༢༠༠༥

༡༽    ལོ་འདིར་ཤེས་རིག་ཁྱབ་ཁོངས་སུ་གཏན་ཉིན་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བསྡོམས་གྲངས་ ༨༠ ཡོད་ཅིང༌།  དེ་དག་ཁོངས་སློབ་ཕྲུག་ཕོ་མོ་བསྡོམས་གྲངས་ ༢༨༣༧༩ དང་དགེ་རྒན་ལས་བྱེད་བསྡོམས་གྲངས་ ༢༣༩༩ བཅས་ཡོད་པའི་སློབ་གྲྭའི་འཛིན་སྐྱོང་གནས་སྟངས་གཤམ་གསལ་ལྟར་ཡིན།

ཨང༌། སྡེ་ཁག་སོ་སོའི་མཚན། སློབ་གྲྭ་གྲངས།
རྒྱ་གར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་ཁོངས། ༢༨
སཾ་བྷོ་ཊ་བོད་སློབ་འཛིན་སྐྱོང་ལས་ཁང་ཁོངས། ༡༦
དྷ་ས་བོད་ཁྱིམ་ཁོངས། ༡༧
མ་སུ་རི་བོད་ཁྱིམ་ཁོངས།
བལ་ཡུལ་གངས་ཅན་བདེ་རྩའི་ཁྱབ་ཁོངས། ༡༣
སྒེར་སྐྱོང་སློབ་གྲྭ
  བསྡོམས། ༨༠

༢༽    འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་སུ་ཞུགས་མཁན་གྲས་མ་སུ་རི་གཏན་སློབ་དང༌། ཌལ་ཧོར་གཏན་སློབ། སིམ་ལ་གཏན་སློབ། རྡོར་གླིང་གཏན་སློབ། ཀ་སྦུག་གཏན་སློབ། མོན་གྷོ་གཏན་སློབ། སྦེལ་ཀོབ་ཉིན་སློབ། ཧར་པ་སྤུར་གཏན་སློབ། སྤོན་ཊ་གཏན་སློབ། ཀ་ལ་མོན་ཊོན་སློབ་གྲྭ། དྷ་ས་བོད་ཁྱིམ། མ་སུ་རི་བོད་ཁྱིམ། སྦེལ་ཀོབ་བོད་ཁྱིམ། གྷོ་པར་སྤུར་བོད་ཁྱིམ། བལ་ཡུལ་རྣམ་རྒྱལ་མཐོ་སློབ་བཅས་ཀྱི་སློབ་ཕྲུག་རྩ་བའི་ཆར་ ༡༡༥༦ ཡོད་པའི་ཁོངས་ནས་ཡིག་རྒྱུགས་འཕྲོད་པ་ ༡༠༡༠ སློབ་ཚན་གཅིག་བསྐྱར་རྒྱུགས་གཏོང་དགོས་ ༨༢ ཡིག་རྒྱུགས་མ་འཕྲོད་པ་ ༡༨ འབྱོར་ཐོ་མ་བཀོད་པ་ ༤༦ བྱུང་ཡོད།
༣༽    གཏན་ཉིན་སློབ་གྲྭ་ཁག་དང་མཐོ་སློབ་ཁག་ནས་སློབ་ཐོན་ཡོང་བཞིན་པའི་སློབ་ཕྲུག་ཁོངས་ནས་རང་རང་ཤེས་ཚད་དང༌། སྤྱི་ཚོགས་ཀྱི་འཕྲལ་ཕུགས་དགོས་གལ་ལ་གཞིགས་པའི་མཐོ་རིམ་ཆེས་མཐོའི་སློབ་སྦྱོང་དང༌། བཟོ་རིག་དང་ལས་རིགས་སློབ་སྦྱོང་བཅས་པར་སློབ་ཡོན་འཆར་བཀོད་ཀྱིས་ཕྱི་ནང་རོགས་ཚོགས་ཁག་ལ་འབོད་སྐུལ་ཞུས་འབྲས་ལོ་འདིར་སློབ་ཡོན་གྲངས་ ༢༥༥ དོན་སོན་བྱུང༌།
༤༽    གཏན་ཉིན་སློབ་གྲྭ་ཁག་ནས་སློབ་ཐོན་དང༌། དང་སློབ་འཛུལ་ཞུགས་ཁོངས་ནས་སྒྲིག་གསལ་ལོ་ཡུན་གཙང་སྟེ་ལུགས་མཐུན་རྩ་དགོངས་ཞུས་འཁྲོལ་བྱུང་བ། བོད་ནས་གསར་འབྱོར་བ་བཅས་ན་གཞོན་སློབ་སྦྱོང་དོན་གཉེར་ཅན་ཨང་རིམ་རྩེ་བཏོག་གིས་སྤྱི་ཚོགས་ཀྱི་དགོས་མཁོར་གཞིགས་པའི་ཤེས་རིག་སློབ་ཡོན་ཚོགས་ཆུང་གིས་འདི་ལོ་ ༡༢༣ ལ་གཙུག་ལག་རབ་འབྱམས་པ་དང༌། ཉེ་བའི་གཙུག་ལག་རབ་འབྱམས་པ། ཀམ་པུ་ཊར། ཁྲིམས་དོན། སྨན་པ། སྨན་ཞབས། རྩིས་སོགས་སློབ་སྦྱོང་གི་སློབ་ཡོན་གནང༌།
༥༽    ཨ་རིའི་གཞུང་ནས་ལོ་བསྟར་བོད་ཕྲུག ༡༥ ལ་སློབ་སྦྱོང་བྱ་རྒྱུའི་སློབ་ཡོན་རོགས་རམ་གནང་མུས་ལྟར་ཕྱི་ལོ་ ༢༠༠༤ ལོར་འདེམས་སྒྲུག་ཟིན་པའི་སློབ་ཕྲུག་ ༡༥ ཕྱི་ལོ་ ༢༠༠༥ ཕྱི་ཟླ་ ༨ ནང་ཨ་རིར་བཏང་ཞིང༌། ༢༠༠༦ ལོར་གཏོང་རྒྱུའི་སློབ་ཕྲུག ༡༥ སྔར་ལམ་ལྟར་འདེམས་སྒྲུག་བྱས།
༦༽    ཨིན་ཡུལ་པེ་སེ་ཊོལ་ལི་ཇི་(Pestalozzi International Village Trust) ནས་ཧ་སེ་ཊིང་(Hasting) མཐོ་སློབ་ཏུ་མཐོ་རིམ་སློབ་སྦྱོང་ཆེད་སློབ་ཕྲུག་གཉིས་འདེམས་སྒྲུག་ཞུས་རྗེས་ཕྱི་ལོ་ ༢༠༠༥ ཟླ་ ༨ ནང་དངོས་སུ་བཏང༌། རྒྱ་གར་སྤུ་ན་ (Mahindra United World College) མཐོ་སློབ་ནང་རང་རིགས་སློབ་ཕྲུག་གཅིག་ལ་མཐོ་རིམ་སློབ་ཡོན་ཞལ་བཞེས་བྱུང་དོན་ལྟར་འདེམས་སྒྲུག་ཞུས་རྗེས་ཕྱི་ལོ་༢༠༠༥ ཟླ་ ༨ ནང་བཏང༌།
    ཨིན་ཡུལ་ཨེཊ་ལན་ཊིག་མཐོ་སློབ་སློབ་ཡོན་ཆེད་འཛིན་རིམ་བཅུ་པ་ཐོན་པའི་སློབ་ཕྲུག་གཅིག་འདེམས་སྒྲུག་གིས་ཟླ་༩ ནང་བཏང༌། ཁལ་མུག་རྒྱལ་ཁབ་ཏུ་རང་རིགས་སློབ་ཕྲུག་གསུམ་ལ་སློབ་ཡོན་ཞལ་བཞེས་བྱུང་དོན་ལྟར་ཟླ་ ༧ ནང་བཏང༌།
༧༽    རང་རིགས་འབྱོར་ལྡན་དང་ཕྱི་ནང་རོགས་ཚོགས་ཁག་ལ་འབོད་སྐུལ་ཞུས་འབྲས་སུ་ལོ་འདིར་གཞི་རིམ་སློབ་ཡོན་གསར་པ་གྲངས་ ༤༦༥ དོན་སོན་བྱུང༌།
༨༽    ལོ་འདིའི་ནང་དབུས་ཉམ་ཐག་ཚོགས་ཆུང་ནས་རྒྱ་བལ་འབྲུག་གསུམ་གྱི་ས་གནས་ཉམ་ཐག་ཕྲུ་གུའི་ཐོ་གཞུང་གཏན་འབེབས་ཀྱིས་ཤེས་རིག་ལ་གནང་བ་གྲངས་ ༩༨༢ བྱུང༌། དེ་ཁོངས་ནས་དྷ་ས་བོད་ཁྱིམ་དང་མ་སུ་རི་བོད་ཁྱིམ་ནས་གཟིགས་རྟོག་གནང་དགོས་ཕྲུག་གྲངས་ ༤༠༧ ཕུད་འཕྲོས་ཕྲུག་གྲངས་ ༥༧༥ ལ་ཤེས་རིག་ནས་གཟིགས་རྟོག་གནང་དགོས་པ་ལྟར་ཕལ་མོ་ཆེ་གཏན་སློབ་ཁག་ནང་ཟས་གོས་གནས་མལ་གླ་དོད་རྩ་ཆག་གིས་སློབ་འཇུག་བྱས་ཐོག་ཟླ་རེར་ལག་དངུལ་དང་ལམ་གྲོན་ཡང་གནང་ཞིང༌། གཏན་སློབ་ཁག་ནང་ས་མིག་ཐོན་མིན་གྱིས་ཚུད་བསྡད་ཕྲུག་གྲངས་ ༢༤༤ ཡོད་པ་དེ་དག་ལ་སློབ་དོད་ཟླ་རེར་ཧིན་སྒོར་ ༥༠༠ གནང༌།
        འབུམ་ལ་ཁུལ་ཁ་ཐོར་དུ་གནས་སྡོད་ཉམ་ཐག་བོད་ཕྲུག་རྣམས་བསྟན་འཛིན་སྒང་ས་གནས་སློབ་གྲྭའི་ཉལ་ཁང་ནང་བསྐྱོད་མུས་དེ་དག་ལ་སློབ་དོད་ཟླ་རེར་སྒོར་ ༣༠༠ རེ་གནང༌།
        འདི་ལོ་ཀྲུ་ཀྲིང་ས་ཁུལ་གྱི་ཕྲུ་གུ་མ་སུ་རི་དང༌། ཅོན་ཏ་ར། ཤེ་ལོང༌། སྤོག་རེ་སྦོང༌། བསུ་ན་མདའ་བཅས་གཏན་སློབ་ཁག་ལྔ་ནང་ཟས་གོས་གནས་མལ་གླ་དོད་རྩ་ཆག་ཐོག་སློབ་བཞེས་གནང་བ་ ༦༢ བྱུང་ཡོད། སློབ་ཕྲུག་དེ་རྣམས་སློབ་བཅར་སྐབས་ཕྲུ་གུ་དང་སྐྱེལ་མི་བཅས་ལ་ལམ་གྲོན་དང་ལྟོ་དོད་ཆེད་སྒོར་༣༨༩༠༠ གནང༌། དེ་བཞིན་ཀྲུ་ཀྲིང་ཁུལ་གྱི་ཕྲུ་གུ་ཇི་ཡོད་ལ་ལག་དངུལ་ཟླ་རེར་སྒོར་༧༥ རེ་སློབ་གྲྭ་སོ་སོའི་སློབ་སྤྱི་བརྒྱུད་ཁུངས་སྤྲོད་གནང༌། གཏན་སློབ་ཏུ་སྐྱོད་མུས་ཀྲུ་ཀྲིང་གི་ཕྲུ་གུ་རྣམས་དགུན་ཁའི་གུང་སེང་བསུ་ལེན་བྱེད་མཁན་མེད་རིགས་ལ་ཤེས་རིག་ནས་ལམ་གྲོན་ལྟོ་དོད་སོགས་བཏང་སྟེ་ཅོན་ཏ་ར་གཏན་སློབ་དང་རྡོར་གླིང་སྤོག་རེ་སྦོང་ཉལ་ཁང་ཏུ་བདག་ཉར་བྱས། དེ་བཞིན་ཀྲུ་ཀྲིང་ཕྲུ་གུ་རང་རང་གི་ཕ་མ་སའི་ལོ་གསུམ་རིང་གུང་སེང་དུ་བསྐྱོད་ཐུབ་མེད་པ་རྣམས་ལ་དམིགས་བསལ་དགོངས་བཞེས་ཀྱིས་ཕྲུ་གུ་རེར་ལམ་གྲོན་དོད་མི་རེར་སྒོར་ ༣༥༠༠ དང་སྐྱེལ་མི་གསུམ་བཅས་བསྡོམས་མི་གྲངས་༤༣ ལ་སྒོར་ ༡༥༠༥༠༠ གནང་སྟེ་གུང་གསེང་དུ་བཏང༌།
༩༽    ཧི་མ་ལ་ཡའི་ས་ཁུལ་ཁུ་ནུ་དང༌། པི་ཏི། རྟ་དབང༌། འབྲས་ལྗོངས། ཀུ་ལུ། གར་ཤ། ཟངས་དཀར་བཅས་ནས་ལོ་ལྟར་ཕྲུ་གུ་ཇི་འབྱོར་རྣམས་དྷ་ས་བོད་ཁྱིམ་དང་མ་སུ་རི་བོད་ཁྱིམ། ཤེས་རིག་ལས་ཁུངས་བཅས་ནས་དམིགས་བསལ་ཐོག་སློབ་བཞེས་གནང་མུས་ཁོངས་འདི་ལོ་ཤེས་རིག་ལས་ཁུངས་ཀྱིས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཕྲུག་གྲངས་༢༨ ལ་སློབ་འཇུག་གོ་སྐབས་གནང་ཡང་སློབ་བཅར་གནང་བ་ཕྲུག་གྲངས་ ༢༤ ལས་བྱུང་མེད། དེ་དག་གི་ཟས་གོས་གནས་མལ་གླ་དོད་ཉམ་ཐག་ཕྲུ་གུ་སྤྱི་མཚུངས་བཞིན་རྩ་ཆག་གནང༌།
༡༠༽    ལོ་འདིར་གཏན་སློབ་ཁག་ཏུ་སློབ་འཇུག་བྱས་པའི་སློབ་ཕྲུག་བུ་གྲངས་༢༩༡ དང་བུ་མོ་གྲངས་༣༣༡ བཅས་བསྡོམས་ཕྲུག་གྲངས་༦༢༢ མཆིས་ཁོངས་ནས་ཟས་གོས་གནས་མལ་གླ་དོད་རྩ་ཆག་གིས་སློབ་བཞེས་གནང་བ་ཕྲུག་གྲངས་༡༥༠ དང་ཟས་གོས་གནས་མལ་གླ་དོད་ཕྱེད་ཆག་ཐོག་སློབ་བཞེས་གནང་བ་ཕྲུག་གྲངས་༣༣༩ བོད་སློབ་འཛིན་ཚོགས་བརྒྱུད་སློབ་ཡོན་ཐོབ་པ་ཕྲུག་གྲངས་༥༨ ཟས་གོས་གནས་མལ་གླ་དོད་ཆ་ཚང་ཕ་མ་རང་ངོས་ནས་སྒྲུབ་འཇལ་གྱིས་སློབ་བཞེས་གནང་བ་ཕྲུག་གྲངས་༧༥ བཅས་བསྡོམས་ཕྲུག་གྲངས་ ༦༢༢ གསར་འཇུག་བྱས།
༡༡༽    སྤོན་ཊ་གཏན་སློབ་ཀྱི་གཞི་རིམ་འོག་མའི་འཛིན་ཁང་ཉམས་གསོ་དང་གསར་རྒྱག ཀམ་པུ་ཊར་གསར་ཉོ། ཀུ་ལུ་བྷུན་ཏར་སློབ་གྲྭའི་འཛིན་ཁང་དང་སློབ་གྲྭའི་ཁང་པ་ཉམས་གསོ། ཤེས་ཡོན་སྲིད་བྱུས་གསར་པའི་ནང་དོན་ལྟར་གྱི་དཔེ་སྟོན་སློབ་གྲྭ་ཚུགས་ཡུལ་འཛིན་ཁང་དང་ཉལ་ཁང༌། ལས་ཤག་ཉམས་གསོ། རྡོར་གླིང་དང་ཀ་སྦུག སྤོག་རེ་སྤོང༌། བསུ་ན་མདའ། སྐྱིད་ནས་དྷ་ཤོད་སློབ་གྲྭར་འགྲོ་མུས་སློབ་ཕྲུག་སྐྱེལ་བསུའི་འགྲུལ་འཁོར།ཝ་ན་མཐོ་སློབ་བཅས་བྱང་ཤར་སློབ་ཁག་ལྔའི་ཟས་དོད་འཕར་སྣོན། སིམ་ལ་དང་རྡོར་གླིང༌། མོན་གྷོ ཀ་སྦུག ཌལ་ཧོར་བཅས་གཏན་སློབ་ཁག་དྲུག་གི་སྨན་ཁང་རྒྱུན་གྲོན་འཕར་སྣོན། རྒྱ་གར་ནང་ད་ཡོད་སློབ་ཁག་ ༦༢ ཆེད་དུ་རིག་གཞུང་འཁྲབ་ཆས་དང་རོལ་ཆ་གསར་ཉོ། གངས་སྐྱིད་ཁུལ་གྱི་ཕྲུ་གུ་རྣམས་དྷ་ཤོད་བུ་ཁྱིམ་སློབ་གྲྭར་བསྐྱོད་རྒྱུའི་ཆེད་འགྲུལ་འཁོར་གསར་ཉོ། ཤེས་རབ་དགའ་ཚལ་སློབ་གླིང་གི་དཔེ་མཛོད་གསར་རྒྱག་བཅས་ཀྱི་འཆར་གཞི་ལེགས་སྒྲུབ་ཟིན།
༡༢༽     ཨ་རི་ཨུ་ཤའི་རོགས་དངུལ་འོག་མཐོ་སློབ་དང་ལག་རྩལ་སྦྱོང་བརྡར་ཆེད་ཕྲུ་གུ་གྲངས་ ༢༥ ལ་སློབ་ཡོན་དང༌། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ལས་བྱེད་གཉིས་ལ་ཟླ་དྲུག་རིང་ཁྲིམས་ཀྱི་སྦྱོང་བརྡར། ཤེས་རབ་དགའ་ཚལ་སློབ་གླིང་གི་ལོ་རིམ་མཐའ་མའི་ཕྲུ་གུ་ལ་ཟབ་སྦྱོང་དང་ཕྲུ་གུ་གྲངས་ ༣༠ ཤེས་ཡོན་བལྟ་སྐོར་དུ་འཁྲིད་རྒྱུ། དགེ་ལས་གྲངས་ ༢༢ ལ་སློབ་ཁྲིད་ཡར་རྒྱས་གཏོང་ཐབས་ཀྱི་སྦྱོང་བརྡར། མཐོ་སློབ་སློབ་གཉེར་བ་གྲངས་ ༦༠ ལ་མ་འོངས་འགོ་ཁྲིད་དང་ལས་འགན་ངོ་སྤྲོད་ཀྱི་ཟབ་སྦྱོང༌། འཛིན་རིམ་བཅུ་གཉིས་ཅན་གྱི་སློབ་གྲྭ་བཅོ་ལྔའི་སློབ་ཕྲུག་གྲངས་༣༠ རྣམས་ལ་ྋགོང་ས་མཆོག་གི་མཛད་འཕྲིན་སྐོར་ལ་བགྲོ་གླེང་ཚོགས་འདུ་དང་ཟབ་སྦྱོང་གོ་སྒྲིག གཞི་རིམ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་དམིགས་བསལ་ཟླ་གསུམ་དགེ་རྒན་ཟབ་སྦྱོང༌། དེ་བཞིན་སམ་བྷོ་ཊ་ཁྱབ་ཁོངས་སློབ་ཁག་དང་དཔེ་སྟོན་སློབ་གྲྭའི་དགེ་ལས་དང་སློབ་ཕྲུག་ལ་མཐུན་འགྱུར་རོགས་རམ་བཅས་ལག་བསྟར་ལེགས་གྲུབ་ཟིན།
༡༣༽    ཤེས་རིག་ལས་ཁུངས་ཀྱི་ལས་འཆར་འོག་ཟླ་ ༧ ཚེས་ ༢༠ ནས་ཟླ་ ༨ ཚེས་ ༨ བར་ལྷོ་ཕྱོགས་སློབ་ཁག་དང་གཞིས་ཆགས་རྣམས་ལ་ཆབ་སྲིད་བཙོན་ཟུར་སྤེན་པ་ཚེ་རིང་དང་བཟོད་པ་རྣམ་གཉིས་ཀྱིས་བོད་ནང་གི་ཆབ་སྲིད་ཀྱི་གནས་སྟངས་དང་ཆབ་སྲིད་བཙོན་པའི་སྐོར་ལ་གསུང་བཤད་དང་འགྲེམས་སྟོན་གནང༌།
༡༤༽    ཟླ་ ༡༠ ཚེས་ ༡༧ ཉིན་ལྷོ་ཕྱོགས་བོད་མིའི་ཤེས་ཡོན་མདུན་ལམ་སློབ་སྟོན་པའི་ཚན་པ་ཞིག་མོན་གྷོ་ས་གནས་སུ་དབུ་འབྱེད་ཀྱིས་སྐུ་མགྲོན་གཙོ་བོར་ཤེས་རིག་དྲུང་ཆེ་དང་དྲུང་འཕར། ལྷོ་སྤྱི། ལྷོ་ཁུལ་སློབ་གྲ་ཁག་གི་སློབ་སྤྱི་དང་དགེ་ཆེ། མདུན་ལམ་སྟོན་པའི་འགན་ཁུར་བ་རྣམ་པ། ཤེས་རིག་ཤེས་ཡོན་འགན་འཛིན་བཅས་ཕེབས་འཛོམས་བྱུང༌།
༡༥༽    ཟླ་ ༤ ཚེས་ ༢༢ ནས་ཚེས་ ༢༤ བར་གངས་སྐྱིད་ཚོགས་ཁང་དུ་སློབ་གྲྭ་ཁག་གི་དགེ་རྒན་ ༢༦ ལ་དབང་པོ་སྐྱོན་ཅན་དང་འབྲེལ་བའི་དམིགས་བསལ་ཤེས་ཡོན་སྤྲོད་སྟངས་སྐོར་རྒྱ་གར་མཁས་དབང་བཞི་དང༌། དབྱིན་ཡུལ་གྱི་མཁས་དབང་གཅིག་བཅས་གདན་ཞུས་ཀྱིས་སློབ་སྟོན་གནང༌།
        སློབ་གྲྭ་ཁག་གི་ཨང་རྩིས་དང་ཚན་རིག་ཤེས་ཚད་རྟོག་ཞིབ་ཚོགས་ཆུང་གིས་གཞི་རིམ་གྱི་གནས་སྐབས་ནས་ཨང་རྩིས་དང་ཚན་རིག་གི་གཞི་རྟེན་ལེགས་འཛུགས་ཡོང་ཐབས་སུ་དམའ་རིམ་དགེ་རྒན་རྣམས་ལ་ཟབ་སྦྱོང་དགོས་གལ་གསུངས་པ་ལྟར་ཟླ་ ༤ ཚེས་ ༢༢ ནས་ཕྱི་ཟླ་ ༥ ཚེས་ ༥ བར་རྒྱ་གར་མཁས་དབང་ཨའི་སི་ཨཧུ་ཇྭ་དང་སིམ་ལ་གཏན་སློབ་ཀྱི་ཚན་རིག་སློབ་དགེ་པད་མ་རྒྱལ་མཚན་སོགས་གདན་ཞུས་ཀྱིས་ས་རཱ་མཐོ་སློབ་དུ་དམའ་རིམ་དགེ་རྒན་གྲངས་༢༥ ལ་ཨང་རྩིས་དང་ཚན་རིག་འཁྲིད་ཐབས་ཀྱི་ཟབ་སྦྱོང་གོ་སྒྲིག་ཞུས།

ྋགོང་ས་མཆོག་གི་མཛད་འཕྲིན་དང་འབྲེལ་བའི་སློབ་ཕྲུག་གི་བགྲོ་གླེང་ཚོགས་འདུའི་རྣམ་པ།

༡༦༽    ཟླ་༦ ཚེས་༡༥ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བདུན་ཅུར་ཕེབས་པའི་དམིགས་བསལ་སྐུའི་འཁྲུངས་སྐར་དུས་ཆེན་ཐོག་རང་རེ་རྣམས་བསོད་ནམས་གསོག་པ་དང་བཀའ་དྲིན་གྱི་ཆ་ཤས་གསབ་ཕྱིར་དུས་ཆེན་སྲུང་བརྩི་དང་འབྲེལ་འཛིན་རིམ་བཅུ་གཉིས་ཅན་གྱི་སློབ་གྲྭ་ཁག་གི་སློབ་ཕྲུག་རྒན་གྲས་ཀྱི་བགྲོ་གླེང་ཚོགས་འདུ་ཞིག་དྷ་ས་བོད་ཁྱིམ་དུ་གོ་སྒྲིག་ཞུས། བགྲོ་གླེང་ཐོག་ྋགོང་ས་མཆོག་གི་མཛད་འཕྲིན་སྐོར་གྱི་བརྗོད་གཞི་མི་འདྲ་བ་བཅོ་ལྔའི་ཐད་སློབ་ཁག་སོ་སོའི་རྩོམ་ཡིག་ཁག་ཕྱོགས་བསྒྲིགས་ཀྱིས་དཔེ་དེབ་པར་སྐྲུན་ཞུས་ནས་ཚོགས་བཅར་བ་རྣམས་དང་སྐུ་མགྲོན། སློབ་གྲྭ་ཆེ་ཁག་ལ་འགྲེམས་སྤེལ་ཞུས།
༡༧༽    ཟླ་༡༠ ཚེས་ ༣ ནས་ཚེས་༧ བར་དྷ་རམ་ས་ལ་དང་མ་སུ་རི་གཡས་གཡོན་གྱི་སློབ་གྲྭ་ཁག་གི་མདུན་ལམ་སློབ་སྟོན་འགན་ཁུར་བ་དགེ་རྒན་ ༡༦

ལ་ཟབ་སྦྱོང་གོ་སྒྲིག་ཞུས་པར་སློབ་སྟོན་གནང་མཁན་དུ་ཡུ་ནེ་སི་ཀོ་(UNESCO)དབང་པོ་སྐྱོན་ཅན་དང་སེམས་ཁམས་རིག་པའི་མཁས་དབང་ཨ་ནུ་པམ་ཨཧུ་ཇཱ་གཙོས་བའི་མཁས་དབང་དྲུག་ཙམ་གདན་ཞུ་བྱས།
༡༨༽    ཟླ་༡༢ ཚེས་ ༡༥ ཉིན་དབུས་བོད་སློབ་ཁྱབ་ཁོངས་རྒྱ་གར་དགེ་རྒན་ཉི་ཤུ་ལ་བོད་ཡིག་ཡིག་ཚད་གོ་སྒྲིག་ཞུས། རྒྱུགས་འཕྲོད་པ་རྣམས་གཟེངས་བསྟོད་ལག་འཁྱེར་གནང༌།
༡༩༽    ཕྱི་ལོ་༢༠༠༥ ཟླ་ ༥ ཚེས་༡༤།༡༥ ཉིན་གཉིས་རིང་ཤེས་རིག་ཚོགས་ཆེན་ཐེངས་བཞི་པའི་གྲོས་ཆོད་དགོངས་དོན་བཞིན་གངས་སྐྱིད་ལས་བྱེད་གསོལ་ཐབ་ཚོགས་ཁང་དུ་སློབ་གྲྭའི་འགན་འཛིན་དང་སློབ་སྤྱི་སོགས་ཚོགས་བཅར་བ་མི་གྲངས་ ༧༢ སྐོར་ཚོགས་སྐོང་གིས་ཤེས་ཡོན་སྲིད་བྱུས་ལག་ལེན་བསྟར་ཕྱོགས་དང་འབྲེལ་བའི་གོ་བསྡུར་གནང༌། དེ་བཞིན་ཟླ་ ༥ ཚེས་ ༡༦ ཉིན་གཏན་སློབ་ཁག་དྲུག་དང་བལ་ཡུལ་སློབ་ཁག་གི་ཤེས་ཡོན་དང༌། སློབ་འཇུག ཚོགས་འདུའི་ཐོག་ཚོགས་བཅར་བ་ཚོས་དགོངས་འཆར་གསུང་བཞིན་པ། ཡར་བཞེངས་ཏེ་གསུང་བཤད་གནང་མཁན་དེ་བོད་ཕྲུག་ཁྱིམ་སྡེའི་སྔོན་འགྲོ་དགེ་རྒན་འོས་སྦྱོང་གི་སྤྱི་ཁྱབ་པ་ངག་དབང་ཤེས་རབ་ལགས་རེད།ཉལ་ཁང་འཛིན་སྐྱོང་སོགས་ཀྱི་སྐོར་ལ་འཛིན་སྐྱོང་ཚོགས་འདུ་ཟུར་དུ་གོ་སྒྲིག་ཞུས།སློབ་གྲྭ་ཁག་གི་འགན་འཛིན་ཚོགས་འདུའི་ཚོགས་རའི་རྣམ་པ།
༢༠༽    ཤེས་རིག་གསར་འཕྲིན་འདོན་ཐེངས་བཞི་དང༌། མདུན་ལམ་དུས་དེབ་འདོན་ཐེངས་བཞི། ཕ་ཡུལ་ཕྱོགས་སྒྲིག་དཔེ་དེབ་ཁག་དྲུག ཕ་ཡུལ་ཤེས་བྱའི་བང་མཛོད་འདོན་ཐེངས་ ༡༢ གངས་ལྗོངས་བྱིས་པའི་བརྙན་དེབ། བོད་ཀྱི་གཞས་དེབ་གཉིས་པ། ཆབ་མདོའི་ལོ་རྒྱུས་དེབ་ཕྲེང་དང་པོ་བཅས་པར་སྐྲུན་བྱས།
༢༡༽    དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཁང་(NCERT)ནས་གསར་དུ་བཏོན་པའི་འཛིན་གྲྭ་བཞི་པའི་ཨང་རྩིས་སློབ་དེབ་དང༌། འཛིན་གྲྭ་བདུན་པའི་ཨང་རྩིས་སློབ་དེབ་བོད་སྒྱུར་དང་པར་སྐྲུན་གྱིས་རྒྱ་བལ་འབྲུག་གསུམ་གྱི་གཏན་ཉིན་སློབ་གྲྭ་ལ་འགྲེམས་སྤེལ་བྱས། འཛིན་རིམ་ ༦།༧།༨ བཅས་ཀྱི་བོད་ཡིག་སྦྱོང་དེབ་རྩོམ་སྒྲིག་དང་པར་སྐྲུན་བྱས།
༢༢༽    གཏན་ཉིན་སློབ་གྲྭའི་ནང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སྐོར་ལ་སློབ་སྦྱོང་བྱེད་མུས་ཀྱང༌། ཤེས་སྟོབས་དང་ན་ཚོད་རྐྱེན་གྱིས་སློབ་ཁྲིད་ཀྱི་ནང་དོན་སྐད་ཡིག་རྐྱང་པའི་ལམ་ནས་སློབ་མའི་སེམས་སུ་བག་ཆགས་གཏིང་ཟབ་ཅིག་བསྐྲུན་དཀའ་སྟབས། བོད་ཀྱི་བཙན་པོའི་རྒྱལ་རབས་དེབ་རྩོམ་སྒྲིག་དང་ཞུ་དག་བྱེད་འགོ་བཙུགས། དེ་བཞིན་སྨྱུག་གསར་དུས་དེབ་དང༌། ཤེས་རིག་དུས་དེབ་མུ་མཐུད་རྩོམ་སྒྲིག་དང་པར་སྐྲུན་བྱས།ཤེས་ཡོན་སྲིད་བྱུས་དང་མཐུན་པའི་དུས་ཐུང་དགེ་རྒན་འོས་སྦྱོང་དང་པོའི་མཛད་སྒོའི་རྣམ་པ།
༢༣༽    བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ནང་གསལ་དཔེ་སྟོན་སློབ་གྲྭ་གསར་འཛུགས་སླད་ཐོག་མར་སཱ་ར་མཐོ་སློབ་ཏུ་འབྲིང་རིམ་དགེ་འོས་སློབ་ཐོན་པ་༡༧ ལ་ཟླ་གསུམ་ཡུན་ཅན་གྱི་དུས་ཐུང་དམིགས་བསལ་དགེ་རྒན་འོས་སྦྱོང་འཛུགས་སྐྱོང་གིས། དེའི་སློབ་སྟོན་ཆེད་རྒྱ་གར་གྱི་མཁས་དབང་ ༥ དང་བོད་རིགས་མཁས་དབང་༢༩ གདན་འདྲེན་ཞུས། འོས་སྦྱོང་ཁོངས་ནས་དྲག་གྲས་བཅུ་དཔེ་སྟོན་སློབ་གྲྭའི་དགེ་རྒན་དུ་འདེམས་བསྐོ་གནང་བ་དང༌། གཞན་རྣམས་སམ་བྷོ་ཊ་དང་ཤེས་རབ་དགའ་ཚལ་སློབ་གླིང་གི་དགེ་རྒན་དུ་བསྐོ་བཞག་ཞུས།བཀའ་བློན་ཁྲི་པ་མཆོག་དང་ཤེས་རིག་བཀའ་བློན་དྲུང་ཆེ། ཤེས་རིག་ལས་བྱེད། རིགས་སློབ་དབུ་འཛིན་གཞོན་པ། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་བཅས་དང་དགེ་འོས་པ་རྣམས་ལྷན་དུ་བསྒྲོན་པའི་དྲན་རྟེན་འདྲ་པར།
༢༤༽    ཟླ་༡༠ ཚེས་༡༠ ཉིན་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་གཞིར་བཟུང་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་འབྱེད་ཀྱིས་ཐོག་མར་སྔོན་འགྲོ་དང་འཛིན་རིམ་དང་པོ་བར་གྱི་ཕྲུག་གྲངས་༨༢ སློབ་བཞེས་གནང༌། སློབ་གྲྭའི་མིང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྩལ། ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་དང་མཐུན་པའི་སློབ་ཚན་འཆར་འགོད་མ་གྲུབ་གོང་དུ་དཔེ་སྟོན་སློབ་གྲྭར་འཚམས་པའི་སློབ་ཚན་གཏན་འབེབས་འཕྲལ་དུ་བྱ་དགོས་སྟབས། སྔོན་འགྲོ་ནས་འཛིན་རིམ་གསུམ་པ་བར་གྱི་འཕྲལ་སེལ་བསླབ་གཞི་གཏན་འབེབས་ཀྱིས་སློབ་ཁྲིད་ལག་བསྟར་ཞུས། དཔེ་སྟོན་སློབ་གྲྭའི་ཤེས་ཡོན་སློབ་སྦྱོང་དང་སློབ་ཁྲིད་ཀྱི་གནས་སྟངས་ལ་རྟོག་ཞིབ་དང་ལམ་སྟོན་ཚགས་ཚུད་དགོས་གལ་ལྟར་ཟླ་༡༢ ཚེས་༧ ཉིན་དཔེ་སྟོན་སློབ་གྲྭའི་ཤེས་ཡོན་ཚོགས་ཆུང་གསར་འཛུགས་ཀྱིས་སློབ་གྲྭའི་ཤེས་ཡོན་དང་འབྲེལ་བའི་སྐོར་ལ་དམིགས་བསལ་གཟིགས་སྐྱོང་གནང་འགོ་བཙུགས་ཐོག མཛད་སྒོའི་ཐོག་ཤེས་རིག་དྲུང་ཆེས་གསུང་བཤད་གནང་བཞིན་པ།བདུན་རེའི་ནང་ཤེས་རིག་གིས་གཟིགས་རྟོག་ཐེངས་རེ་ལས་མ་ཉུང་བ་གནང༌།བཀའ་བློན་ཁྲི་པ་མཆོག་གིས་སྣང་གསལ་ཞལ་འབྱེད་གནང་བཞིན་པ།
བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་སློབ་ཕྲུག་ཚོར་གསུང་མོལ་གནང་བཞིན་པ།མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་ཐོག་མའི་སློབ་ཕྲུག་རྣམ་པ།