༢༠༠༩

༡༽    ཤེས་རིག་ལས་ཁུངས་ཀྱི་གྲངས་ཐོ་གསར་ཤོས་ལྟར་ན། ད་ལྟའི་ཆར་༢༠༠༩ ལོའི་ཕྱི་ཟླ་ ༡༢ ཤེས་རིག་ལས་ཁུངས་ཀྱི་སྤྱི་ཁྱབ་ལྟ་སྐྱོང་འོག་ཡོད་པའི་སློབ་གྲྭ་༧༧ ཁོངས་ནས་རྒྱ་གར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་སློབ་གྲྭ་ ༢༨ ནང་སློབ་ཕྲུག ༧༨༡༠ དང༌། བོད་མི་རང་ཉིད་ཀྱིས་འཛིན་སྐྱོང་བྱེད་པའི་སློབ་གྲྭ་ ༤༩ ཡོད་ཁོངས་ནས་དྷ་ས་བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་སློབ་གྲྭ་ ༡༧ ནང་སློབ་ཕྲུག་༡༡༠༢༡ དང༌། མ་སུ་རི་བོད་ཁྱིམ་ཁྱབ་ཁོངས་སློབ་གྲྭ་མ་ལག་གཉིས་ནང་སློབ་ཕྲུག་ ༢༠༧༨ སློབ་ཕྲུག་ཚོས་ཞལ་ལག་མཆོད་བཞིན་པ།བལ་ཡུལ་གངས་ཅན་བདེ་རྩའི་ཁྱབ་ཁོངས་སློབ་གྲྭ་ ༡༣ ནང་སློབ་ཕྲུག་ ༢༨༥༨ བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་རོགས་གྲོན་འོག་སཾ་བྷོ་ཊ་བོད་སློབ་སྒྲིག་འཛུགས་ཀྱིས་འཛིན་སྐྱོང་བྱེད་པའི་སློབ་གྲྭ་ ༡༣ ནང་སློབ་ཕྲུག ༡༩༧༧ ས་གནས་བོད་མི་ཚོགས་སྒེར་གྱིས་འཛིན་སྐྱོང་བྱེད་པའི་སློབ་གྲྭ་ ༤ ནང་སློབ་ཕྲུག་ ༡༠༡༣ བཅས་ཡོད། གོང་གསལ་སློབ་ཁག་ཡོངས་ཀྱི་ནང་དགེ་ལས་གྲངས་ ༢༣༨༣ དང་སློབ་ཕྲུག་བུ་གྲངས་ ༡༣༧༤༥ བུ་མོ་གྲངས་ ༡༣༠༡༢ ཁྱོན་བསྡོམས་སློབ་ཕྲུག་གྲངས་ ༢༦༧༥༧ བཅས་ཡོད།
༢༽    ལོ་འདིར་འཛིན་རིམ་ ༡༢ ཀྱི་ཡིག་རྒྱུགས་སུ་ཞུགས་མཁན་སྔ་ལོ་ལྟར་སློབ་གྲྭ་ ༡༤ ༼བལ་ཡུལ་རྣམ་རྒྱལ་མཐོ་སློབ་རྩིས་མེད་༽ཡོད་ཅིང༌། དེ་ཡང་རྩ་བའི་འཛིན་རིམ་ ༡༢ པའི་སློབ་ཕྲུག ༡༢༨༨ ཡོད་པ་ལས་ཡིག་རྒྱུགས་སུ་ཞུགས་པ་ ༡༢༤༠ ཡིག་རྒྱུགས་འཕྲོད་པ་ ༡༡༥༣ སློབ་ཚན་གཅིག་བསྐྱར་རྒྱུགས་གཏོང་དགོས་པ་ ༧༧ རྒྱུགས་མ་འཕྲོད་པ་ ༡༠ འབྱོར་ཐོ་མ་བཀོད་པ་ ༤༨ བཅས་བྱུང་ཡོད་པ་རེད།
༣༽    ཟླ་ ༡ ཚེས་༧ ཉིན་ས་རཱ་མཐོ་སློབ་ཏུ་སྔ་ལོ་གོ་སྒྲིག་བྱས་པའི་ཆོས་དགེ་འོས་སྦྱོང་མཇུག་བསྡོམས་ཀྱིས་འོས་སྦྱོང་ཐོན་པའི་ཆོས་དགེ་རྣམས་སློབ་གྲྭ་ཁག་ཏུ་བསྐོ་བཞག་བྱས།
༤༽    ཟླ་ ༣ ཚེས་ ༩ ཉིན་ྋགོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་སྐབས་སིམ་ལ་དང་ཅོན་ཏ་ར། དྷ་སྟེང་བོད་ཁྱིམ། མ་སུ་རི་བོད་ཁྱིམ་བཅས་སོ་སོ་ནས་སློབ་ཕྲུག་བཞི་རེས་ཚོགས་ལངས་ཀྱིས་རིགས་ལམ་བགྲོ་གླེང་གི་མཆོད་པ་ཕུལ།མདུན་ལམ་སློབ་སྟོན་པས་སློབ་ཕྲུག་ཚོར་སློབ་སྟོན་གནང་བཞིན་པ།
༥༽    ཟླ་༤ ཚེས་༢།༣ ཉིན་གཉིས་རིང་གངས་སྐྱིད་གསོལ་ཚང་ཡང་སྟེང་ཚོགས་ཁང་དུ་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་མཉེན་ཆས་བཟོ་སྐྲུན་པ་སྐུ་ཞབས་བློ་བཟང་སྨོན་ལམ་ལགས་གདན་ཞུས་ཀྱིས་གངས་སྐྱིད་ལས་བྱེད་ཚོར་སྨོན་ལམ་བོད་ཡིག་གསུམ་པ་དང༌། བོད་ཡིག་དཔེ་དེབ་བཟོ་འགོད་དང་འབྲེལ་བའི་ཟབ་སྦྱོང་གོ་སྒྲིག་བྱས།
༦༽    ཟླ་༥ ཚེས་༡ ཉིན་ས་རཱ་མཐོ་སློབ་ཏུ་གོ་སྒྲིག་བྱས་པའི་ཤེས་ཡོན་སྲིད་བྱུས་དང་མཐུན་པའི་གཞི་རིམ་འོག་མའི་དགེ་རྒན་འོས་སྦྱོང་མཇུག་བསྡོམས་བྱས།
༧༽    ཟླ་༥ ཚེས་༢༢ ཉིན་སྤྱི་ཁྱབ་མདུན་ལམ་སློབ་སྟོན་པས་འཛིན་རིམ་༡༢ སློབ་ཐོན་པ་ཚོར་གངས་སྐྱིད་གསོལ་ཚང་ཡང་སྟེང་ཚོགས་ཁང་དུ་ཕུགས་ལམ་འདེམས་ཕྱོགས་དང་འབྲེལ་བའི་སློབ་སྟོན་བྱས། དེ་བཞིན་དུ་ལྷོ་ཕྱོགས་མདུན་ལམ་སློབ་སྟོན་པས་ལྷོ་ཁུལ་དང༌། ཤར་ཕྱོགས་མདུན་ལམ་སློབ་སྟོན་པ་ཆོས་སྐྱིད་ལྷ་མོས་རྒྱ་གར་ཤར་ཁུལ་གྱི་སློབ་ཕྲུག་ལ་སློབ་སྟོན་བྱས།
༨༽    ཟླ་༧ ཚེས་༡༤ ནས་༢༢ བར་ཚན་རིག་དང་ཨང་རྩིས་འཁྲིད་ཐབས་ཀྱི་ཟབ་སྦྱོང་ས་རཱ་མཐོ་སློབ་ཏུ་གོ་སྒྲིག་བྱས། ཟབ་སྦྱོང་འདིར་བོད་ཁྱིམ་གཉིས་དང་སཾ་བྷོ་ཊ། བོད་སློབ་འཛིན་ཚོགས་བཅས་ཀྱི་དགེ་རྒན་ ༢༢ འཛུལ་ཞུགས་བྱས།
༩༽    ཕྱི་དབྱིན་སྐད་སློབ་ཁྲིད་བྱེད་སྟངས་ཀྱི་ཟབ་སྦྱོང་འཚོགས་བཞིན་པ།ཟླ་ ༨ ནང་སྔ་ལོ་འདེམས་སྒྲུག་བྱས་པའི་བོད་མི་ ༡༦ ཨ་རིར་སློབ་སྦྱོང་ཆེད་དངོས་སུ་ཐོན།
༡༠༽    ཟླ་ ༩ ཚེས་ ༢ ཉིན་མང་གཙོའི་དུས་ཆེན་གྱི་མཛད་སྒོའི་ཐོག་དགའ་ལྡན་ཕོ་བྲང་གི་སློབ་ཕྲུག་གཟེངས་རྟགས་ཐོབ་པའི་སློབ་ཕྲུག་གསུམ་ལ་བཀའ་བློན་ཁྲི་མ་མཆོག་གིས་བྱ་དགའ་གཟེངས་བསྟོད་གནང༌།
༡༡༽    ཟླ་ ༩ ཚེས་ ༢༨ ནས་༣༠ བར་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་གཞི་རིམ་བར་མའི་སློབ་གཞི་རྩ་འཛིན་ཟིན་བྲིས་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་འཚོགས། ཚོགས་ཆུང་ནང་དྷ་ས་བོད་ཁྱིམ་དང་མ་སུ་རི་བོད་ཁྱིམ། སཾ་བྷོ་ཊ་བོད་སློབ། བོད་སློབ་འཛིན་ཚོགས་བཅས་ཀྱི་དགེ་རྒན་དང་ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་བཅས་ཡོད་པ་རེད།
༡༢༽    ཕྱི་ཟླ་༡༠ ནང་ཁེ་ན་ཌའི་སར་མན་ཕེ་ར་ཛ་གཙུག་ལག་སློབ་ཁང་དང་ཉམས་མྱོང་སྤེལ་རེས་ཀྱི་ལས་གཞི་དངོས་སུ་འགོ་འཛུགས་བྱས། ལས་གཞི་འདིའི་ནང་ཁེ་ན་ཌའི་དགེ་རྒན་འོས་སྦྱོང་པ་༡༦ དང་དགེ་ལས་གཉིས་བཅས་རྒྱ་གར་དུ་ཕེབས་ནས་དཔེ་སྟོན་སློབ་གྲྭ་དང་ཤེས་རབ་དགའ་ཚལ་སློབ་གླིང༌། ཅོན་ཏ་ར་གཏན་སློབ་བཅས་སུ་བཅའ་སྡོད་ཀྱིས་དེ་གའི་དགེ་རྒན་དང་ཉམས་མྱོང་བརྗེ་རེས་གནང་བ་དང༌། བར་བར་དུ་ས་རཱ་མཐོ་སློབ་ཏུ་འཛོམས་ནས་ཟབ་སྦྱོང་འཚོགས། ལོ་རྗེས་མར་རྒྱ་གར་ནང་ནས་མི་གཅིག་ཁེ་ན་ཌར་ཉམས་མྱོང་སྤེལ་རེས་ཆེད་བསྐྱོད་གཏན་འཁེལ།ཤེས་རིག་ཚོགས་ཆེན་ལྔ་པའི་ཐོག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཚོགས་བཅར་བ་ཡོངས་ལ་བཀའ་སློབ་སྩོལ་བཞིན་པ།
༡༣༽    ཟླ་ ༡༡ ཚེས་ ༩ ནས་ ༡༤ ནས་བར་གྱི་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་ཐེངས་དྲུག་པ་ས་རཱ་མཐོ་སློབ་ཏུ་གོ་སྒྲིག་བྱས། ཟབ་སྦྱོང་ཁོངས་སུ་དྷ་སྟེང་བོད་ཁྱིམ་གྱི་དགེ་རྒན་ ༡༥ དང་མ་སུ་རི་བོད་ཁྱིམ་དགེ་རྒན་ ༦ སམ་བྷོ་ཊའི་དགེ་རྒན་ ༢ ཤྲི་ན་གར་ཉིན་སློབ་ཀྱི་དགེ་རྒན་ ༡ བཅས་ཁྱོན་དགེ་རྒན་ ༢༤ འཛུལ་ཞུགས་བྱས་ཡོད།
༡༤༽    ཟླ་ ༡༡ ཚེས་ ༡༠ ནས་ ༢༡ བར་ཉིན་ ༡༡ རིང་གངས་སྐྱིད་ལས་བྱེད་གསོལ་ཐབ་ཁང་གི་ཡང་སྟེང་དུ་སཾ་བྷོ་ཊའི་ཁྱབ་ཁོངས་གཞི་རིམ་དབྱིན་ཇིའི་སྐད་ཡིག་དགེ་རྒན་ ༡༤ ལ་དབྱིན་སྐད་སློབ་ཁྲིད་བྱེད་སྟངས་ཀྱི་ཟབ་སྦྱོང་གོ་སྒྲིག་བྱས།
༡༥༽    ཟླ་ ༡༡ ཚེས་ ༢༤ ནས་ ༣༠ བར་ཉིན་བདུན་རིང་སམ་བྷོ་ཊ་བོད་གཞུང་སློབ་གྲྭའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་གཞི་རིམ་བར་མའི་དགེ་རྒན་ཚོར་ཤེས་ཡོན་སྲིཚོགས་རའི་རྣམ་པ།ད་བྱུས་དང་འབྲེལ་བའི་ཟབ་སྦྱོང་ཞིག་སྤོན་ཊ་གཏན་སློབ་ཏུ་གོ་སྒྲིག་ཞུས། ཟབ་སྦྱོང་ཁོངས་སུ་ཅོན་ཏ་ར་གཏན་སློབ་ནས་གཞི་རིམ་བར་མའི་དགེ་རྒན་ ༤ དང་བདེ་སྐྱིད་གླིང་ཉིན་སློབ་ནས་དགེ་རྒན་ ༣ བྷུན་ཏར་གཏན་སློབ་ནས་དགེ་རྒན་ ༣ པུར་ཝ་ལ་ནས་དགེ་རྒན་ ༡ མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ནས་དགེ་རྒན་ ༡ སྤོན་ཊ་གཏན་སློབ་ནས་གཞི་རིམ་བར་མའི་དགེ་རྒན་ ༨ དང་མཐོ་རིམ་དགེ་རྒན་ ༣ བཅས་ཁྱོན་དགེ་རྒན་ ༢༣ འཛུལ་ཞུགས་བྱས་ཡོད།
༡༦༽    ཟླ་ ༡༢ ཚེས་༢༧ ནས་༢༩ བར་དྷ་ཤོད་བོད་ཁྱིམ་དུ་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པ་སྐོང་འཚོགས་བྱས། ཚོགས་ཆེན་འདིར་རྒྱ་བལ་འབྲུག་གསུམ་ཁུལ་བཙན་བྱོལ་སྤྱི་ཚོགས་ཀྱི་སྤྱི་སྒེར་སློབ་གྲྭ་ ༨༥ ནས་དགེ་རྒན་ཤེས་རིག་བཀའ་བློན་མཆོག་དང་དྲུང་ཆེ་རྣམ་གཉིས་ཀྱིས་ཚོགས་ཆེན་གྱི་གཙོ་སྐྱོང་གནང་བཞིན་པ།ལས་བྱེད་ཁྱོན་བསྡོམས་ ༢༤༠ སྐོར་ཚོགས་ཞུགས་བྱས་ཡོད། དེ་ཡང་ཚེས་ ༢༧ ཉིན་གྱི་དབུ་འབྱེད་མཛད་སྒོའི་ཚོགས་མགོན་དུ་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་ཟབ་གསལ་བཀའ་སློབ་སྩལ། དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གི་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་དང༌། བཀའ་བློན་ཁྲི་པ་མཆོག་གིས་བཀའ་ཤག་གི་གསུང་བཤད་གནང༌། མཛད་སྒོ་གྲོལ་རྗེས་ཤེས་རིག་བཀའ་བློན་མཆོག་དང་དྲུང་ཆེས་ཚོགས་འདུ་གཙོ་སྐྱོང་གིས་ཤེས་རིག་ཚོགས་ཆེན་ཐེངས་བཞི་པའི་གྲོས་ཆོད་ལག་བསྟར་གྱི་གྲུབ་འབྲས་སྙན་སྒྲོན་དང༌། ཚོགས་ཆེན་ཐེངས་ལྔ་པའི་གྲོས་གཞིའི་རྒྱབ་ལྗོངས་གནས་ལུགས་ངོ་སྤྲོད་གནང༌། ཉིན་གཉིས་པར་ཚོགས་བཅར་ཡོངས་ཚོགས་ཆུང་ཁག་བཅུ་ལ་བགོས་ནས་གྲོས་གཞི་ཁག་གི་ཐོག་གྲོས་བསྡུར་གནང༌། ཉིན་གསུམ་དཔལ་ལྡན་བཀའ་ཤག་ལྷན་རྒྱས་དབུ་བཞུགས་ཐོག་བཀའ་བློན་ཁྲི་པ་མཆོག་ནས་གསུང་བཤད་གནང་བཞིན་པ།པར་ཚོགས་ཆུང་བཅུ་པོའི་ཚོགས་གཙོས་ཚོགས་ཆུང་སོ་སོའི་གྲོས་ཆོད་སྙན་སྒྲོན་ཟིན་བསྟུན་ཚོགས་ཆེན་གྱི་གྲོས་ཆོད་གཏན་འབེབས་བྱས།    ཚེས་ ༣༠ ནས་ ༣༡ བར་ཉིན་གཉིས་རིང་ཤེས་རིག་ཚོགས་ཆེན་གྱི་མཇུག་ཏུ་ཤེས་ཡོན་མཁས་པའི་བགྲོ་གླེང་ཚོགས་འདུ་གོ་སྒྲིག་བྱས། བགྲོ་གླེང་ཚོགས་འདུ་འདིར་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་གི་ངེས་སྟོན་པ་མཁས་དབང་ངག་དབང་བསམ་གཏན་གྱིས་བོད་མིའི་ཤེས་ཡོན་ལངས་ཕྱོགས་སྐོར་ལ་གསུང་བཤད་དང་དྲི་བ་དྲིས་ལན་གནང་བ་དང༌། མ་དྷ་ར་སེ་གཙུག་ལག་སློབ་ཁང་གི་མཁས་དབང་ཌོག་ཊེ་རཱ་མུ་མ་ཎི་ཝ་ནན་མཆོག་གིས་རྒྱ་གར་གྱི་ཤེས་ཡོན་ལམ་སྲོལ་ལ་དཔྱད་ཞིབ་ཀྱི་གསུང་བཤད་དང་དྲི་བ་དྲིས་ལན། ཨ་རིའི་ཁེ་ལེ་ཕོར་ནི་ཡ་གཙུག་ལག་སློབ་ཁང་གི་སློབ་དཔོན་ཌོག་ཊར་ངག་དབང་ཕུན་ཚོགས་ཀྱིས་མཐོ་རིམ་ཉམས་ཞིབ་དང་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་སྐོར་ལ་གསུང་བཤད་དང་དྲི་བ་དྲིས་ལན་གནང༌། ཤེས་རིག་ཚོགས་ཆེན་གྱི་གྲོས་ཆོད་ཆ་ཚང་དེབ་འདིའི་ནང་ཟུར་དུ་བཀོད་ཡོད་པས་དེར་གཟིགས།།