[toc]
༡། འགོ་འཛུགས།
ཌལ་ཧོར་གཏན་སློབ་ནི་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཅམ་པ་རྫོང་ཁོངས་ཌལ་ཧོ་སི་ཞེས་པའི་ཧི་མ་ལ་ཡ་འདབས་རྒྱུད་ཀྱི་རི་གྲོང་ཞིག་ཏུ་ཆགས་ཡོད། ས་དེར་པཱ་ཋན་ཀོ་ཊི་གྲོང་ཁྱེར་ནས་ཀི་ལོ་མི་ཊར་༨༥ ཡས་མས་དང༌། དྷ་རམ་ས་ལ་ནས་འགྲུལ་འཁོར་ནང་ཆུ་ཚོད་༥ ཡས་མས་ཀྱི་ས་ཁུལ་དུ་ཆགས་ཡོད།
སློབ་གྲྭ་འདི་ནི་ཕྱི་ལོ་༡༩༦༣ ལོར་ཌལ་ཧོ་སི་ཞེས་པའི་རི་གྲོང་དུ་གསར་འཛུགས་གནང༌། སྐབས་དེར་ཌལ་ཧོར་དང་དྷ་རམ་ས་ལ་སོགས་པན་ཇབ་མངའ་སྡེའི་ཁོངས་གཏོགས་ཡིན།
ཌལ་ཧོར་གཏན་སློབ་ནི་བཙན་བྱོལ་བོད་མིའི་སློབ་གྲྭ་ཨང་བཞི་པ་དེ་ཡིན་ཞིང༌། བོད་མི་རྣམས་ཐོག་མར་བོད་ནས་འབྱོར་སྐབས་གནམ་གཤིས་དང་ས་བབ་འཕྲོད་མིན་གྱི་དཀའ་ངལ་ཤིན་ཏུ་ཆེ་སྟབས། རྒྱ་གར་བྱང་ཕྱོགས་ཁུལ་དུ་ལམ་བཟོ་སོགས་ངལ་རྩོལ་གླ་ལས་ཀྱི་འཚོ་ཐབས་ལ་བརྟེན་ཡོད། སྐབས་དེར་ཌལ་ཧོར་ས་ཆ་འདི་ནི་གནམ་གཤིས་དང་ས་བབ་གང་ཅིའི་ཆ་ནས་བོད་མི་རྣམས་ལ་ཤིན་ཏུ་འཕྲོད་པོ་བྱུང་བས། ཕྱི་ལོ་༡༩༥༩ ཟླ་༡༠ པར་གསར་དུ་བཙུགས་པའི་རྒྱ་གར་དབུས་རོགས་སྐྱོར་ལྷན་ཚོགས་གྱི་བོད་མི་ཚོར་རོགས་སྐྱོར་གྱི་དམིགས་བསལ་ལས་རིམ་བཀོད་སྒྲིག་གནང་བའི་ཁྲོད། ཌལ་ཧོར་ཁུལ་འདིར་བོད་མི་ན་གཞོན་མི་གྲངས་༥༠༠ ཙམ་བསྡུ་རུབ་ཀྱིས་བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་དང་ལག་ཤེས་སྦྱོང་བརྡར་ཁང་ཞིག་གསར་འཛུགས་གནང༌།
དེང་གི་ཌལ་ཧོར་བཟོ་གྲྭ་ནི་ལག་ཤེས་སྦྱོང་བརྡར་ཁང་དེའི་ཤུལ་རྒྱུན་ཡིན། བཟོ་གྲྭ་དེའི་མཉམ་དུ་ཐོག་མར་བུ་གསོ་ཁང་ཞིག་བཙུགས་པ་དེའི་མིང་ལ་“ཌལ་ཧོར་སྐྱབས་བཅོལ་བོད་མིའི་ལག་ཤེས་བཟོ་གྲྭའི་བུ་གསོ་ཁང་”ཞེས་འབོད།
ཕྱི་ལོ་༡༩༦༣ ལོར་སློབ་ཕྲུག་༥༥༠ ཙམ་ཡོད་པའི་སློབ་གྲྭ་ཟུར་འཛུགས་ཀྱིས་བོད་ཡིག་དང༌། ཨིན་ཇི། ཧིན་དི་བཅས་ཀྱི་སློབ་ཚན་བཀོད་སྒྲིག་བྱས། སྐབས་དེའི་སློབ་ཕྲུག་ཕལ་ཆེ་བ་ལོ་ན་༡༤ ནས་༢༥ བར་ཡིན།
སློབ་གྲྭ་འདི་ཐོག་མར་འཛུགས་སྐབས་སློབ་ཕྲུག་༢༥༠ ཡས་མས་དང༌། དགེ་རྒན་༡༥ ཡས་མས་ཡོད། སློབ་གྲྭ་འདིའི་སློབ་སྤྱི་དང་པོ་སྐུ་ཞབས་ངག་དབང་རྒྱལ་མཚན་ལགས་ཡིན།
ཕྱི་ལོ་༡༩༩༠ ལོར་སློབ་ཕྲུག་༦༨༠ ལོངས་པ་དེ་སློབ་གྲྭའི་ལོ་རྒྱུས་ཁྲོད་མང་ཤོས་སུ་གྱུར། ཕྱིས་སུ་རིམ་གྱིས་སློབ་ཕྲུག་གྲངས་འབོར་ཇེ་ཉུང་དུ་གྱུར་ཏེ། ཕྱི་ལོ་༢༠༠༨ ལོར་སློབ་ཕྲུག་༡༩༣ དང༌། དགེ་རྒན་༡༧ དགེ་རྒན་མ་ཡིན་པའི་ལས་བྱེད་༡༥ བཅས་ཡོད།
༢། མཐུན་རྐྱེན་འཛུགས་སྐྲུན།
སློབ་གྲྭ་འདི་ཐོག་མར་འགོ་འཛུགས་སྐབས་ཐག་ཉེ་ཁང་ཁུངས་དུ་མ་ཞིག་གླ་གཡར་དང་སྤུས་གཟིགས་ཀྱི་ལམ་ནས་ཞུས་པ་གཤམ་གསལ།
ཀ) Sant Niwas ཁ) Raj Bhavan
ག) Shiv Niwas ང) Ekantika (གླ་གཡར)
ཅ) Al-Aziz ཆ) Baitul Fazal
ཇ) Alveli ཉ) Porland
ཏ) Om Niwas (གླ་གཡར།) ཐ) Bakrota Hall (དབུས་ཤེས་རིག་ལས་ཁུངས་ལ་གཏོགས།)
དེ་རྗེས་རིམ་བཞིན་འཛིན་ཁང་དང་ཞག་སྡོད་ཉལ་ཁང༌། མཐུན་རྐྱེན་གཞན་བཅས་འཛུགས་སྐྲུན་བྱས་པའི་བརྒྱུད་རིམ་མདོར་ཙམ་བཀོད་པ་གཤམ་གསལ།
༡ ཕྱི་ལོ་༡༩༦༥ ལོར་ཧིན་སྒོར་༨༧༥༧༥༢༩ འགྲོ་གྲོན་བཏང་སྟེ་སློབ་ཁང་གཙོ་བོ་ཐོག་བརྩེགས་གཅིག་ཁང་མིག་༢༣ ཅན་གསར་རྒྱག་གནང༌།
༢ ཕྱི་ལོ་༡༩༦༦ ལོར་ཧིན་སྒོར་༣༡༦༢༦ འགྲོ་གྲོན་བཏང་སྟེ་ཐོག་བརྩེགས་གཅིག་ཅན་གྱི་དགེ་རྒན་གྱི་ལས་ཤག་ཁང་སྡེ་དང་པོ་ཁང་མིག་ལྔ་དང༌། ཧིན་སྒོར་༦༥༠༠༠ འགྲོ་གྲོན་བཏང་སྟེ་སློབ་ཕྲུག་བུའི་ཉལ་ཁང་ཐོག་བརྩེགས་གཅིག་ཅན་གསར་རྒྱག་གནང༌།
༣ ཕྱི་ལོ་༡༩༦༧ ལོར་ཧིན་སྒོར་༣༤༣༩༨ དང་༡༢༤༠༠༠ བཅས་འགྲོ་གྲོན་བཏང་སྟེ་ཐོག་བརྩེགས་གཅིག་ཅན་གྱི་སློབ་ཕྲུག་བུ་མོའི་ཉལ་ཁང་གསར་རྒྱག་གནང༌།
༤ ཕྱི་ལོ་༡༩༦༨ ལོར་ཧིན་སྒོར་༡༧༨༧༥༠ འགྲོ་གྲོན་བཏང་སྟེ་ཐོག་བརྩེགས་གཅིག་ཅན་གྱི་སློབ་ཕྲུག་བུ་ཆུང་གྲས་ཀྱི་ཉལ་ཁང་གསར་རྒྱག་གནང༌།
༥ ཕྱི་ལོ་༡༩༩༧ ལོར་ཧིན་སྒོར་༡༥༠༡༠༠༠ འགྲོ་གྲོན་བཏང་སྟེ་ཐོག་བརྩེགས་གཅིག་ཅན་གྱི་འཛིན་ཁང་༥ གསར་རྒྱག་གནང༌།
༦ ཕྱི་ལོ་༢༠༠༢ ལོར་ཧིན་སྒོར་༥༠༠༢༩༡༦ འགྲོ་གྲོན་བཏང་སྟེ་ལས་ཤག་ཁང་སྡེ་གཉིས་པ་ཐོག་བརྩེགས་གཅིག་ཅན་ནང་ཁང་མིག་བཅུ་དང༌། ཐོག་བརྩེགས་གཉིས་ཅན་ནང་ཁང་མིག་དྲུག་ཅན་བཅས་གསར་རྒྱག་གནང༌།
༧ ཕྱི་ལོ་༢༠༠༦ ལོར་ཧིན་སྒོར་༥༠༠༠༠༠ འགྲོ་གྲོན་བཏང་སྟེ་ཐོག་བརྩེགས་གཅིག་ཅན་གྱི་ལས་ཤག་ཁང་སྡེ་ཨང་རིམ་གཉིས་པ་ཅན་༢ གསར་རྒྱག་གནང༌།
༨ ཕྱི་ལོ་༢༠༠༧ ལོར་སྒོར་འབུམ་༡༥ བཏང་སྟེ་སློབ་མའི་ཉལ་ཁང་རྒྱ་བསྐྱེད་དང་བསྒྱུར་བཅོས་ཀྱི་ལས་གཞི་འགོ་འཛུགས་གནང་ཡོད།
གཞན་ཡང༌། སློབ་ཁང་དང་ལས་ཤག་སོགས་དུས་ནས་དུས་སུ་བཟོ་བཅོས་དང་ཞིག་གསོ་བྱས་པའི་གནས་སྟངས་རགས་བསྡུས་གཤམ་གསལ།
ལོ་དུས། འགྲོ་གྲོན། ལས་གཞིའི་འགྲེལ་བརྗོད།
༢༠༠༣།༠༤ སྒོར་༡༠༠༠༠༠ སློབ་གྲྭའི་ས་གནས་སློབ་སྟོན་ཚོགས་ཆུང་བརྒྱུད་ཞིག་གསོ།
༢༠༠༤།༠༥ སྒོར་༩༩༩༧༦ སློབ་གྲྭའི་ས་གནས་སློབ་སྟོན་ཚོགས་ཆུང་བརྒྱུད་ཞིག་གསོ།
༢༠༠༥།༠༦ སྒོར་༡༠༠༠༠༠ སློབ་གྲྭའི་ས་གནས་སློན་སྟོན་ཚོགས་ཆུང་བརྒྱུད་ཞིག་གསོ།
༢༠༠༦།༠༧ སྒོར་༡༠༠༠༠ སློབ་གྲྭའི་ཁང་པ་དང་ལས་ཤག་གི་ཐོག་བཟོ་བཅོས།
༢༠༠༧།༠༨ སྒོར་༩༤༠༠༣ སློབ་གྲྭའི་ས་གནས་སློན་སྟོན་ཚོགས་ཆུང་བརྒྱུད་ཞིག་གསོ།
༢༠༠༨།༠༩ སྒོར་༡༥༨༦༠༠༠ སློབ་གྲྭའི་སྡོད་ཁང་ངམ་ཉལ་ཁང་བཟོ་བཅོས་ཆེད།
༡༩༩༩།༠༠ སྒོར་༢༩༠༤༥༠ ལས་ཤག་དང་རྩེད་ར་བཟོ་བཅོས།
༢༠༠༠།༠༡ སྒོར་༧༤༤༨༨ ལས་ཤག་དམིགས་བསལ་བཟོ་བཅོས།
༢༠༠༡།༠༢ སྒོར་༤༥༦༩༢༤ བུའི་ཉལ་ཁང་དང་སློབ་གྲྭའི་ཁང་པར་ར་སྐྱོར་གསར་རྒྱག
༢༠༠༢།༠༣ སྒོར་༩༨༩༤༡ སློབ་སྤྱིའི་ཁང་མིག་སྒྱུར་བཅོས།
༢༠༠༥།༠༦ སྒོར་༨༩༩༢༢ ཆུ་སྦུག་བཟོ་བཅོས་དང་ཁང་པའི་ཐོག་ཁེབས་བཟོ་བཅོས།
༢༠༠༦།༠༧ སྒོར་༢༩༧༦༦༤ སློབ་ཁང་ཨ་མའི་རྒྱབ་ཏུ་རྩིག་སྐྱོར་དང་བཟོ་བཅོས་གཞན།
མཐུན་རྐྱེན་ཆ་ཚང་ཅན་གྱི་ཀམ་པུ་ཊར་སྦྱོང་བརྡར་ཁང་ནང་ཀམ་པུ་ཊར་༡༧ ཡོད་ཅིང༌། ད་ལྟའི་ཆར་འཛིན་རིམ་བཅུ་གཅིག་ནང་ཀམ་པུ་ཊར་སློབ་སྦྱོང་བྱེད་མཁན་སློབ་ཕྲུག་༡༦ དང་བཅུ་གཉིས་ནང་༡༣ ཡོད། དབུས་བོད་སློབ་འཛིན་སྐྱོང་ཚོགས་པ་ནས་སློབ་ཚན་གཏན་འབེབས་གནང་བ་ལྟར་འཛིན་རིམ་དྲུག་པ་ནས་བཅུ་པ་བར་གྱི་སློབ་ཕྲུག་ཚོས་ཀྱང་བེད་སྤྱོད་བྱེད་ཆོག ཀམ་པུ་ཊར་སློབ་སྟོན་པ་ཞིག་ཆོད་གན་ཐོག་ཡོད་པ་ཁོང་གིས་སློབ་ཕྲུག་ཚོར་སློབ་སྟོན་བྱེད་ཀྱིན་ཡོད། ཀམ་པུ་ཊར་སྦྱོང་བརྡར་ཁང་ནང་དྲ་རྒྱའི་མཐུན་རྐྱེན་ཡོད་པ་མ་ཟད། རྩིག་བརྙན་འཕྲུལ་ཆས་(LCD)ཀྱི་ཆ་རྐྱེན་ཀྱང་བསྐྲུན་ཡོད། གཞན་ཡང་མཐུན་རྐྱེན་ཆ་ཚང་ལྡན་པའི་ཚན་རིག་ཚོད་ལྟ་ཁང་དང༌། ཤེས་ཡོན་མཐུན་རྐྱེན་ལྟེ་གནས། ས་ཁམས་ཚོད་ལྟ་ཁང༌། རྩིས་རིག་ཚོད་ལྟ་ཁང༌། ཉུང་མཐའི་ཤེས་ཡོན་གནས་ཚད།(MLL) རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ།(NSS) གདོང་ལེན་རུ་ཁག ལུས་སྦྱོང་ཚོགས་ཁང༌། གཞས་སྣའི་སྡེ་ཚན། འཚེམ་བུ་སྡེ་ཚན། རྩེད་མོའི་སྡེ་ཚན། ཁོར་ཡུག་ཚོགས་པ་སོགས་ཡོད།
སློབ་གྲྭ་འདིར་ཆ་རྐྱེན་ལེགས་གྲས་ཀྱི་དཔེ་མཛོད་ཁང་ཞིག་ཡོད་པའི་ནང༌། ཨིན་བོད་ཧིན་གསུམ་གྱི་དཔེ་དེབ་སྣ་འཛོམས་ཡོད་པའི་ཐོག སློབ་ཕྲུག་ཉལ་ཁང་ནང་དུའང་དཔེ་རིགས་འགྲེམས་འཇོག་གིས་ཀློག་བལྟའི་མཐུན་རྐྱེན་མཁོ་སྒྲུབ་གནང་ཡོད། ལོ་རེ་བཞིན་བོད་གཞུང་ཤེས་རིག་ལས་ཁུངས་གཙོས་པའི་སྡེ་ཚན་ཁག་ནས་བོད་ཡིག་དཔེ་དེབ་ཕོན་ཆེན་རིན་མེད་འགྲེམས་སྤེལ་གནང་མུས་ཁག་ཁུངས་སོ་སོའི་རྩ་འཛིན་ལམ་སྟོན་བཞིན་བཀོལ་སྤྱོད་དང་ལག་བསྟར་ཚུལ་བཞིན་ཞུ་མུས་ཡིན།
༣། སློབ་འཇུག་དང་ཡིག་རྒྱུགས་གྲུབ་འབྲས།
སློབ་གྲྭ་ཐོག་མར་དབུ་བརྙེས་པ་ནས་བཟུང་ཕྱི་ལོ་༢༠༠༨ བར་སློབ་གྲྭ་འདིའི་འཛིན་རིམ་མཐོ་ཤོས་སློབ་ཐོན་བྱུང་བའི་སློབ་མ་ཁྱོན་བསྡོམས་༦༠༠ ལྷག་ཟིན་ཡོད།
འདས་པའི་ལོ་ངོ་༢༡ རིང་ཌལ་ཧོར་གཏན་སློབ་ཀྱི་སློབ་ཕྲུག་གྲངས་འབོར་གནས་སྟངས་གཤམ་གསལ།
ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་སྡོམ་རྩིས་བྱས་པ་ལྟར་ན། ལོ་དེར་སློབ་ཕྲུག་གྲངས་༢༣༦ ཡོད་པའི་
ནང་བོད་པའི་ཕྲུ་གུ་༢༠༢ ཡོད་པ་དང༌། བོད་རིགས་མ་ཡིན་པའི་ཕྲུ་གུ་༣༤ ཡོད། གཏན་ཉིན་སློབ་ཕྲུག་གྲངས་འབོར་ནི། གཏན་སློབ་ཕྲུ་གུ་གྲངས་༡༧༠ དང་ཉིན་སློབ་ཕྲུ་གུ་༦༦ བཅས་བྱུང་ཡོད།
སློབ་གྲྭ་འདིའི་འཛིན་རིམ་བཅུ་པ་དང་བཅུ་གཉིས་པའི་རྒྱལ་ཡོངས་ཡིག་རྒྱུགས་གནས་སྟངས་གཤམ་གསལ།
བྱ་ར། | ༡༠ པའི་ཕྲུག་གྲངས། | རྒྱུགས་འཕྲོད་བརྒྱ་ཆ། | ༡༢ པའི་ཕྲུག་གྲངས། | རྒྱུགས་འཕྲོད་བརྒྱ་ཆ། |
ཕྱི་ལོ་༡༩༩༨ | ༦༣ | ༩༢་༧༢ | ༢༥ | ༨༨་༠༠ |
ཕྱི་ལོ་༡༩༩༩ | ༤༧ | ༥༡་༠༦ | ༣༩ | ༩༧་༤༣ |
ཕྱི་ལོ་༢༠༠༠ | ༥༡ | ༥༤་༩༠ | ༡༤ | ༡༠༠་༠༠ |
ཕྱི་ལོ་༢༠༠༡ | ༥༣ | ༣༣་༩༦ | ༢༧ | ༧༠་༣༧ |
ཕྱི་ལོ་༢༠༠༢ | ༥༤ | ༦༤་༨༡ | ༡༩ | ༨༤་༢༡ |
ཕྱི་ལོ་༢༠༠༣ | ༦༣ | ༤༤་༤༤ | ༢༤ | ༩༡་༦༦ |
ཕྱི་ལོ་༢༠༠༤ | ༥༦ | ༧༥་༠༠ | ༢༣ | ༡༠༠་༠༠ |
ཕྱི་ལོ་༢༠༠༥ | ༥༣ | ༨༤་༩༡ | ༣༦ | ༩༤་༤༤ |
ཕྱི་ལོ་༢༠༠༦ | ༣༢ | ༥༩་༣༨ | ༣༤ | ༨༨་༢༤ |
ཕྱི་ལོ་༢༠༠༧ | ༢༧ | ༩༦་༣༠ | ༣༩ | ༨༩་༧༤ |
ཕྱི་ལོ་༢༠༠༨ | ༢༢ | ༩༠་༩༡ | ༣༤ | ༧༩་༤༡ |
ཕྱི་ལོ་༢༠༠༩ | ༤༡ | ༦༣་༤༡ | ༡༨ | ༩༤་༤༤ |
ཕྱི་ལོ་༢༠༠༩ ༤༡ ༦༣་༤༡ ༡༨ ༩༤་༤༤
སློབ་གྲྭ་འདིའི་ཕྱི་ལོ་༢༠༠༧ ལོའི་འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་རྒྱུགས་འཕྲོད་བརྒྱ་ཆ་༩༦་༣ དང༌། ཕྱི་ལོ་༢༠༠༨ ལོར་བརྒྱ་ཆ་༩༠་༩༡ ཕྱི་ལོ་༢༠༠༩ ལོར་བརྒྱ་ཆ་༦༣་༤༡ བཅས་ལོངས་ཡོད། དེ་བཞིན་ཕྱི་ལོ་༢༠༠༧ ལོའི་འཛིན་རིམ་བཅུ་གཉིས་པའི་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་རྒྱུགས་འཕྲོད་བརྒྱ་ཆ་༨༩་༧༤ དང༌། ཕྱི་ལོ་༢༠༠༨ ལོར་བརྒྱ་ཆ་༧༩་༤༡ ཕྱི་ལོ་༢༠༠༩ ལོར་བརྒྱ་ཆ་༩༤་༤༤ བཅས་ལོངས་ཡོད། རྒྱ་གར་དབུས་འབྲིང་སློབ་ཤེས་ཡོན་ལྷན་ཚོགས་(CBSE)ཀྱི་ཕྱི་ལོ་༢༠༠༨ ལོའི་འཛིན་རིམ་བཅུ་པ་དང་བཅུ་གཉིས་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་རྩེ་མོར་ལོན་པའི་སློབ་ཕྲུག་ནི་འཛིན་རིམ་བཅུ་པའི་སློབ་མ་ཚེ་རིང་བདེ་སྐྱིད་ལ་ཆ་སྙོམས་བརྒྱ་ཆ་༦༨་༦%(༥༠༠ནས་༣༡༩)ཐོབ་ཡོད་པ་དང༌། འཛིན་རིམ་བཅུ་གཉིས་པའི་སློབ་མ་བསྟན་འཛིན་ནོར་སྒྲོན་ལ་ཆ་སྙོམས་བརྒྱ་ཆ་༧༠་༤%(༥༠༠ནས་༣༥༢)ཐོབ་ཡོད།
༤། ཤེས་ཡོན་ལས་རིམ།
སློབ་གྲྭ་འདིའི་སློབ་ཕྲུག་ཚོར་རྒྱལ་ཡོངས་ཤེས་ཡོན་གྱི་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཁང་(NCERT)ནས་གཏན་འབེབས་གནང་བའི་སློབ་དེབ་ཁག་དང༌། གཞི་རིམ་འོག་མའི་ནང་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་གཏན་འབེབས་གནང་བའི་གཞི་རིམ་འོག་མའི་སློབ་དེབ་ཁག་བཅས་ལོ་ལྟར་རིན་མེད་དུ་འགྲེམས་སྤྱོད་བྱེད་བཞིན་ཡོད།
དགེ་རྒན་གྱི་སྡེ་ཚན་འདྲ་མིན་ལ་སོ་སོའི་ལས་དོན་ཡར་རྒྱས་འབྱུང་ཆེད་ཆེད་ལས་སྦྱོང་བརྡར་རིམ་པར་སྦྱོར་སྤྲོད་ཀྱིས་སློབ་ཁྲིད་དང་གོ་རྟོགས་ནུས་རྩལ་གང་ཅིར་སྤྱི་ཡོངས་ནས་ཕན་ཐོགས་ཆེན་པོ་བྱུང་ཡོད། ལྷག་པར་ཕྱི་ལོ་༡༩༩༤ ནས་བཟུང་གཞི་རིམ་འཛིན་གྲྭ་ལྔ་པ་བར་བོད་ཡིག་ཐོག་སློབ་ཁྲིད་འགོ་འཛུགས་བྱས་པ་ནས་བཟུང༌། དགེ་རྒན་ཟབ་སྦྱོང་རིམ་པར་འཛུལ་ཞུགས་ཀྱིས་དགེ་རྒན་ཚོས་རང་ཉིད་ཀྱི་ཤེས་ཚད་ཡར་རྒྱས་བཏང་སྟེ། གཞི་རིམ་འོག་མའི་སློབ་ཁྲིད་ཀྱི་སྤུས་ཚད་ཡར་རྒྱས་མངོན་གསལ་ཕྱིན་ཡོད། དགེ་རྒན་ཚོར་སྦྱོང་བརྡར་ཡང་ཡང་སྤྲོད་པ་ལ་བརྟེན་ནས་དུས་རབས་ཀྱི་འགྱུར་འགྲོས་དང་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་བའི་ཆ་རྐྱེན་སྐྲུན་ཐབས་བྱེད་མུས་ཡིན།
སློབ་གྲྭའི་འཛིན་རིམ་སོ་སོར་བསླབ་བྱའི་ནང་དོན་དང་སློབ་ཚན་བཀོད་སྒྲིག་གནང་སྟངས་ཐད། དབུས་བོད་སློབ་འཛིན་ཚོགས་ཀྱིས་གཏན་འབེབས་བྱས་པའི་སློབ་གཞིའི་ལས་རིམ་དང་རྒྱུན་ཆགས་ལག་བསྟར་བྱེད་མུས་ཐོག སྲོལ་རྒྱུན་དང་དེང་རབས་ཀྱི་བཟོ་རིག་ལག་རྩལ་མཁོ་ངེས་འགའ་ངེས་སྦྱོང་སློབ་ཚན་ཁོངས་ཡོད་པ་མ་ཟད། འཛིན་རིམ་སོ་སོར་ཀམ་པུ་ཊར་སྦྱོང་བརྡར་གྱི་ནང་དོན་འཆར་ཅན་སྤེལ་མུས་ཡིན། གཞན་ཡང་ཟློས་གར། རྩེད་འགྲན། བལྟ་བསྐོར། ཕྱི་བསྐྱོད་སྤྲོ་འཆམ། སྲོལ་རྒྱུན་དུས་ཆེན་དང་དེང་རབས་ཀྱི་དུས་དྲན་སྲུང་བརྩི། ས་གནས་སློབ་ཁག་དབར་འབྲེལ་འདྲིས། དམག་སྦྱོང་ཉམས་གསོག་སོགས་སྤྱི་ཚོགས་ཀྱི་བྱེད་སྒོ་དང་ལས་འགུལ་ནང་མཉམ་ཞུགས་བྱས་ཏེ་ཤེས་ཡོན་སློབ་སྦྱོང་དང་ཁོར་ཡུག་སྤྱི་ཚོགས་རྒྱུས་རྟོགས་ཟུང་འབྲེལ་གྱི་ཐབས་བྱུས་ལག་བསྟར་བྱེད་མུས་ཡིན། དེང་སྐབས་སློབ་གྲྭའི་ནང་དགེ་རྒན་གྲངས་༡༧ ཡོད་པ་ཆ་ཚང་འོས་སྦྱོང་ཐོན་པ་ཤ་སྟག་ཡིན་པའི་ཐོག དབུས་བོད་སློབ་འཛིན་ཚོགས་དང༌། ཤེས་རིག་ལས་ཁུངས་ནས་ཟབ་སྦྱོང་རིགས་གོ་སྒྲིག་གནང་བར་དང་དོད་ཆེན་པོའི་ངང་འཛུལ་ཞུགས་ཞུ་མུས་ཡིན།
སློབ་གྲྭ་འདིའི་གདོང་ལེན་རུ་ཁག་ལ་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུའི་ཁྲོད་སྲིད་བློན་གྱི་གཟེངས་རྟགས་ཐོབ། གདོང་ལེན་རུ་ཁག་གི་འགོ་ཁྲིད་ནི་རཱ་ཇི་ལགས་(Neeraj)བོད་སློབ་འཛིན་ཚོགས་ཀྱི་སྐུ་ཚབ་ཀྱི་ངོ་བོར་རྒྱལ་ཡོངས་འགྲན་ཚོགས་“ངས་སེམས་དཔའ་ཆེན་པོ་བསྐྱར་གསོ་”(“I Revive Mahatma’’)ཞེས་པའི་ནང་འཛུལ་ཞུགས་བྱས་པར་མངའ་སྡེའི་རིམ་པའི་བྱ་དགའ་དང་པོ་ཐོབ། སློབ་གྲྭའི་རྒྱ་གར་གདོང་ལེན་རུ་ཁག་སྡེ་ཚན་ནས་ཨེམ་པི་མངའ་སྡེའི་པཱ་ཆ་མ་རི་(Pachmarhi)རུ་རྒྱལ་ཡོངས་བློ་སྟོབས་སྐྱེད་རུང་བའི་ལས་འགུལ་ནང་མཉམ་ཞུགས་བྱས།
༥། གཞུང་འབྲེལ་འཚམས་གཟིགས།
སློབ་གྲྭ་འདིར་བོད་གཞུང་དང་རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ཀྱི་གནད་ཡོད་མི་སྣས་དུས་ནས་དུས་སུ་གཟིགས་སྐོར་དང་རྟོག་ཞིབ་གནང་སྟེ། སློབ་གྲྭའི་ཤེས་ཡོན་དང་འཛིན་སྐྱོང་གང་ཅིར་ལམ་སྟོན་དང་གཟིགས་སྐྱོང་གང་ལེགས་གནང་ཡོད། གཞན་ཡང་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་འཚམས་སྦྱོར་དང་གདན་ཞུས་གནང་བའི་བླ་སྤྲུལ་དང་མཁས་དབང་མང་པོ་ཞིག་སློབ་གྲྭ་འདིར་འཚམས་གཟིགས་གནང་བ་བཅས་ཀྱིས། སློབ་གྲྭའི་ཤེས་ཡོན་དང་འཛིན་སྐྱོང་གང་ཅིར་ཡར་བསྐུལ་ཆེན་པོ་བྱུང་ཡོད།
ཉེ་ལམ་ཕྱི་ལོ་༢༠༠༤ ཟླ་༡༠ ཚེས་༡༦ ནས་༡༧ བར་དབུས་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ཌོག་ཊར་ཝར་མ་དང་ཕྱག་རོགས་ཤེས་ཡོན་འགན་འཛིན་གཞོན་པ་སྐུ་ཞབས་རཱ་ན། ཤེས་རིག་ཟུང་དྲུང་རི་ཁ་བཀྲ་ཤིས་ནོར་བུ་བཅས་ཆེད་ཕེབས་ཀྱིས་ཤེས་ཡོན་རྟོག་ཞིབ་གནང༌།
ཕྱི་ལོ་༢༠༠༧ ཟླ་༡༠ ཚེས་༥ ཉིན་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ཆིབས་བསྒྱུར་གནང་བ་དང༌། རྒྱ་གར་ཡར་རྒྱས་ཚོགས་པའི་རྒྱལ་ཡོངས་གཞས་སྣ་འཁྲབ་སྟོན་རུ་ཁག་ནང་ཆ་ཤས་བླངས་ཏེ་བོད་པའི་གཞས་སྣ་འཁྲབ་སྟོན་བྱས་ཡོད་ལ། ལོ་ལྟར་ཧི་མ་ཅལ་མངའ་སྡེའི་ཅམ་པ་རྫོང་དུ་ཚུགས་བཞིན་པའི་རྒྱལ་སྤྱིའི་ཚོང་འདུས་(International Fair “Minjar Mela”)སུ་རིག་གཞུང་བྱེད་སྒོའི་ནང་ཆ་ཤས་བླངས་དང་ལེན་བཞིན་ཡོད།