ལྟར་ཁྱིམ་ཚང་དང་སློབ་གྲྭ་གཉིས་ཀའི་ཚབ་བྱས་ཏེ། སློབ་ཕྲུག་རྣམས་ལ་ཁྱིམ་ཚང་གི་མཐུན་རྐྱེན་དང་མ་ཚབ་བཅས་བཀོད་སྒྲིག་གནང་བ་ཙམ་མ་ཡིན་པར། ྋགོང་ས་མཆོག་གི་བཀའ་སློབ་དགོངས་དོན་དང་བོད་མིའི་གོམས་གཤིས་བཟང་པོའི་རྒྱུན་འཛིན་གྱིས་སློབ་ཕྲུག་ཚོར་ཁྱིམ་མི་སྤུན་ཟླའི་འདུ་ཤེས་བཅངས་ཏེ་བྱམས་སྐྱོང་གནང་བའི་རྐྱེན་གྱིས། སློབ་ཕྲུག་རྣམས་སློབ་མཐར་ཕྱིན་ཏེ་རང་རང་གི་ལས་གནས་ཐོག་ཞུགས་ཀྱང་བོད་ཁྱིམ་སྐབས་ཀྱི་དྲོད་འཇམ་ལྡན་པའི་འཚོ་བའི་བག་ཆགས་ཀྱིས་རང་ཉིད་ཀྱི་མི་ཚེ་ལ་ཤུགས་རྐྱེན་བཟང་པོ་ཐེབས་པ་གདོན་མི་ཟ། ཕྱི་ལོ་༢༠༠༡ ནས་བཟུང་སློབ་གྲྭ་འདིར་འཛིན་རིམ་བཅུ་པ་གསར་འཛུགས་བྱུང་བས། སློབ་གྲྭ་རང་ནས་ཐོན་པའི་སློབ་ཕྲུག་གི་སྤུས་ཚད་ཕྱིར་མངོན་ཡོད། ལོ་རེའི་ཡིག་རྒྱུགས་དང་འགྲན་བསྡུར། སྤྱི་ཡོངས་ཤེས་ཡོན་གྱི་སྤུས་ཚད། གཞི་རིམ་མཐུན་རྐྱེན་བཅས་ཕྱོགས་གང་ས་ནས་བཙན་བྱོལ་བོད་མིའི་སློབ་གྲྭ་ལེགས་གྲས་སུ་ཚུད་ཡོད།