༢༠༠༨

༡༽    ལོ་སྔོན་མ་ལྟར་ལོ་འདིའི་ནང་ཤེས་རིག་ལས་ཁུངས་ཁྱབ་ཁོངས་སུ་གཏན་ཉིན་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བསྡོམས་གྲངས་ ༧༧ ཡོད་པའི་ནང༌། སློབ་ཕྲུག་ཕོ་མོ་བསྡོམས་གྲངས་ ༢༨༡༦༨ དང་དགེ་རྒན་ལས་བྱེད་བསྡོམས་གྲངས་ ༢༣༦༦ བཅས་ཡོད།
༢༽    ལོ་སྔོན་མ་ཁག་ལྟར་འཛིན་རིམ་༡༢ པའི་ཡིག་རྒྱུགས་སུ་ཞུགས་མཁན་སློབ་གྲྭ་ཁག་བཅོ་ལྔའི་རྩ་བའི་སློབ་ཕྲུག་ཁྱོན་བསྡོམས་ ༡༢༨༩ ཡོད་པའི་ཁོངས་ནས་ཡིག་རྒྱུགས་འཕྲོད་པ་ ༡༡༥༤ དང༌། སློབ་ཚན་གཅིག་བསྐྱར་རྒྱུགས་གཏོང་དགོས་ ༧༧ ཡིག་རྒྱུགས་མ་འཕྲོད་པ་ ༡༠ འབྱོར་ཐོ་མ་བཀོད་པ་ ༤༨ བཅས་བྱུང་ཡོད།
༣༽    གཏན་ཉིན་སློབ་གྲྭ་ཁག་དང་རྒྱ་གར་མཐོ་སློབ་ཁག་ནས་སློབ་སྦྱོང་ལེགས་ཐོན་རྣམས་ལ་ཤེས་ཚད་དང་སྤྱི་ཚོགས་ཀྱི་འཕྲལ་ཕུགས་དགོས་གལ་ལ་གཞིགས་པའི་མཐོ་རིམ་དང་ཆེས་མཐོའི་སློབ་སྦྱོང་དང༌། བཟོ་རིག་དང་ལས་རིགས་སློབ་སྦྱོང༌། རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་བཅས་ཀྱི་ཆེད་ཕྱི་ནང་རོགས་ཚོགས་ཁག་ལ་རོགས་བསྐུལ་རྒྱུན་སྐྱོང་ཞུས་འབྲས་སུ་ལོ་འདིར་ཁྱོན་བསྡོམས་མཐོ་རིམ་སློབ་ཡོན་གྲངས་ ༣༣༢ དོན་སོན་བྱུང༌།
        གཏན་ཉིན་སློབ་གྲྭ་ཁག་དང༌། མཐོ་སློབ་གཙུག་ལག་སློབ་ཁང་བཅས་ནས་སློབ་སྦྱོང་ལེགས་ཐོན་བྱུང་བ་རྣམས་ལ་བརྒྱ་ཆ་རྩེ་བཏོག་གིས་སྤྱི་ཚོགས་དགོས་མཁོ་ལ་གཞིགས་ཏེ། ཤེས་རིག་མཐོ་སློབ་སློབ་ཡོན་ཚོགས་ཆུང་བརྒྱུད་ཁྱོན་བསྡོམས་སློབ་ཡོན་གྲངས་ ༡༣༣ བགོས་འགྲེམས་ཞུས།
༤༽    ཕྱི་ལོ་ ༢༠༠༧ ལོར་ཨ་རི་བོད་མིའི་སློབ་ཡོན་ཁོངས་སུ་འདེམས་སྒྲུག་བྱུང་བའི་སློབ་གཉེར་བ་གྲངས་ ༢༡ ཟླ་ ༨ ཚེས་ ༡༠ ཉིན་ཨ་རིར་བཏང་ཞིང༌། ༢༠༠༩ ལོར་གཏོང་རྒྱུའི་སློབ་ཕྲུག་འདེམས་སྒྲུག་བྱས།
༥༽    སྐུ་སྒེར་ཡིག་ཚང་ནས་བསྩལ་བའི་རིགས་གཅིག་རྐང་འཛིན་ཁོངས་སློབ་ཕྲུག་གྲངས་ ༡ དང༌། སྲོང་བཙན་སློབ་ཡོན་ཁོངས་སློབ་ཕྲུག ༡༠ དབྱིན་ཡུལ་པེ་སེ་ཊོལ་ལོ་ཇི་ (Pestalozzi International Village Trust)ནས་ཧེ་སེ་ཊིང་(Hastings College of Arts and Technology)མཐོ་སློབ་ཏུ་ལོ་གཉིས་སློབ་སྦྱོང་ཆེད་སློབ་ཕྲུག་གསུམ།
        རྒྱ་གར་སྤུ་ནེ་ (Mahindra United World College) མཐོ་སློབ་ནང་རང་རིགས་སློབ་ཕྲུག་གཅིག དབྱིན་ཡུལ་ཨེཊ་ལན་ཊིག་མཐོ་སློབ་ནང་འཛིན་རིམ་བཅུ་པ་ཐོན་པའི་སློབ་ཕྲུག ཨ་རི་ཝ་ཡོ་མིང་གཙུག་ལག་སློབ་ཁང་དུ་སློབ་ཕྲུག་གཉིས། ཨ་རི་ཨེ་མོ་རི་མཐོ་རིམ་གཙུག་ལག་སློབ་ཁང་དུ་སློབ་ཕྲུག་གཅིག་བཅས་འདེམས་གཏོང་བྱས།
༦༽    ལོ་འདིའི་ནང་ཕྱི་རྒྱལ་རོགས་ཚོགས་ཁག་དང༌། རང་རིགས་འབྱོར་ལྡན་ཁག་ཅིག་ལ་འབོད་སྐུལ་ཞུས་འབྲས་སུ་གཞི་རིམ་སློབ་ཡོན་གསར་དུ་དོན་སོན་བྱུང་བ་གྲངས་ ༤༢༨ བྱུང༌།
༧༽    འདི་ལོར་དབུས་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་ནས་རྒྱ་བལ་འབྲུག་གསུམ་ས་གནས་སོ་སོའི་ཉམ་ཐག་ཕྲུ་གུའི་ཐོ་གཞུང་འབྱོར་བ་ཁག་ལ་ཞིབ་འཇུག་དང་སྦྲགས་རོགས་སྐྱོར་བྱ་དགོས་ཕེབས་པའི་ཕྲུག་གྲངས་ ༡༣༣ བྱུང་ཡོད། དེ་ཁོངས་ནས་ ༨༨ དྷ་ས་བོད་ཁྱིམ་དང་ཕྲུག་གྲངས་༢༡ མ་སུ་རི་བོད་ཁྱིམ་བཅས་ནས་གཟིགས་རྟོག་གནང་བཞིན་པ་དང༌། དེ་འཕྲོས་ཕྲུག་གྲངས་ ༢༤ ལ་ཤེས་རིག་ལས་ཁུངས་ནས་གཟིགས་རྟོག་ཞུ་དགོས་ལྟར་སྔར་ལམ་ལྟར་གཟིགས་སྐྱོང་གནང༌། ལུས་སྦྱོང་བྱེད་བཞིན་པ།
        མེའོ་དང་ཏེ་ཛུ། འབུམ་ལ་བསྟན་སྒང་ས་གནས་ཁག་གསུམ་ཆགས་ཡུལ་ལུང་ཁུག་དང༌། དེང་དུས་ཀྱི་མཐུན་རྐྱེན་དང་མི་མང་ནང་གོ་རྟོགས་སོགས་ཞན་པར་བརྟེན་སྔར་ལམ་བཞིན་སློབ་འཇུག་དང་སློབ་དོད་སོགས་གང་སྤྱིའི་ཐོག་དམིགས་བསལ་གནང༌།
        འདི་ལོ་ཀྲུ་ཀྲིང་ཁུལ་གྱི་ཕྲུ་གུ་གཏན་སློབ་ཁག་ནང་སློབ་འཇུག་གནང་དགོས་གྲངས་ ༤༣ འདེམས་སྒྲུག་བྱུང་ཡོད་པ་དེ་དག་མ་སུ་རི་དང༌། བསུ་ན་མདའ། ཀ་སྦུག རྡོར་གླིང་བཅས་གཏན་སློབ་ཁག་བཞི་ནང་ཟས་གོས་གནས་མལ་གླ་དོད་འདི་ག་ལས་ཁུངས་ནས་ཆ་ཚང་ནར་གཏོང་གིས་སློབ་འཇུག་བྱས། ལོ་འདིའི་དབང་དུ་བྱས་ན་ཀྲུ་ཀྲིང་ཁུལ་ནས་ཕྲུ་གུ་བསྡོམས་ ༧༣༣ གཏན་སློབ་ཁག་ནང་སྐྱོད་བཞིན་ཡོད།
        ཧི་མ་ལ་ཡའི་རི་རྒྱུད་ས་ཁུལ་གྱི་ཕྲུ་གུ་ལ་ལོ་ལྟར་དམིགས་བསལ་ཐོག་སློབ་བཞེས་གནང་བཞིན་ཡོད་པ་ལྟར་འདི་ལོ་ཕྲུག་གྲངས་ ༡༧ སློབ་བཞེས་གནང༌། དེ་དག་གི་ཟས་གོས་གནས་མལ་གླ་དོད་ཉམ་ཐག་ཕྲུ་གུ་སྤྱི་མཚུངས་བཞིན་ནར་གཏོང་བྱས།
        ཤྲི་ན་སྒར་བོད་རིགས་ཁ་ཆེའི་ཉམ་ཐག་ཕྲུག་གྲངས་ ༤༡ ལ་ཉམ་ཐག་ཕྲུ་གུ་སྤྱི་མཚུངས་སློབ་དོད་ཟླ་རེར་ ༥༠༠ རེ་ས་གནས་རང་བདེན་ཚོགས་ཆུང་བརྒྱུད་གནང༌།
༨༽     བོད་མིའི་གཞིས་སྒར་ཁག་སོགས་ཀྱི་ནང་ཡོད་པའི་ཉིན་སློབ་ཁག་ནས་ས་གནས་དེ་གའི་མཐའ་མའི་འཛིན་རིམ་ཐོན་བསྟུན་འདི་ལོ་སློབ་ཕྲུག་བུ་གྲངས་ ༣༢༧ དང་བུ་མོ་གྲངས་ ༣༤༩ བཅས་བསྡོམས་ཕྲུག་གྲངས་ ༦༧༦ གཏན་སློབ་ཏུ་གསར་འཇུག་ཞུས། དེ་ཁོངས་ནས་ཕྲུག་གྲངས་ ༡༧༦ ཟས་གོས་གནས་མལ་ཆ་ཚང་ཤེས་རིག་ལས་ཁུངས་ནས་སྒྲུབ་མུས་ཡིན་པ་དང༌། དེ་བཞིན་ཟས་གོས་གནས་མལ་གླ་དོད་ཕྱེད་བཅག་ཐོག་སློབ་འཇུག་གནང་བ་སློབ་ཕྲུག་གྲངས་ ༥༠༠ ཡོད། ལོ་འདིའི་དབང་དུ་བྱས་ན་གཏན་སློབ་ཁག་གི་ཉལ་ཁང་ནང་ཁྱོན་བསྡོམས་སློབ་ཕྲུག་གྲངས་ ༢༨༦༨ ཡོད་པ་ནས་སློབ་ཕྲུག་ ༡༣༢༣ གྱི་ཟས་གོས་གནས་མལ་གླ་དོད་ཆ་ཚང་ཤེས་རིག་ལས་ཁུངས་ནས་གནང་མུས་དང༌། སློབ་ཕྲུག་གྲངས་ ༡༥༤༥ ཟས་གོས་གནས་མལ་ཕྱེད་བཅག་ཐོག་སློབ་བཞེས་བྱུང་ཡོད།
༩༽    ཤེས་རབ་དགའ་ཚལ་སློབ་གླིང་གི་ལོ་རིམ་མཐའ་མའི་ཕྲུ་གུ་གྲངས་ ༡༠༨ ལ་བདེ་སྐྱིད་གླིང་དང་ཀེ་ལ་མན་ཊོན་ཁུལ་སོགས་སུ་ཤེས་ཡོན་བལྟ་སྐོར་དང༌། སྦུན་ཏར་གཏན་སློབ་ལ་སྣུམ་འཁོར་གསར་ཉོའི་ཆེད་རོགས་དངུལ་སྒོར་ ༣༤༥༠༩༩།༠༠ བོད་ཀྱི་ཚིག་མཛོད་ཆེན་མོའི་ལས་གཞིའི་ཆེད་རོགས་དངུལ་སྒོར་ ༡༧༨༣༣༣།༠༠ སྔར་སྲོལ་བོད་ཀྱི་གསོ་རིག་འབུམ་བཞི་ལས་བཏུས་པའི་གསོ་རིག་གནད་བསྡུས་དེབ་གཟུགས་པར་སྐྲུན་ཆེད་རོགས་དངུལ་སྒོར་ ༡༠༠༧༨༧།༠༠ སྦུན་ཏར་གཏན་སློབ་ཀྱི་དཔེ་མཛོད་ཡར་རྒྱས་གཏོང་ཆེད་རོགས་དངུལ་སྒོར་ ༦༩༢༧༡།༠༠ ཤེས་རབ་དགའ་ཚལ་སློབ་གླིང་དུ་ནང་ཆོས་ངོ་སྤྲོད་ཀྱི་ལས་འཆར་ཆེད་རོགས་དངུལ་སྒོར་ ༨༣༣༣༣།༠༠ ཏེ་ཛུ་བུ་བཅོལ་ཁང་དུ་འཛིན་ཆས་གསར་ཉོའི་ལས་གཞི། སྦུན་ཏར་གཏན་སློབ་ཟས་དོད་འཕར་སྣོན་ལས་གཞི། བསྟན་སྒང་སློབ་གྲྭའི་ཐབ་ཚང་ཡོ་ཆས་གཡོ་ག་སློབ་སྟོན་པ་ཚད་ལྡན་གྱི་ལག་འཁྱེར་ཐོབ་རྗེས་དྲན་རྟེན་འདྲ་པར།སར་ཉོའི་ལས་གཞི་བཅས་ཀྱི་ཆེད་རོགས་དངུལ་ཁྱོན་བསྡོམས་སྒོར་༤༥༢༤༡༣།༢༠ སཾ་བྷོ་ཊ་སློབ་གྲྭ་ཁག༌༦ ཤེས་ལོངས་དང༌། སྤོག་རེ་སྤོང༌། མ་ན་ལི། སྦིར། སྤུ་ར་ཝ་ལ། དཔེ་སྟོན།ནང་ཀམ་པུ་ཊར་གསར་ཉོའི་ལས་གཞིའི་རོགས་དངུལ་སྒོར་༡༩༧༨༣༠༠།༠༠ ཅོན་ཏ་ར་སློབ་གྲྭའི་རོལ་ཆ་དང་ཁྲབ་ཆས་གསར་ཉོའི་ཆེད་རོགས་དངུལ་སྒོར་༡༧༠༥༡༥།༠༠ དཔེ་སྟོན་སློབ་གྲྭའི་སྣུམ་འཁོར་གསར་ཉོའི་ཆེད་སྒོར་༨༩༥༠༠༠།༠༠ བཅས་ཐབས་འཚོལ་གྱིས་ཁུངས་སོ་སོར་གནང༌།
༡༠༽    སྤོན་ཊ་སློབ་གྲྭའི་ཚོགས་ཁང་གསར་རྒྱག་དང་ཅོན་ཏ་ར་སློབ་གྲྭའི་ཕྲུ་གུའི་ཉལ་ཁང་འཕར་མ་གསར་རྒྱག་ལས་གཞི་འགོ་འཛུགས་དང༌། སྒང་ཏོག་གཏན་སློབ་དང༌། སྦུན་ཏར་གཏན་སློབ་ཕྲུ་གུའི་རྩེད་ཐང༌། དཔེ་སྟོན་སློབ་གྲྭའི་ལས་ཤག་འཕར་མ། བདེ་སྐྱིད་གླིང་ཉིན་སློབ་ཀྱི་ཚོགས་ཁང་གསར་རྒྱག ཅོན་ཏ་རའི་རྩེད་ཐང་ཉམས་གསོ། ཏེ་ཛུ་སློབ་གྲྭའི་ཚོགས་ཁང་ཉམས་གསོ་བཅས་ཀྱི་ལས་གཞི་ལེགས་གྲུབ་ཟིན།
༡༡༽    ཟླ་ ༤ ནང་གཏན་ཉིན་སློབ་གྲྭ་ཁག་གི་སློབ་སྤྱི་ཕན་ཚུན་ཤེས་ཡོན་བརྗེ་རེས་གནང་ཞིང༌། དེ་ཡང་སྡེ་ཁག་གཉིས་སུ་ཕྱེ་ནས་ཕྱི་ཟླ་ ༤ ཚེས་ ༨ ནས་ ༡༡ བར་ཤེས་ཡོན་བརྗེ་རེས་ཐེངས་དང་པོ་དང༌། ཕྱི་ཟླ་ ༤ ཚེས་ ༢༢ ནས་ ༢༥ བར་ཐེངས་གཉིས་པ་གནང་ཡོད། ཤེས་ཡོན་བརྗེ་རེས་ལས་འཆར་ཁོངས་སུ་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་སྤྱི་གྲངས་༡༤ དང་དྷ་སྟེང་བོད་ཁྱིམ་ཁྱབ་ཁོངས་སློབ་སྤྱི་ ༧ སམ་བྷོ་ཊའི་ཁྱབ་ཁོངས་སློབ་སྤྱི་ ༣ མ་སུ་རི་བོད་ཁྱིམ་སློབ་སྤྱི་ ༢ བཅས་མཉམ་ཞུགས་གནང་ཡོད།     ཤེས་ཡོན་བརྗེ་རེས་ལས་འཆར་སྐབས་སུ་སློབ་གྲྭའི་འཛིན་སྐྱོང་སྡེ་ཁག་སོ་སོའི་ཤེས་ཡོན་དང་འཛིན་སྐྱོང་གི་གནས་སྟངས་རྟོགས་ཐབས་དང། བསྐྱོད་ཡུལ་སློབ་གྲྭའི་དགེ་རྒན་གྱི་ཤེས་ཡོན་རྟོག་ཞིབ་དང་སློབ་གྲྭའི་འཛིན་སྐྱོང༌། ལས་འཆར་གཞན་ཁག་གཟིགས་ཞིབ་དང་འབྲེལ་དགེ་སློབ་ཡོངས་ལ་ལེགས་སྤེལ་ཉེས་འགོག་གི་ལམ་སྟོན་བཀའ་སློབ་གནང་རྒྱུ། དེ་བཞིན་སློབ་ཁག་སོ་སོར་ཕྱིར་འཁོར་ནས་དགེ་སློབ་ཡོངས་ལ་འགྲོ་ཡུལ་སློབ་གྲྭའི་ཤེས་ཡོན་གནས་སྟངས་སྐོར་ལ་ཉམས་མྱོང་ཇི་བྱུང་གསུང་བཤད་སོགས་ཀྱི་ལས་འཆར་སྤེལ།
༡༢༽     ཟླ་ ༣ ཚེས་ ༡༨ ནས་ ༢༥ བར་ཉིན་བརྒྱད་རིང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་སློབ་གྲྭ་ཁག་གི་ལུས་སྦྱོང་དགེ་རྒན་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་ཞིག་གོ་སྒྲིག་བྱས། ཟབ་སྦྱོང་ནང་དྷ་ས་བོད་ཁྱིམ་ཁྱབ་ཁོངས་ནས་ལུས་སྦྱོང་དགེ་རྒན་ ༡༡ དང་སམ་བྷོ་ཊའི་ཁྱབ་ཁོངས་ནས་ ༦ མ་སུ་རི་བོད་ཁྱིམ་ཁྱབ་ཁོངས་ནས་ ༢ བལ་ཡུལ་སློབ་ཁག་ནས་ ༣ མངོན་དགའ་སློབ་གྲྭ་ནས་ ༢ དེ་བཞིན་དོན་གྲུབ་གླིང་དང་ས་རཱ་མཐོ་སློབ་བཅས་འཛུལ་ཞུགས་གནང་ཡོད་པ་དང༌། ཟབ་སྦྱོང་རིང་ཀང་ར་རྫོང་གི་པཏན་ཇ་ལི་ཡོག་སི་མི་ཏིའི་(Patanjali Yog Samiti)ཡོག་སློབ་སྟོན་པ་རྣམས་ནས་ཉིན་ལྟར་སྔ་དྲོ་ཚོུད་ ༥ ནས་ ༨ བར་ཡོག་དང་པྲཎཱ་ཡཱམ་སློབ་ཁྲིད་གནང་བ་དང་འབྲེལ་ཟབ་སྦྱོང་པ་རྣམས་ཧརི་དྷཝར་པཏན་ཇ་ལི་ཡོག་པིཊ་ (Patanjali Yog Peeth)ལ་ཡོག་སློབ་སྟོན་ཚད་ལྡན་བྱུང་བའི་དེབ་སྐྱེལ་གྱིས་རྗེས་ལོའི་ཟླ་ ༤ ནང་ ཡོག་སློབ་སྟོན་པའི་ལག་འཁྱེར་གནང་གཏན་འཁེལ་ཡོད། 

སྐུ་མཉེ་དང་བྱུག་པ། ཁྲུས་སོགས་ཀྱི་ལག་ལེན་སློབ་བཞིན་པ།གཞན་ཡང་བོད་གཞུང་སྨན་རྩིས་ཁང་གི་དབུ་འཛིན་ཟླ་བ་ལགས་ནས་སྲོལ་རྒྱུན་ཟས་སྤྱོད་དང། སྨན་རམས་ཟླ་བ་དང་བསྟན་འཛིན་མཐའ་ཡས་ལགས་ནས་སྐུ་མཉེ་དང་བྱུག་པ། ཁྲུས་རིགས། ལུམས་རྒྱག་སྟངས་ཀྱི་ལག་ལེན་སོགས་སློབ་སྟོན་གནང་ཡོད།
        ཟླ་ ༧ ཚེས་ ༧ ནས་ ༡༣ བར་ཉིན་བདུན་རིང་ལ་དྭགས་བོད་ཁྱིམ་གྱི་སྔོན་འགྲོའི་དགེ་རྒན་རྣམས་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་ཞིག་ལ་དྭགས་བོད་ཁྱིམ་དུ་གོ་སྒྲིག་བྱས་ཤིང༌།
        ཟླ་ ༧ ནང་ས་རཱ་མཐོ་སློབ་ཏུ་གོ་སྒྲིག་ཞུ་པའི་གཞི་རིམ་འོག་མའི་དགེ་རྒན་རྣམས་ཟླ་བ་གཅིག་རིང་སློབ་གྲ་ཁག་ཏུ་སློབ་ཁྲིད་སྦྱོང་བརྡར་དུ་འཁྲིད་པ་དང༌། ཕྱི་ཟླ་ ༩ པའི་ནང་མ་སུ་རིར་རྟེན་གཞི་བྱས་པའི་སིདྷ་སློབ་ཁང་དུ་ཉིན་བཅུའི་ཟབ་སྦྱོང༌། དེའི་རྗེས་སུ་ཀེར་ལོག་ཐེབ་རྩ་ཁང་དུ་ཟླ་བ་གཅིག་རིང་སློབ་ཚན་ཁག་གི་སློབ་ཁྲིད་ཐབས་ལམ་སྐོར་ལ་སྦྱོང་བརྡར་གྱིས་རྗེས་ལོའི་ཟླ་ ༤ ཚེས་ ༣༠ ནས་འོས་སྦྱོང་མཇུག་སྒྲིལ་བྱ་གཏན་འཁེལ།
        ཟླ་ ༡༠ ཚེས་ ༡ ཉིན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་དགེ་རྒན་འོས་སྦྱོང་འགོ་འཛུགས་བྱས། འོས་སྦྱོང་ནང་སློབ་མ་གྲངས་ ༢༩ ཡོད།
        ཟླ་ ༨ ཚེས་ ༡༣ ནས་ ༢༣ བར་བོད་ཁྱིམ་གཉིས་དང་དབུས་བོད་སློབ་འཛིན་ཚོགས་ཀྱི་གཞི་རིམ་འོག་མའི་དགེ་རྒན་ ༣༥ ཙམ་ལ་ཤེས་ཡོན་སྲིད་བྱུས་དང་མཐུན་པའི་ཟབ་སྦྱོང་གོ་སྒྲིག་བྱས།
        ཟླ་ ༩ ཚེས་ ༢༢ ནས་ ༢༨ བར་ལྷོ་ཁུལ་དགེ་རྒན་ཤེས་ཡོན་བརྗེ་རེས་ལས་འཆར་སྤེལ་བའི་ནང་བྷེལ་ཀོབ་བོད་ཁྱིམ་གྱི་དགེ་རྒན་བཞི་དང་བྷེལ་ཀོབ་ཉིན་སློབ་ཀྱི་དགེ་རྒན་གསུམ། སི་ཝི་པི་བྷེལ་ཀོབ་ཉིན་སློབ་ཀྱི་དགེ་རྒན་གཉིས། མོན་གྷོ་གཞིས་གྲོང་དྲུག་པའི་དགེ་རྒན་གཉིས། ཀོ་ལི་གྷལ་ཉིན་སློབ་ཀྱི་དགེ་རྒན་གཉིས། ཧུན་སུར་ཉིན་སློབ་ཀྱི་དགེ་རྒན་གཉིས། མན་སྤར་དང་བྷན་དྷ་ར་ཉིན་སློབ་བཅས་ཀྱི་དགེ་རྒན་རེ་བྱས་ནས་ཁྱོན་བསྡོམས་མཐོ་རིམ་དམའ་གསུམ་གྱི་དགེ་རྒན་གྲངས་ ༢༠ ཐམ་པ་ལ་བདུན་གཅིག་གི་ཤེས་ཡོན་བརྗེ་རེས་ཀྱི་ལས་འཆར་ནང་གོ་སྐབས་ཐོབ་ཡོད་པ་དང༌། ལས་འཆར་རིང་སློབ་དགེ་རྣམས་སློབ་ཁག་སྡེ་ཚན་གཞན་གྱི་སློབ་གྲྭར་ཕྱོགས་བསྐྱོད་ཀྱིས་ཉིན་གཉིས་རིང་སློབ་ཁྲིད་རྟོག་ཞིབ་དང༌། ཉིན་གཉིས་རིང་རང་ཉིད་དང་འབྲེལ་ཡོད་སློབ་ཚན་སློབ་འཁྲིད། ཉིན་གཉིས་རིང་དགེ་རྒན་དང་སློབ་ཕྲུག་མཉམ་བསམ་ཚུལ་བརྗེ་རེས། སློབ་གྲྭར་གཟིགས་རྟོག་བཅས་གནང་ཡོད་པ་རེད།
        ཟླ་ ༡༠ ཚེས་ ༡ ནས་ཆོས་དགེ་སྦྱོང་བརྡར་ཞིག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་གོ་སྒྲིག་ཞུས། སྦྱོང་བརྡར་ནང་ཆོས་དགེ་གྲངས་ ༡༦ འཛུལ་ཞུགས་ཀྱིས་ཕྱི་ཟླ་ ༡༢ ནང་རྒྱུགས་སྤྲོད་བཏང་ནས་ཆ་ཚང་ལེགས་ཐོན་བྱུང་ཡོད། སྦྱོང་བརྡར་རིང་བཀའ་བློན་ཁྲི་པ་དང་ཤེས་རིག་བཀའ་བློན། ཁང་སར་རིན་པོ་ཆེ། དགེ་བཤེས་རྡོ་རྗེ་དགྲ། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི། ཝཱ་ཎ་མཐོ་སློབ་ཀྱི་སློབ་དཔོན་མཁས་དབང་བྱམས་པ་བསམ་གཏན། དགེ་བཤེས་ཐུབ་བསྟན་བསོད་ནམས་སོགས་ཀྱིས་སློབ་སྟོན་གནང་ཡོད།
        ཟླ་ ༡༡ ཚེས་ ༢༤ ནས་ཟླ་ ༡༢ ཚེས་ ༦ བར་སམ་བྷོ་ཊ་དང་བོད་ཁྱིམ་གཉིས་ཀྱི་ཟློས་དགེ་རྣམས་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་ཞིག་དྷ་ས་བོད་གཞུང་ཟློས་གར་ཚོགས་པར་གོ་སྒྲིག་ཞུས་པ་དང༌། ཟབ་སྦྱོང་ནང་སམ་བྷོ་ཊའི་ཁྱབ་ཁོངས་སློབ་ཁག་བརྒྱད་ནས་ཟློས་དགེ་གྲངས་༡༢ དང་མ་སུ་རི་བོད་ཁྱིམ་ཁྱབ་ཁོངས་སློབ་ཁག་གཉིས་ནས་ཟློས་དགེ་༢ དྷ་ས་བོད་ཁྱིམ་ཁྱབ་ཁོངས་སློབ་ཁག་བདུན་ནས་ཟློས་དགེ༌༡༣ བལ་ཡུལ་སློབ་ཁག་ནས་ཟློས་དགེ་ ༦ དེ་བཞིན་ལྡི་ལི་ཉིན་སློབ་དང་དོན་གྲུབ་གླིང་སློབ་གྲྭ་ནས་ཟློས་དགེ་རེ་བཅས་ཁྱོན་སློབ་བསྡོམས་ཟློས་དགེ་ ༣༥ འཛུལ་ཞུགས་བྱས་ཡོད།
        ཟླ་ ༡༢ ཚེས་ ༢༣ ནས་གཟའ་འཁོར་གཉིས་རིང་གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་ཞིག་ས་རཱ་མཐོ་སློབ་ཏུ་གོ་སྒྲིག་བྱས་ཤིང༌། ཟབ་སྦྱོང་ནང་དྷ་སྟེང་བོད་ཁྱིམ་ཁྱབ་ཁོངས་ཀྱི་གཞི་རིམ་འོག་མའི་དགེ་རྒན་གྲངས་ ༣༠ དང་མ་སུ་རི་བོད་ཁྱིམ་ཁྱབ་ཁོངས་དགེ་རྒན་༡༠ བཅས་འཛུལ་ཞུགས་བྱས་ཡོད།
༡༣༽     ཤེས་རིག་གསར་འཕྲིན་འདོན་ཐེངས་བཞི་དང༌། མདུན་ལམ་དུས་དེབ་ཐེངས་གསུམ། ཕ་ཡུལ་ཤེས་བྱའི་བང་མཛོད་འདོན་ཐེངས་བཅུ་གཉིས། འདོན་ཐེངས་རེར་གྲངས་དྲུག་སྟོང༌། གངས་ལྗོངས་བྱིས་པའི་བརྙན་དེབ། གྲངས་བཞི་སྟོང༌། ཨ་ཁུ་སྟོན་པའི་སྒྲུང་གཏམ། བསྟན་སྲུང་དང་བླང་དམག བརྩམས་སྒྲུང་བཅས་དེབ་གསུམ་གྲངས་༣༠༠༠ རེ། གླིང་སྒྲུང་དོན་འདུས་གཞོན་ནུའི་མགྲིན་རྒྱན་ཁོངས་མོན་གླིང་གཡུལ་འགྱེད་ལེའུ་ཕྱོགས་བསྡུས་གྲངས་༣༠༠༠ དེ་བཞིན་སྨྱུག་གསར་དང་ཤེས་རིག་དུས་དེབ་བཅས་རྩོམ་སྒྲིག་དང་པར་སྐྲུན་ཐོག་རིན་མེད་འགྲེམས་སྤེལ་བྱས།
༡༤༽    ཧ་ཅང་གཞི་རྒྱ་དང་ལས་འབོར་ཆེ་བའི་ཐ་སྙད་གཏན་འབེབས་ལས་གཞི་ལག་བསྟར་གྱིས་གཏན་འབེབས་བརྒྱུད་རིམ་ལྟར་སློབ་སྟོན་པ་དང༌། བཀའ་ཤག ཆེས་མཐོའི་གཏན་འབེབས་ལྷན་ཚོགས་བཅས་བརྒྱུད་དེ་བརྡ་ཆད་གཏན་འབེབས་དེབ་ཕྲེང་དང་པོ་དངོས་སུ་པར་སྐྲུན་ཟིན་ཏེ་ཡོངས་ཁྱབ་འགྲེམས་སྤེལ་བྱས།
༡༥༽    སྔོན་འགྲོ་དང་གཞི་རིམ་འོག་མའི་བསླབ་གཞིའི་རྩ་འཛིན་བཟོ་འགོད་ཚོགས་ཆུང་གིས་སྔ་ལོ་ཟླ་༤ པར་ཕུལ་བའི་རགས་ཟིན་དེར་བཀའ་ཤག་ནས་ཐུགས་ཞིབ་ཀྱིས་འདི་ལོའི་ཟླ་༤ ཚེས་ ༣ ཉིན་བཀའ་འཁྲོལ་གཏན་འབེབས་ཐོབ་པས། ཟླ་ ༧ ཚེས་ ༢༠ ཉིན་ཤེས་རིག་ལས་ཁུངས་ནས་རྩ་འཛིན་དེབ་གྲངས་ ༡༠༠༠ པར་སྐྲུན་གྱིས་ཁྱབ་ཁོངས་སློབ་གྲྭའི་འཛིན་སྐྱོང་ཡིག་ཚང་དང་གཏན་ཉིན་སློབ་གྲྭ་བཅས་སུ་རྩ་འཛིན་ལག་བསྟར་དགོས་པའི་བཀོད་ཁྱབ་དང་སྦྲགས་འགྲེམས་གཏོང་བྱས།
        ཟླ་༧ ཚེས་ ༡༦ ཉིན་གཞི་རིམ་བར་མའི་སློབ་གཞིའི་རྩ་འཛིན་གཏན་འབེབས་ཆེད། གཞི་རིམ་བར་མའི་སློབ་ཚན་ལ་གཞིགས་ཏེ་ལས་དོན་ཚོགས་ཆུང་མི་འདྲ་བ་བཞི་འཆར་འགོད་བཀའ་འཁྲོལ་ཞུས་ཏེ། ཟླ་༨ པར་ཚོགས་མི་ ༡༢ ཀྱིས་གྲུབ་པའི་གཞི་རིམ་བར་མའི་སློབ་ཚན་འཆར་འགོད་ཀྱི་སྒྲོམ་གཞི་རགས་ཟིན་ཚོགས་ཆུང་གསར་འཛུགས་གནང༌།
༡༦༽    གཏན་ཉིན་སློབ་གྲྭ་ཁག་ཏུ་བོད་ཡིག་ཡིག་གཟུགས་སྦྱང་བརྩོན་ལ་བློ་སྟོབས་སྤེལ་སླད། ཟླ་ ༡༠ ཚེས་༣༡ ཉིན་སློབ་ཁག་ཡོངས་སུ་ཡིག་གཟུགས་འགྲན་བསྡུར་གོ་སྒྲིག་སྔ་ལོ་ལྟར་བྱས།
༡༧༽    རྒྱ་གར་རྒྱལ་ཡོངས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ནས་ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༤ པར་བསྐྱར་ཞིབ་ཀྱིས་འགྲེམས་སྤེལ་བྱས་པའི་འཛིན་རིམ་༩།༡༠།༡༡།༡༢ བཅས་ཀྱི་བོད་ཡིག་སློབ་ཚན་ཀྱི་ནང་དོན་དུམ་ཚན་རྣམས་ཕྱོགས་བསྒྲིགས་བྱས་པའི་ཐོག སློབ་ཚན་སོ་སོར་ངོ་སྤྲོད་དང་མཆན་འགྲེལ། སྦྱོང་ཚན་བཟོ་འགོད། ཁ་གསབ་རྒྱུ་ཆ་རྩོམ་སྒྲིག་བཅས་སྔོན་ཆད་དང་མ་འདྲ་བའི་སློབ་དེབ་ཁམས་གཙང་པར་སྐྲུན་དང་འགྲེམས་སྤེལ་བྱས།
༡༨༽    གཞི་རིམ་གོང་མ་འཛིན་གྲྭ་བཅུ་པ་དང་བཅུ་གཉིས་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ནང་ཞུགས་དགོས་སྟབས། འཛིན་རིམ་བརྒྱད་པ་ཡན་གྱི་བོད་ཡིག་སློབ་ཚན་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་བོད་ཡིག་བསླབ་གཞི་གཏན་འབེབས་ཚོགས་ཆུང་ཆེད་འཛུགས་ཀྱིས་གནང་མུས་ཀྱང༌། ཚོགས་ཆུང་ནང་ཤེས་རིག་ལས་ཁུངས་ཀྱི་སྐུ་ཚབ་མེད་སྟབས་བོད་ཡིག་སློབ་གཞི་འདེམས་སྒྲུག་དང་ཡིག་རྒྱུགས་དྲི་ཤོག་བཟོ་འགོད་སྐབས་སུ་རང་རེའི་གཏན་ཉིན་སློབ་གྲྭའི་གནས་སྟངས་དང་འཚམས་མིན་གྱི་དཀའ་ངལ་ཤུགས་ཆེར་འཕྲད་མུས་ལ་སོང༌། སློབ་དེབ་ཚོགས་ཆུང་ནང་ཤེས་རིག་ལས་ཁུངས་ཀྱི་འཐུས་ཚབ་འཇུག་ཐབས་དང༌། ཡིག་རྒྱུགས་བཟོ་འགོད་དང་ཞིབ་འཇུག་གི་ལས་དོན་རབ་ཡིན་ན་ཤེས་ལས་སུ་སྤྲོད་རྒྱུ། དེ་མིན་ཡིག་རྒྱུགས་ཚོགས་ཆུང་ཤེས་རིག་ནས་བསྐོ་འཛུགས་ཆོག་པ་ཞེས་པའི་ཞུ་སྙན་དང་འབྲེལ་མོལ་རིམ་པ་ཞུས་འབྲས་སུ། འདི་ལོ་ནས་བཟུང་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་བོད་ཡིག་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་ནང་ཤེས་རིག་ལས་ཁུངས་ཀྱི་སྐུ་ཚབ་ ༡ བསྐོ་འཛུགས་ཐུབ་པ་བྱུང་བ་དང༌། དེ་མཚུངས་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་བོད་ཡིག་དྲི་ཤོག་བཟོ་འགོད་འོས་མི་ཤེས་རིག་ལས་ཁུངས་ནས་མཚན་འདོན་རྒྱབ་གཉེར་གནང་བར་ཆ་འཇོག་གིས་ལག་བསྟར་གནང་ཐུབ་པའི་གྲུབ་འབྲས་བཟང་པོ་ཐོབ།
༡༩༽    སྐུ་སྒེར་ཡིག་ཚང་ནས་གསོལ་སྩལ་གནང་བའི་རིགས་གཅིག་རྐང་འཛིན་དང་ཉམས་ཞིབ་སློབ་ཡོན་ལས་སྒྲིག་ཞུགས་མ་ཡིན་པའི་སློབ་གཉེར་བ་ལོ་འདིར་བསྡུ་མཚམས་བཞག སློབ་ཡོན་འདིའི་ཁོངས་ཁྱོན་བསྡོམས་སློབ་གཉེར་བ་ ༡༤ བྱུང་བའི་ཁྲོད། མཐར་ཕྱིན་པ་ ༡ སློབ་གཉེར་བྱེད་བཞིན་པ་ ༤ ཕྱིར་འབུད་བྱས་པ་ ༡ བྱུང་ཡོད།
༢༠༽    ལོ་འདིར་རྒྱ་གར་དགེ་རྒན་ཁོངས་ནས་བོད་ཡིག་ཡིག་རྒྱུགས་སུ་འཛུལ་ཞུགས་བྱེད་མཁན་མ་བྱུང༌།
༢༡༽    ཟླ་ ༡༢ ཚེས་ ༥།༦ ཉིན་གཉིས་རིང་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཤེས་ཡོན་གྱི་གནས་ཚད་སྤྱི་དང་ལྷག་པར་རིགས་གཅིག་རྐང་འཛིན་པ་གང་མང་གསོ་སྐྱོང་ཐུབ་ཐབས་སྐོར་ལ་ཚོགས་འདུ་ཞིག་བསྐོང་འཚོགས་བྱས། ཚོགས་འདུ་དེར་དྷ་རམ་ས་ལའི་ཉེ་འཁོར་གྱི་རིགས་གཅིག་མཁས་པ་དང་རྩོམ་པ་པོ། ཉམས་ཞིབ་པ། ཆེད་ལས་པ། ཤེས་ཡོན་ལས་དོན་པ་སོགས་ཁྱོན་བསྡོམས་མི་གྲངས་ ༥༠ སྐོར་འཛོམས་ཡོད་པ་རེད།