༢༠༠༤

༡༽    ལོ་འདིར་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་གཏན་ཉིན་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བསྡོམས་གྲངས་༨༠ ཡོད་ཅིང༌།  དེ་དག་ཁོངས་སློབ་ཕྲུག་ཕོ་མོ་བསྡོམས་གྲངས་ ༢༨༢༩༣ དང་དགེ་རྒན་ལས་བྱེད་བསྡོམས་གྲངས་ ༢༣༤༤ ཡོད་པའི་འཛིན་སྐྱོང་གནས་སྟངས་གཤམ་གསལ་ལྟར་ཡིན།
ཨང༌།        སྡེ་ཁག་སོ་སོའི་མཚན།                     སློབ་གྲྭ་གྲངས།
༡    རྒྱ་གར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་ཁོངས།        ༢༨
༢    སཾ་བྷོ་ཊ་བོད་སློབ་འཛིན་སྐྱོང་ལས་ཁང་ཁོངས།            ༡༥
༣    དྷ་ས་བོད་ཁྱིམ་ཁོངས།                    ༡༨
༤    མ་སུ་རི་བོད་ཁྱིམ་ཁོངས།                    ༢
༥    བལ་ཡུལ་གངས་ཅན་བདེ་རྩའི་ཁྱབ་ཁོངས།            ༡༣
༦    སྒེར་སྐྱོང་སློབ་གྲྭ                        ༤
        བསྡོམས།                            ༨༠
༢༽    འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་སུ་ཞུགས་མཁན་གྲས་མ་སུ་རི་གཏན་སློབ་དང༌། ཌལ་ཧོར་གཏན་སློབ། སིམ་ལ་གཏན་སློབ། རྡོར་གླིང་གཏན་སློབ། ཀ་སྦུག་གཏན་སློབ། མོན་གྷོ་གཏན་སློབ། སྦེལ་ཀོབ་ཉིན་སློབ། ཧར་པ་སྤུར་གཏན་སློབ། སྤོན་ཊ་གཏན་སློབ། ཀ་ལ་མོན་ཊོན་སློབ་གྲྭ། དྷ་ས་བོད་ཁྱིམ། མ་སུ་རི་བོད་ཁྱིམ། སྦེལ་ཀོབ་བོད་ཁྱིམ། གྷོ་པར་སྤུར་བོད་ཁྱིམ། བལ་ཡུལ་རྣམ་རྒྱལ་མཐོ་སློབ་བཅས་ཀྱི་རྩ་བའི་སློབ་ཕྲུག་ ༡༠༡༩ ཡོད་པའི་ཁོངས་ནས་ཡིག་རྒྱུགས་འཕྲོད་པ་ ༩༢༧ སློབ་ཚན་གཅིག་བསྐྱར་རྒྱུགས་གཏོང་དགོས་ ༤༨ ཡིག་རྒྱུགས་མ་འཕྲོད་པ་ ༡༤ འབྱོར་ཐོ་མ་བཀོད་པ་ ༣༠ བྱུང་ཡོད།
༣༽    གཏན་ཉིན་སློབ་གྲྭ་ཁག་དང་མཐོ་སློབ་ཁག་ནས་སློབ་ཐོན་ཡོང་བཞིན་པའི་སློབ་ཕྲུག་ཁོངས་ནས་རང་རང་ཤེས་ཚད་དང༌།  སྤྱི་ཚོགས་ཀྱི་འཕྲལ་ཕུགས་དགོས་གལ་ལ་གཞིགས་པའི་མཐོ་རིམ་ཆེས་མཐོའི་སློབ་སྦྱོང་དང༌།  བཟོ་རིག་དང་ལས་རིགས་སློབ་སྦྱོང་བཅས་པར་སློབ་ཡོན་འཆར་བཀོད་ཀྱིས་ཕྱི་ནང་རོགས་ཚོགས་ཁག་ལ་འབོད་སྐུལ་ཞུས་འབྲས་ལོ་འདིར་སློབ་ཡོན་གྲངས་ ༢༤༨ དོན་སོན་བྱུང༌།
༤༽    གཏན་ཉིན་སློབ་གྲྭ་ཁག་ནས་སློབ་ཐོན་དང༌། དང་སློབ་འཛུལ་ཞུགས་ཁོངས་ནས་སྒྲིག་གསལ་ལོ་ཡུན་གཙང་སྟེ་ལུགས་མཐུན་རྩ་དགོངས་ཞུས་འཁྲོལ་བྱུང་བ། བོད་ནས་གསར་འབྱོར་བ་བཅས་ན་གཞོན་སློབ་སྦྱོང་དོན་གཉེར་ཅན་ཨང་རིམ་རྩེ་བཏོག་གིས་སྤྱི་ཚོགས་ཀྱི་དགོས་མཁོར་གཞིགས་པའི་ཤེས་རིག་སློབ་ཡོན་ཚོགས་ཆུང་གིས་འདི་ལོ་ ༡༥༡ ལ་གཙུག་ལག་རབ་འབྱམས་པ་དང༌། ཉེ་བའི་གཙུག་ལག་རབ་འབྱམས་པ། ཀམ་པུ་ཊར། ཁྲིམས་དོན། སྨན་པ། སྨན་ཞབས། རྩིས་སོགས་སློབ་སྦྱོང་གི་སློབ་ཡོན་གནང༌།
༥༽    ཨ་རིའི་གཞུང་ནས་ལོ་བསྟར་བོད་ཕྲུག༌༡༥ ལ་སློབ་སྦྱོང་བྱ་རྒྱུའི་སློབ་ཡོན་རོགས་རམ་གནང་མུས་ལྟར་ཕྱི་ལོ་༢༠༠༣ ལོར་འདེམས་སྒྲུག་ཟིན་པའི་སློབ་ཕྲུག་ ༡༥ ཕྱི་ལོ་ ༢༠༠༤ ཕྱི་ཟླ་ ༨ ནང་ཨ་རིར་བཏང་ཞིང༌། ༢༠༠༥ ལོར་གཏོང་རྒྱུའི་སློབ་ཕྲུག ༡༥ སྔར་ལམ་ལྟར་འདེམས་སྒྲུག་བྱས།
༦༽    དབྱིན་ལན་པེ་སེ་ཊོལ་ལོ་ཛི་ནས་ཧ་སེ་ཊིང་མཐོ་སློབ་ཏུ་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་སློབ་སྦྱོང་ཆེད་སློབ་ཕྲུག་གཉིས་ཟླ་༩ ནང་བཏང་ཞིང༌། རྒྱ་གར་སྤུ་ན་མཐོ་སློབ་ནང་རང་རིགས་སློབ་ཕྲུག་གཅིག་ལ་ལོ་གཉིས་རིང་སློབ་ཡོན་དགོངས་བཞེས་བྱུང་བ་ལྟར་ཟླ་ ༨ ནང་བཏང༌། ཧང་ག་རི་མཐོ་སློབ་ནས་རང་རིགས་སློབ་ཕྲུག་གཅིག་ལ་སློབ་ཡོན་ཞལ་བཞེས་བྱུང་བ་བཞིན་འདེམས་སྒྲུག་བྱས། དབྱིན་ཡུལ་ཨེཊ་ལན་ཊིག་མཐོ་སློབ་ཏུ་སློབ་སྦྱོང་ཆེད་རང་རིགས་སློབ་ཕྲུག་འཛིན་རིམ་བཅུ་པ་ཐོན་པའི་སློབ་ཕྲུག་གཅིག་འདེམས་སྒྲུག་གིས་ཟླ་ ༩ ནང་བཏང༌། ཁལ་མུག་རྒྱལ་ཁབ་ཏུ་རང་རིགས་སློབ་ཕྲུག་གསུམ་ལ་སློབ་སྦྱོང་གི་སློབ་ཡོན་ཞལ་བཞེས་བྱུང་དོན་ལྟར་ཟླ་ ༧ ནང་སློབ་ཕྲུག་གཉིས་འདེམས་སྒྲུག་བྱས།
༧༽    ལོ་འདིའི་ནང་ཕྱི་རྒྱལ་རོགས་ཚོགས་ཁག་དང༌། རང་རིགས་འབྱོར་ལྡན་ཁག་ནས་གཞི་རིམ་སློབ་ཡོན་གསར་པ་གྲངས་ ༤༣༥ བྱུང༌།
༨༽    དབུས་ཉམ་ཐག་ཚོགས་ཆུང་ནས་ཞིབ་འཇུག་གིས་བཏོན་པའི་ཉམ་ཐག་ཐོ་གཞུང་ལྟར་རོགས་རམ་ཞུ་དགོས་བཀོད་ཁྱབ་ཕེབས་པའི་ཕྲུག་གྲངས་ ༡༢༢༢ ཡོད། དེ་ཁོངས་ནས་དྷ་ས་བོད་ཁྱིམ་དང་མ་སུ་རི་བོད་ཁྱིམ་ནས་གཟིགས་སྐྱོང་ གནང་དགོས་ཕྲུག་གྲངས་ ༦༤༩ དང༌། དེ་འཕྲོས་ཕྲུག་གྲངས་ ༥༧༣ ལ་ཤེས་རིག་ལས་ཁུངས་ཀྱིས་གཟིགས་སྐྱོང་གནང་དགོས་པ་ལྟར། གཏན་སློབ་ཁག་ནང་ས་མིག་ཡོད་མེད་ཀྱིས་ཚུད་བསྡད་ཕྲུག་གྲངས་ ༡༡༣ ཡོད་པ་དེ་དག་ལ་ སློབ་དོད་ཟླ་རེར་སྒོར་ ༥༠༠ དང༌། ཕྲུག་གྲངས་ ༦༤ གཏན་སློབ་ཁག་ནང་བསྐྱོད་མུས་ལ་བརྟེན་དེ་དག་གི་ཟས་གོས་གནས་མལ་གླ་དོད་རྩ་ཆག་བཏང་ཟིན་པ་མ་ཟད་ལམ་སྟོན་བཞིན་ཕྲུ་གུ་རྣམས་ལ་ལག་དངུལ་དང་ལམ་གྲོན་ཡང་གནང༌། དེ་འཕྲོས་ཕྲུག་གྲངས་ ༣༩༦ ལ་སློབ་དོད་གནང་དགོས་མེད་ལུགས་ས་གནས་ནས་གནས་བྲིས་འབྱོར། དེ་ཁོངས་ནས་ཕྲུ་གུ་ཁག་ཅིག་སྒེར་གྱི་སློབ་གྲྭ་ལ་སློབ་གཉེར་བྱེད་མུས་ལ་བརྟེན་ཉམ་ཐག་ཕྲུ་གུ་སྤྱི་མཚུངས་བཞིན་སློབ་དོད་གནང་སྲོལ་མེད་ལུགས་ས་གནས་འགོ་འཛིན་བརྒྱུད་ལན་བཏང༌། དེ་ཐོག་རོགས་རམ་ཐོབ་མུས་ཉམ་ཐག་ཕྲུ་གུ་ ༣༨༦ ལ་སྔར་ལམ་བཞིན་ཟླ་རེར་སློབ་དོད་སྒོར་ ༥༠༠ དང་དྭང་ཞབས་དཀྱུས་མའི་ཁོངས་ཉམ་ཐག་ཕྲུ་གུ་ ༡༧ ཡོད་པ་ཕྲུ་གུ་རེར་ཟླ་རེར་འཚོ་སྣོན་སྒོར་ ༢༠༠ རེ་གནང༌།
    མཐའ་མཚམས་ས་ཁུལ་མེའོ་ཆོས་འཕེལ་གླིང་ནས་ཕྲུག་གྲངས་ ༣༦ དང་ཏེ་ཛུ་དར་རྒྱས་གླིང་ནས་ཕྲུག་གྲངས་ ༡༧ བསྟན་འཛིན་སྒང་ནས་ཕྲུག་གྲངས་ ༣༤ བཅས་བསྡོམས་ཕྲུག་གྲངས་ ༨༧ ས་གནས་གཞིས་སློབ་སོ་སོ་ནས་འཛིན་རིམ་བརྒྱད་པ་ཐོན་ཏེ་གཏན་སློབ་ཁག་ནང་ཟླ་སྒྲིལ་སྐབས་དེའི་ལམ་གྲོན་ཆེད་སྒོར་ ༧༤༠༠༠ མཐུན་འགྱུར་ཕན་རོགས་བྱས། འབུམ་ལྡེ་ལ་ཁུལ་ཁ་ཐོར་དུ་གནས་སྡོད་བོད་མི་ཚོའི་ཕྲུ་གུ་བསྟན་འཛིན་སྒང་གཞིས་སློབ་ཉལ་ཁང་ནང་སློབ་བཞེས་ཀྱིས་སློབ་དོད་སྒོར་ ༣༠༠ རེ་གནང་མུས།
        འདི་ལོ་ཀྲུ་ཀྲིང་ས་ཁུལ་གྱི་ཕྲུ་གུ་ ༡༢༠ མ་སུ་རི་དང༌། ཅོན་ཏ་ར། ཤེ་ལོང༌། སྤོག་རེ་སྦོང༌། ཀ་སྦུག བསུ་ན་མདའ་བཅས་གཏན་སློབ་ཁག་དྲུག་ནང་སློབ་ཡོན་རྩ་ཆག་ཐོག་སློབ་བཞེས་གནང༌། སློབ་ཕྲུག་དེ་རྣམས་སློབ་བཅར་སྐབས་ཕྲུ་གུ་དང་སྐྱེལ་མི་བཅས་ལ་ལམ་གྲོན་དང་ལྟོ་དོད་སྒོར་ ༨༧༠༣༣ དང༌། ཕྲུ་གུ་རྣམས་ལ་ལག་དངུལ་ཟླ་རེར་སྒོར་ ༧༥ རེ་སློབ་གྲྭ་སོ་སོའི་སློབ་སྤྱི་བརྒྱུད་ཁུངས་སྤྲོད་གནང༌། གཏན་སློབ་ཏུ་སྐྱོད་མུས་ཀྲུ་ཀྲིང་གི་ཕྲུ་གུ་རྣམས་དགུན་ཁའི་གུང་སེང་བསུ་ལེན་བྱེད་མི་མེད་རིགས་ལ་ལམ་གྲོན་ལྟོ་དོད་སོགས་བཏང་སྟེ་ཅོན་ཏ་ར་གཏན་སློབ་དང་རྡོར་གླིང་སྤོག་རི་སྦོང་ཉལ་ཁང་ཏུ་བདག་ཉར་ཞུས།
༩༽    ཀུ་ལུ་སྦུན་ཏར་སློབ་གྲྭའི་དགེ་ལས་རྣམས་ཀྱི་ཆེད་ལས་ཤག་བཅུ་དང༌། སྤོན་ཊ་སློབ་གྲྭར་སློབ་སྤྱིའི་ལས་ཤག་དང་སློབ་གྲྭའི་མགྲོན་ཁང༌། གཡས་གཡོན་མཐའ་སྐོར་གྱང་རྭ། འཐུང་ཆུའི་ཆུ་མཛོད། ཅོན་ཏ་ར་སློབ་གྲྭའི་སྨན་ཁང༌། ཤྲི་རི་ན་གར་བོད་རིགས་ཁ་ཆེའི་སློབ་གྲྭའི་གཞི་རིམ་འཛིན་ཁང་དང་གསང་སྤྱོད། སྤོག་རེ་སྦོང་སློབ་གྲྭའི་ཁྲུས་ཁང་གསང་སྤྱོད་དང་སློབ་ཕྲུག་གི་ཉལ་ཁང༌། ཀ་སྦུག་གཏན་སློབ་ཀྱི་གསང་སྤྱོད། བསྟན་འཛིན་སྒང་ཉིན་སློབ་ཀྱི་གསོལ་ཐབ་དང༌། ཞལ་ལག་མཆོད་ཁང༌། ཤེས་རབ་དགའ་ཚལ་སློབ་གླིང་གི་ལས་ཤག་གི་འཛིན་ཆས་ཆ་ཚང་མཁོ་སྒྲུབ་དང་ཆུ་མཛོད་གསར་རྒྱག་བཅས་ཀྱི་ལས་དོན་ཡོངས་རྫོགས་ཟིན།
༡༠༽    སྔ་ལོ་ཤེས་ཡོན་སྲིད་བྱུས་ཀྱི་རགས་ཟིན་གཉིས་པ་བོད་མིའི་སྤྱི་ཚོགས་སུ་ཡོངས་ཁྱབ་འགྲེམས་སྤེལ་གྱིས་བསམ་འཆར་བསྡུས་པ་རྣམས་འདི་ལོའི་ཟླ་ ༡ ནང་ཕྱོགས་བསྡོམས་བྱས་ཏེ་བཀའ་ཤག་དང༌། ཟིན་བྲིས་ཚོགས་ཆུང༌། བོད་ཀྱི་མཁས་པའི་བགྲོ་གླེང་ཚོགས་འདུ་བཅས་སུ་ཕུལ།
        ཤེས་ཡོན་སྲིད་བྱུས་ཟིན་བྲིས་ཐོག་རྒྱ་གར་མཁས་པའི་བགྲོ་གླེང་འཚོགས་སྐབས་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གིས་ཚོགས་འདུའི་གཙོ་སྐྱོང་གནང་བཞིན་པ།ཟླ་ ༡ ཚེས་ ༡༦ ནས་ ༡༧ བར་ལྡི་ལིར་རྒྱ་གར་གྱི་མཁས་པའི་བགྲོ་གླེང་ཚོགས་འདུ་དང༌། ཟླ་ ༢ ཚེས་ ༧ ནས་ ༨ བར་ཌེ་ར་ཌུན་དུ་བོད་ཀྱི་མཁས་པ་དང་ཤེས་ཡོན་འཛིན་སྐྱོང་མི་སྣའི་བགྲོ་གླེང་ཚོགས་འདུ་གཉིས་སྐོང་འཚོགས་བྱས་པའི་གཙོ་སྐྱོང་དུ་བཀའ་བློན་ཁྲི་པ་མཆོག་དང་ཆོས་ཤེས་བཀའ་བློན་རྣམ་གཉིས་ངོ་ཕེབས་གནང་སྟེ་ཤེས་ཡོན་སྲིད་བྱུས་ཀྱི་ངོ་སྤྲོད་དང༌། སྲིད་བྱུས་རགས་ཟིན་གྱི་ནང་དོན་སྤྱི་དང༌། བྱེ་བྲག་གཞི་རིམ་ཤེས་ཡོན་གྱི་སྒྲོམ་གཞི་དང༌། ལམ་སྲོལ། སྦྱང་བྱའི་སློབ་ཚན་བཅས་དོན་ཚན་གསུམ་ཐོག་བགྲོ་གླེང་ཟབ་སྨིན་བྱུང༌།
    ཟླ་ ༤།༥ ནང་སྲིད་བྱུས་ཟིན་བྲིས་ཚོགས་ཆུང་གིས་གོང་གསལ་མཁས་པའི་ཚོགས་འདུ་ཁག་གཉིས་ལས་བྱུང་བའི་ལམ་སྟོན་དང་མང་ཚོགས་ཀྱི་བསམ་ཚུལ་ཕྱོགས་བསྡོམས་བཅས་ལ་བསམ་གཞིགས་ཀྱིས་རགས་ཟིན་གཉིས་པའི་ནང་དོན་ཁག་ལ་སྣོན་འཕྲི་དང་བཟོ་བཅོས་བྱ་སྒོ་ཇི་ཡོད་བྱས་ཏེ། སྲིད་བྱུས་ཀྱི་རགས་ཟིན་གསུམ་པ་བཀའ་ཤག་ཏུ་ཕུལ།
        ཟླ་ ༦ ནང་བཀའ་ཤག་གིས་རགས་ཟིན་གསུམ་པར་བཀའ་བཅོས་གནང་འོས་གནང་ཐོག སྲིད་བྱུས་རགས་ཟིན་གྱི་དབྱིན་སྒྱུར་ལ་བསྐྱར་ཞིབ་དང་ལེགས་བཅོས་གནང་སྒོ་ཁག་གནང༌།
        ཟླ་ ༦ ཚེས་ ༢༨ ནས་ ༢༩ བར་བཞུགས་དྷ་རམ་ས་ལར་དེང་རབས་ཀྱི་མཁས་པའི་བགྲོ་གླེང་ཚོགས་འདུ་ཞིག་སྐོང་འཚོགས་བྱས་པའི་སར་ཤེས་ཡོན་སྲིད་བྱུས་ཀྱི་རགས་ཟིན་གསུམ་པ་འགྲེམས་སྤེལ་བྱས་ཏེ། བགྲོ་གླེང་ཚོགས་འདུ་སྔ་མ་གཉིས་ཀྱི་སྐབས་ལྟར་ངོ་སྤྲོད་དང་བགྲོ་གླེང་གི་ལས་རིམ་ཟབ་སྨིན་བྱུང༌། ལྷག་པར་ཚོགས་འདུ་གསུམ་པ་འདིའི་འགོ་འཛུགས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཐེག་ཆེན་ཆོས་གླིང་ཕོ་བྲང་དུ་བསྐྱངས་ཤིང༌། སྐབས་དེར་ཤེས་ཡོན་སྲིད་བྱུས་བཟོ་འགོད་ཀྱི་ལས་གཞིའི་ངོ་སྤྲོད་གསུང་བཤད་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ལམ་སྟོན་བཀའ་སློབ། བགྲོ་གླེང་གནད་བསྡུས་བཅས་ཀྱི་སྐལ་བཟང་བྱུང༌།
        ཟླ་ ༧ ནང་བཀའ་ཤག་གིས་གོང་གསལ་མཁས་པའི་བགྲོ་གླེང་ཚོགས་འདུ་གསུམ་པའི་ཐོག་བྱུང་བའི་ལམ་སྟོན་དང་དགོངས་ཚུལ་ཁག་ལ་དགོངས་དཔྱད་ཀྱིས་རགས་ཟིན་གསུམ་པར་བསྐྱར་ཞིབ་ཡང་ཞིབ་དང་འབྲེལ་སྣོན་འཕྲི་དང་བཟོ་བཅོས་གནང་སྒོ་ཇི་ཡོད་གནང་སྟེ། སྲིད་བྱུས་ཀྱི་རགས་ཟིན་མཐའ་མ་གཏན་འཁེལ་གནང༌།
        ཟླ་ ༧ ཚེས་ ༢༧ ཉིན་བཀའ་ཤག་གིས་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ཀྱི་ཟིན་བྲིས་མཐའ་མ་གཏན་འབེབས་གནང་སྟེ། ཟླ་ ༩ ནང་སྐབས་བཅུ་གསུམ་པའི་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག་འགྲེམས་འབུལ་གནང་བར་སྤྱི་འཐུས་ལྷན་ཚོགས་ནས་བགྲོ་གླེང་ཞིབ་རྒྱས་དང་བཅས་སྣོན་འཕྲི་ཅུང་ཟད་གནང་སྟེ་སྤྱི་མོས་ཐོག་གཏན་ལ་ཕབ།
༡༡༽    ཕྱི་ཟླ་ ༡༠ ཚེས་ ༣༠ ནས་ཟླ་ ༡༡ ཚེས་ ༡༥ བར་ཤེས་རིག་ནས་གོ་སྒྲིག་གནང་བ་ལྟར་ཆབ་སྲིད་བཙོན་ཟུར་བཙུན་མ་ངག་དབང་ཆོས་སྒྲོན་དང་ཨ་མ་བསོད་ནམས་ཆོས་སྒྲོན་གཉིས་ཀྱིས་ལྡི་ལི་ཉིན་སློབ་དང་སྒང་ཏོག རང་དབང་ལ། ཀ་སྦུུག རྡོར་གླིང༌། བསུ་ན་མདའ། སྤོག་རི་སྦོང་གཏན་སློབ་བཅས་ལ་བོད་ནང་གི་ཆབ་སྲིད་བཙོན་པའི་གནས་སྟངས་སྐོར་ལ་གསུང་བཤད་གནང༌།
༡༢༽    ཟླ་ ༤ ཚེས་ ༢༡ ནས་ཟླ་ ༥ ཚེས་ ༡༠ བར་གཏན་ཉིན་སློབ་གྲྭ་ཁག་གི་བོད་ཡིག་གནས་ཚད་རྟོག་ཞིབ་ཚོགས་ཆུང་གི་སྙན་ཐོའི་ནང་གསལ་བཞིན་འབྲིང་རིམ་བོད་ཡིག་དགེ་རྒན་སུམ་ཅུ་ཐམ་པ་ལ་རིགས་ལམ་སློབ་ཁྲིད་སྐོར་ཟབ་སྦྱོང་གོ་སྒྲིག་བྱས། ཟླ་ ༤ ཚེས་ ༥ ནས་ ༡༨ བར་དབུས་བོད་སློབ་ཁྱབ་ཁོངས་དང་སམ་བྷོ་ཊ། བོད་ཁྱིམ་གཉིས། ལྡི་ལིར་ཐ་སྙད་གཏན་འབེབས་དང་འབྲེལ་བའི་ཟབ་སྦྱོང་འཚོགས་པའི་རྣམ་པ།སེ་རྭ་བྱེས་སློབ་གྲྭ་བཅས་ཀྱི་དམའ་རིམ་དབྱིན་ཇིའི་དགེ་རྒན་སུམ་ཅུ་སོ་བདུན་ལ་དབྱིན་ཡིག་སློབ་ཁྲིད་ཐབས་ལམ་དང་འབྲེལ་བའི་ཟབ་སྦྱོང་གོ་སྒྲིག་ཞུས། ཟླ་ ༥ ཚེས་ ༡༧ ནས་ ༡༨ བར་སམ་བྷོ་ཊའི་ཁྱབ་ཁོངས་དགེ་ཆེ་ལྔ་ལ་སིམ་ལ་གཏན་སློབ་ཏུ་དབུས་བོད་སློབ་ཀྱི་དགེ་རྒན་དང་མཉམ་དུ་ གཔྱཎརྟདྲརྣཐྲ ྔཕྲཔྲྤྟན སྐོར་ལ་ཟབ་སྦྱོང་གོ་སྐབས་བྱས། ཟླ་ ༧ ཚེས་ ༢༣ ནས་ ༢༤ བར་སམ་བྷོ་ཊ་དང་བོད་ཁྱིམ་གཉིས་ཀྱི་དམའ་རིམ་སློབ་དགེ་ཉི་ཤུ་རྩ་དགུ་ལ་ལྡི་ལིར་ གཔྱཎརྟདྲརྣཐྲ ྔཕྲཔྲྤྟན སྐོར་ལ་ཟབ་སྦྱོང་གོ་སྒྲིག་ཞུས། ཟླ་ ༡༠ ཚེས་ ༡༨ ནས་ ༢༣ བར་ལྷོ་ཕྱོགས་སློབ་གྲྭ་ཁག་གི་མདུན་ལམ་སློབ་སྟོན་འགན་ཁུར་བ་སློབ་དགེ་བཅུ་གཉིས་ལ་ཟབ་སྦྱོང་གོ་སྒྲིག་ཞུས།
༡༣༽    ཟླ་ ༡༢ ཚེས་ ༡༥ ཉིན་དབུས་བོད་སློབ་ཁྱབ་ཁོངས་རྒྱ་གར་དགེ་རྒན་ཉི་ཤུ་ལ་བོད་ཡིག་ཡིག་ཚད་གོ་སྒྲིག་བྱས། དེའི་ཁོངས་ནས་རྒྱུགས་འཕྲོད་པ ༡༠ དང་རྒྱུགས་མ་འཕྲོད་པ་ ༥ ཡིག་རྒྱུགས་ནང་འཛུལ་ཞུགས་མ་གནང་བ་ ༥ བཅས་བྱུང་བ་བཞིན་ཡིག་རྒྱུགས་འཕྲོད་པ་རྣམས་ལ་གཟེངས་བསྟོད་ལག་འཁྱེར་གནང༌།
༡༤༽    ཤེས་རིག་གསར་འཕྲིན་དབྱིན་ཇི་འདོན་ཐེངས་བཞི་དང༌། ཤེས་རིག་དུས་དེབ་ཨང་གཉིས་པ་དང་གསུམ་པ། མདུན་ལམ་དུས་དེབ་དང་པོ་དང་གཉིས་པ། ཟླ་རེའི་བརྙན་དེབ་ཕ་ཡུལ་ཤེས་བྱའི་བང་མཛོད་ཨང་ ༦༦ ནས་ ༧༧ བར་འདོན་ཐེངས་ ༡༢ རེར་གྲངས་ ༦༠༠༠ གངས་ལྗོངས་བྱིས་པའི་བརྙན་དེབ་ཨང་ ༡༤ དང་ ༡༥ གཉིས་གྲངས་ ༥༠༠༠ རེ། གླིང་སྒྲུང་དོན་བསྡུས་གཞོན་ནུའི་མགྲིན་རྒྱན་ཁོངས་བདུད་འདུལ་ལེའུ་གྲངས་ ༣༠༠༠ ཕ་ཡུལ་ཕྱོགས་སྒྲིག་དེབ་ཕྲེང་གསུམ་གྲངས་ཉིས་སྟོང་རེ། མགྱོགས་བྲིས་རི་མོའི་དཔེ་དེབ་གྲངས་ཆིག་སྟོང་བཅས་པར་དུ་སྐྲུན་ཏེ་གཙོ་བོ་སློབ་གྲྭ་ཁག་དང་སློབ་གཉེར་ཁང༌། དཔེ་མཛོད་ཁག་བཅས་ལ་འགྲེམས་སྤེལ་བྱས།
༡༥༽    བཀའ་ཤག་གི་བཀའ་འབྲེལ་ཐ་སྙད་གསར་བཟོ་དང་བརྡ་ཆད་གཏན་འབེབས་ལས་འཆར་ཆེད་ཟླ་ ༦ ཚེས་ ༢༥།༢༦ ཉིན་གཉིས་ཀྱི་མཁས་པའི་ལྷན་ཚོགས་གོ་སྒྲིག་ཞུས་པར་ཚོགས་བཅར་བ་ ༢༥ བྱུང༌། དེ་རྗེས་དཔྱད་གཞིའི་དཔེ་དེབ་བརྒྱ་ལྷག་ཙམ་ཉོ་སྒྲུབ་བྱས་ཏེ་ལས་འཆར་ཁོངས་མཉམ་ཞུགས་བྱེད་མཁན་སྡེ་ཁག་བརྒྱད་ཀྱི་འབྲེལ་ཡོད་ལས་བྱེད་པར་སྤྲད་ཐོག་ལྡི་ལིར་ཉིན་གསུམ་གྱི་རིང་ཐ་སྙད་གསར་བཟོ་དང་འབྲེལ་བའི་ཟབ་སྦྱོང་སྤྲད་པར་མི་གྲགས་ ༡༥ ཚོགས་བཅར་བྱུང༌།