སྲིད་སྐྱོང་གཟེངས་བསྟོད་ཕྱག་ཁྱེར་གནང་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢ ཉིན། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བ་འི་ནང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས། བོད་མི་རྣམས་ལ་མང་གཙོའི་ལམ་བཟང་གསོལ་བསྩལ་བཀའ་དྲིན་བསྐྱངས་ཏེ། མི་ལོ་ ༥༩ འཁོར་བའི་དུས་དྲན་གྱི་གཞུང་འབྲེལ་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་གྲོང་ཁྱེར་འཛུགས་སྐྲུན་ཡར་རྒྱས་བློན་ཆེན་ལྕམ་སྐུ་སར་ཝཱིན་ཅོ་དེ་རི་ (Smt. Sarveen Chaudhary) མཆོག་གིས། འདི་ག་ཤེས་རིག་ལས་ཁུངས་ཀྱི་གྲ་སྒྲིག་ལྟར་འབུམ་རམས་པའི་བསླབ་གནས་བླངས་པའི་མི་བཞི་ལ་སྲིད་སྐྱོང་གཟེངས་བསྟོད་ཕྱག་ཁྱེར་དང་ལེགས་སྐྱེས་གནང་ཡོད།

>

སྲིད་སྐྱོད་གཟེངས་བསྟོད་བཞེས་མཁན་བཞིའི་མཚན་དང་ངོ་སྤྲོད་སྙིང་བསྡུས།

༡། བསྟན་འཛིན་བསྟན་སྐྱོང་ལགས་ནི། གཞི་རིམ་སློབ་གྲྭ་ལ་དྭགས་བོད་ཁྱིམ་དང་། སུ་ཇཱ། གོ་པལ་པུར། དྷ་སྟེང་བོད་ཁྱིམ་བཅས་ནས་སློབ་མཐར་ཕྱིན་རྗེས་རྒྱ་གར་ལྷོ་ཕྱོགས་ཅི་ནྱེ་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ལོ་ཡོ་ལ་ (loyola) མཐོ་སློབ་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་། མ་ཌི་ར་སི་ཡི་ཤུའི་ (Madras Christian) མཐོ་སློབ་ནས་གཙུག་ལག་རབ་འབྱམས་པ་ཐོན། མ་ཌི་ར་སི་གཙུག་ལག་སློབ་གྲྭ་ཆེན་མོ་ནས་རིགས་གཅིག་རྐང་འཛིན་བསླབ་པ་མཐར་སོན་ནས། ད་ལྟ་ཏཱ་ལའི་བླ་མ་མཐོ་སློབ་ནང་སློབ་དཔོན་གྱིས་ཕྱག་ལས་གནང་མུས་ཡིན། འབུམ་རམས་པའི་ཉམས་ཞིབ་དཔྱད་རྩོམ། (Ph.D Thesis) གཞུང་དུ་བསྒྲིགས་པའི་ཊི་ཊ་ནི་ཡ་ནེ་ནོ་ཕྲ་སྦུག་གི་བསྟར་སྒྲིག – སྟབས་བདེ་ཞིང་གོང་ཆུང་ལ་ཨེཆ་ཊི་ཨེམ (HTM) མེད་པའི་པེ་རོབ་སི་ཀཡིཊ་ཉི་འོད་གློག་སྨན། (Vertically Oriented Titania Nanotube Arrays: Towards the facile low cost HTM free perovskite solar cell)

༢། བསྟན་འཛིན་ནོར་བུ་ལགས་ནི།
ཕྱི་ལོ་ ༡༩༩༢ ལོར་བོད་ནས་འབྱོར་བ་དང་། གཞི་རིམ་སློབ་གྲྭ་དྷ་སྟེང་བོད་ཁྱིམ་ནས་ཐོན་རྗེས་རྒྱ་གར་ལྷོ་ཕྱོགས་ཅི་ནྱེ་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ལོ་ཡོ་ལ་ (loyola) མཐོ་སློབ་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་། མ་ཌི་ར་སི་ཡི་ཤུའི་ (Madras Christian) མཐོ་སློབ་ནས་གཙུག་ལག་རབ་འབྱམས་པ་ཐོན། མ་ཌི་ར་སི་གཙུག་ལག་སློབ་གྲྭ་ཆེན་མོ་ནས་རིགས་གཅིག་རྐང་འཛིན་བསླབ་པ་མཐར་སོན་ནས། ད་ལྟ་ཧིན་དུ་གཙུག་ལག་སློབ་གཉེར་ཁང་ (Hindustan University) ནང་ཨིན་ཡིག་ (English Literature) གི་སློབ་དཔོན་གྱི་ཕྱག་ལས་གནང་མུས་ཡིན། འབུམ་རམས་པའི་ཉམས་ཞིབ་དཔྱད་རྩོམ། (Ph.D Thesis) བོན་དང་། ནང་ཆོས། དེང་རབས་བོད་ཀྱི་རིག་གནས་བྱུང་ཚུལ་ལ་རིགས་པའི་ལམ་ནས་དཔྱད་པ། (Bon Buddhism and the Modern Tibet: An Epistemological Inquiry)

༣། ལྷ་མོ་མཚོ་ལགས་ནི། བིས་མདོ་བོད་ཡིག་སློབ་འབྲིང་དུ་འཛིན་རིམ་བཅུ་གཉིས་ཐོན། ཕྱི་ལོ་ ༢༠༠༣ ལོར་བོད་ནས་རྒྱ་གར་དུ་འབྱོར་ཏེ་སུ་ཇ་བོད་ཁྱིམ་དུ་སློབ་ཞུགས་བྱས། དེ་ནས་ཝར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ནས་དབུ་མ་གོང་མ་སློབ་ཐོན་རྗེས། བྷ་ཎཱ་རས་ཧིན་དཱུ་གཙུག་ལག་སློབ་གཉེར་ཁང་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་། གཙུག་ལག་རབ་འབྱམས་པ། རིགས་གཅིག་རྐང་འཛིན་བསླབ་པ་མཐར་སོན། ད་ལྟ་བྷ་ཎཱ་རས་ཧིན་དཱུ་གཙུག་ལག་སློབ་ཆེན་གྱི་རྒྱའི་སྐད་ཡིག་སྡེ་ཚན་དུ་རྒྱ་ཡིག་གི་སློབ་དཔོན་གནང་མུས་ཡིན། འབུམ་རམས་པའི་ཉསམ་ཞིབ་དཔྱད་རྩོམ། (Ph.D Thesis) རྒྱ་གར་ནང་གནས་སྡོད་བཙན་བྱོལ་བོད་མིའི་གནས་བབ་ལ་བསམ་ཞིབ། (Tibetans in Exile: Debating the Status of Refugees in India)

༤། བློ་བཟང་དབྱངས་མཚོ་ལགས་ནི། བོད་ནས་འབྱོར་བ་དང་། གཞི་རིམ་སློབ་གྲྭ་པ་ཀུལ་དང་། སྦེལ་ཀོབ། དྷ་སྟེང་བོད་ཁྱིམ་བཅས་ནས་ཐོན་རྗེས། རྒྱ་གར་ལྷོ་ཕྱོགས་ཅི་ནྱེ་ནང་རྟེན་གཞི་བྱས་པའི་ Stella Maris མཐོ་སློབ་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་། གཙུག་ལག་རབ་འབྱམས་པ་ཐོན། དེ་རྗེས་འཇོ་ཧཱ་ལ་ནེ་རུ་གཙུག་ལག་སློབ་ཆེན་ནས་རིགས་གཅིག་རྐང་འཛིན་བསླབ་པ་མཐར་སོན། ད་ལྟའི་ཆར་རྒྱལ་སྤྱིའི་བོད་ཀྱི་དྲྭ་རྒྱའི་སྟེང་བོད་ནི་འཛམ་གླིང་གི་སྣེ་གསུམ་པ་ཞེས་པའི་ཐོག་ཉམས་ཞིབ་དང་ལས་འགུལ་གྱི་ཕྱག་ལས་གནང་བཞིན་ཡོད། འབུམ་རམས་པའི་ཉམས་ཞིབ་དཔྱད་རྩོམ། (Ph.D Thesis) རྒྱ་ནག་གིས་བོད་ཀྱི་ཁོར་ཡུག་ལ་བཟུང་བའི་སྲིད་བྱུས་དང་དེའི་ཤུགས་རྐྱེན། ༢༠༠༡-༢༠༡༣ (China’s Environmental security policies in Tibet: Implications for India, 2001-2013)