བོད་ཡིག་རྒྱུགས་བཞེས་དང་འབྲེལ་བའི་བསླབ་བྱའི་སློབ་ཚན།

༄༅། །བཙན་བྱོལ་བོད་མིའི་སློབ་ཕྲུག་ཕྱི་རྒྱལ་དུ་འདེམས་གཏོང་ཆེད་བོད་འབྲེལ་ཤེས་བྱ་རྒྱུགས་བཞེས་གནང་རྒྱུའི་སློབ་ཚན།  

༡/༡།  རྒྱལ་རབས་དང་ལོ་རྒྱུས།        (ཨང་ཀི་ ༥)   

      ཀ༽  བོད་ཀྱི་སྣོད་བཅུད་ཆགས་ཚུལ་དང༌། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ།
     ཁ༽  ཆོས་རྒྱལ་སྲོང་བཙན་ནས་གླང་དར་བར་གྱི་ཆོས་སྲིད་དར་རྒུད།
     ག༽  ྋརྒྱལ་མཆོག་སྐུ་ཕྲེང་ལྔ་པ་ནས་བཅུ་བཞི་པའི་བར་གྱི་མཛད་འཕྲིན།
     ང༽  བོད་ཀྱི་ཆོས་བརྒྱུད་ཆེན་པོ་ཁག་གི་ལོ་རྒྱུས།

བཀླག་བྱའི་དཔེ་དེབ།

   ཀ༽  ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་མཆོག་གིས་བརྩམས་པའི་བོད་ཀྱི་སྲིད་དོན་རྒྱལ་རབས།
    ཁ༽  ྋགོང་ས་མཆོག་གི་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང༌།
    ག༽  ྋགོང་ས་མཆོག་གིས་མཛད་པའི་ལེགས་བཤད་བློ་གསར་མིག་འབྱེད།
    ང༽  ཕྱི་ལོ་༢༠༠༢ ལོར་བོད་གཞུང་ཤེས་རིག་པར་ཁང་གིས་པར་བསྐྲུན་ཞུས་པ་བོད་གཞུང་ཤེས་རིག་ཁྱབ་ཁོངས་སློབ་གྲྭ་ཁག་གི་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་གྱི་རྒྱལ་རབས་ཆོས་འབྱུང་དང་རིགས་ལམ་ནང་ཆོས་ཀྱི་སློབ་དེབ་ཁག
    ཅ༽  རྫོང་གསར་བཤད་གྲྭ་ནས་པར་འགྲེམས་ཞུས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་གསུང་རྩོམ་གངས་ཅན་བོད་ཡུལ་དུ་བྱོན་པའི་གསང་སྔགས་གསར་རྙིང་གི་གདན་རབས་མདོར་བསྡུས་ངོ་མཚར་པདྨའི་དགའ་ཚལ་ཞེས་བྱ་བ།(ཤོག་གྲངས་ ༡ ནས་ ༢༡༦ བར།)
    ཆ༽  དཔལ་འབྱོར་པར་བསྐྲུན་ཁང་ནས་པར་བསྐྲུན་ཞུས་པ་སྨན་རིའི་སློབ་ཟུར་བསྟན་འཛིན་རྣམ་དག་ནས་བརྩམས་པའི་སྔ་རབས་བོད་ཀྱི་བྱུང་བ་བརྗོད་པའི་འབེལ་གཏམ་ལུང་གི་སྙིང་པོ་ཞེས་བྱ་བ།
    ཇ༽  རི་ཁ་བློ་བཟང་བསྟན་འཛིན་གྱིས་བརྩམས་པ་རྒྱུན་མཁོའི་ཆོས་སྲིད་ཤེས་བྱ་གནས་བསྡུས་ཞེས་བྱ་བའི་ལེ་ཚན་གསུམ་པ། (ཆོས་འབྱུང་མདོར་བསྡུས། ཤོག་གྲངས་ ༩༧ ནས་ ༡༤༥ བར།) 

༢། ཆབ་སྲིད།         (ཨང་ཀི་ ༡༠)

    ཀ༽  ྋརྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པས་རྒྱལ་སྲིད་ཆོས་སྲིད་བཞེས་རྗེས་བོད་ནང་ལེགས་བཅོས་ཇི་གནང༌།
    ཁ༽  ྋརྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་རྒྱ་ནག་ཏུ་ཆིབས་སྒྱུར་བསྐྱངས་སྐོར།
    ག༽  ཆིངས་ཡིག་དོན་ཚན་བཅུ་བདུན་སྐོར།
    ང༽  ཕྱི་ལོ་ ༡༩༥༩ ལོའི་བོད་མིའི་རང་དབང་སྒེར་ལངས་སྐོར།
    ཅ༽  བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་དང༌། བོད་མིའི་མང་གཙོའི་འཕེལ་རིམ།
    ཆ༽  བཙན་བྱོལ་བོད་མིའི་བཅའ་ཁྲིམས།
     ཇ༽  དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རིམ།

བཀླག་བྱའི་དཔེ་དེབ།

    ཀ༽  ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་མཆོག་གིས་བརྩམས་པའི་བོད་ཀྱི་སྲིད་དོན་རྒྱལ་རབས།
    ཁ༽  ྋགོང་ས་མཆོག་གི་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང༌།
    ག༽  བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་དཔར་འགྲེམས་ཞུས་པ་བཙན་བྱོལ་བོད་མིའི་བཅའ་ཁྲིམས།
    ང༽  ཕྱི་དྲིལ་ལས་ཁུངས་ནས་དཔར་འགྲེམས་ཞུས་པ་བོད་རྒྱ་ཞི་མོལ་གྱི་སྒྲོམ་གཞི། དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།

༣། སྤྱིར་བཏང་ཤེས་བྱ།        (ཨང་ཀི་ ༥)

    ཀ༽  རྒྱ་ནག་གི་དབང་སྒྱུར་གྱི་རྐྱེན་པས་བོད་ནང་རིག་གནས་དང་ཁོར་ཡུག་སོགས་གཏོར་བཅོམ་ཇི་བྱས།
    ཁ༽  བོད་རང་སྐྱོང་ལྗོངས་དང་ས་གནས་རང་སྐྱོང་ཁུལ་གྱི་སྐོར།
    ག༽  རྒྱལ་སྤྱིའི་ནང་བོད་དོན་ལ་རྒྱབ་བསྐྱོར་གྱི་གནས་བབ།
    ང༽  ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག་ལ་ཆེ་བསྟོད་དང་གཟེངས་རྟགས་ཁག་ཕུལ་བའི་སྐོར།

བཀླག་བྱའི་དཔེ་དེབ།

    ཀ༽  ཕྱི་དྲིལ་ལས་ཁུངས་ནས་དཔར་འགྲེམས་ཞུས་པ་ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག་ཅེས་པ། (Souvenir)
    ཁ༽  ཕྱི་དྲིལ་ལས་ཁུངས་ནས་དཔར་འགྲེམས་ཞུས་པ་གཞུང་གི་ཡིག་ཆ་ཁག་དང༌། རྒྱལ་སྤྱིའི་ཐོག་ནས་བོད་དོན་ལ་གྲོས་ཆོད་ཁག་ཅེས་པ།
    ག༽  བཙན་བྱོལ་བོད་གཞུང་གི་དྲྭ་རྒྱ་ www.tibet.net
    ང༽  ཕྱི་དྲིལ་ལས་ཁུངས་ནས་དཔར་འགྲེམས་ཞུས་པ་དངོས་ཡོད་ཀྱི་ལམ་ནས་བོད་ཀྱི་བདེན་པ་ར་སྤྲོད་ཅེས་པ།
    ཅ༽ ཕྱི་ལོ་ ༢༠༠༢ ལོར་ཕྱི་དྲིལ་ལས་ཁུངས་ནས་དཔར་འགྲེམས་ཞུས་པ་བོད་དུ་ལག་བསྟར་བྱས་པའི་རྒྱ་མར་གྱི་སྲིད་བྱུས་དང་བྱ་ཐབས། བཙན་འཛུལ་ནས་ནུབ་རྒྱུད་ཐོན་འབྱེད་ཆེན་པོའི་ལས་འགུལ་བར་མི་ལོ་བཅུ་ལྷག་ཙམ་རིང་གི་བོད་ཀྱི་གནས་ཚུལ་ལ་དཔྱད་པ་ཞེས་པ།  

༤། བརྡ་སྤྲོད།         (ཨང་ཀི་ ༥)

    ལེགས་བཤད་ལྗོན་དབང་དང༌། དཀའ་གནད་གསལ་སྒྲོན་གཉིས་ཀྱི་རྩ་འགྲེལ།

༥། ཕབ་བསྒྱུར།         (ཨང་ཀི་ ༥)

    དབྱིན་ཡིག་ནས་བོད་ཡིག་ཐོག་ཕབ་བསྒྱུར། ཚིག ༡༥༠ ལས་མི་ཉུང་བ་དང་ ༢༠༠ ལས་མ་འགལ་བ།

མདུན་ཤོག