ཕྱི་ལོ་ ༢༠༡༨ ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༦ ཉིན་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ (CBSE) ཀྱི་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་གནང་བའི་ནང་བོད་རིགས་སློབ་ཕྲུག་རྣམས་ཀྱི་གྲུབ་འབྲས་དེ་སྔ་ལས་ཡར་རྒྱས་ཕྱིན་འདུག
དེ་ཡང་འདི་ལོའི་ཕྱི་ཟླ་ ༣ ནང་རྒྱ་གར་རྒྱལ་ཡོངས་ཀྱི་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་ཆེན་མོའི་ནང་བོད་པའི་སློབ་ཕྲུག་གྲངས་ ༡༡༩༣ འཛུལ་ཞུགས་བྱས་པའི་ཁོངས་ནས་སློབ་ཕྲུག་གྲངས་ ༡༡༤༠ ཡིག་རྒྱུགས་འཕྲོད་ཡོད་པ་དང་། འདི་ལོའི་སྤྱི་ཡོངས་རྒྱུགས་འཕྲོད་ཀྱི་བརྒྱ་ཆ་ནི་ ༩༥།༥༦ ཡིན་ཞིང་། སྔ་ལོ་དང་བསྡུར་ན་ད་ལོ་སྤྱི་ཡོངས་རྒྱུགས་འཕྲོད་ཀྱི་བརྒྱ་ཆ་ ༨་༦༤ འཕར་འདུག
འདི་ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་ཆེན་མོའི་ནང་མཉམ་ཞུགས་གནང་མཁན་བོད་པའི་སློབ་གྲྭའི་ཁོངས་ནས་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༡༠༠ ནས་ ༡༠༠ ལེན་མཁན་སློབ་གྲྭ་ཁག་དྲུག་ཡོད་པ་ནི། སུ་ཇ་བོད་ཁྱིམ་དང་། གྷོ་པལ་པུར་བོད་ཁྱིམ། སྤོན་ཊ་སཾ་བྷོ་ཊ་གཏན་སློབ། རྡོ་རྗེ་གླིང་གཏན་སློབ། སྦེལ་ཀོབ་གཏན་སློབ། དོན་གྲུབ་གླིང་གཏན་སློབ་བཅས་ཡིན།
སྔ་ལོ་ལྟར་འདི་ལོར་ཡང་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་འཕྲོད་ཚད་ཀྱི་བརྒྱ་ཆ་དེ་བུ་ལས་བུ་མོས་བརྒྱ་ཆ་མཐོ་བ་བླངས་ཡོད། བུ་མོའི་རྒྱུགས་འཕྲོད་བརྒྱ་ཆ་ནི་ ༩༧་༥༩ ཡིན་པ་དང་བུའི་རྒྱུགས་འཕྲོད་བརྒྱ་ཆ་ནི་ ༩༣་༣༥ ཡིན།

ཕྱི་ལོ་ ༢༠༡༨ ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་རེའུ་མིག

ཨང་། སློབ་གྲྭ ཕྲུག་གྲངས། རྒྱུགས་འཕྲོད་ཚད་བརྒྱ་ཆ།
ད་ལོ། སྔ་ལོ།
སྦིར་སུ་ཇཱ་བོད་ཁྱིམ། ༡༤༧ ༡༠༠ ༡༠༠
སྤོན་ཊ་སཾ་སློབ། ༣༩ ༡༠༠ ༡༠༠
དོན་གྲུབ་གླིང་ཉིན་སློབ། ༡༠༠ ༤༦.༦༧
གོ་པལ་པུར་བོད་ཁྱིམ། ༡༡༣ ༡༠༠ ༩༨.༨༢
བྷེལ་ཀོབ་གཏན་སློབ། ༣༥ ༡༠༠ ༥༨.༨༢
རྡོར་གླིང་གཏན་སློབ། ༤༤ ༡༠༠ ༦༥.༩༦
སེ་ལ་ཀུའི་བོད་ཁྱིམ། ༦༨ ༩༨.༥༣ ༡༠༠
ཧར་པུར་གཏན་སློབ། ༦༤ ༩༨.༤༤ ༨༧.༧༢
བྷེལ་ཀོབ་བོད་ཁྱིམ། ༢༦༢ ༩༦.༨༥ ༩༥.༡
༡༠ མོན་གྷོ་ཊི་གཞིས་སློབ། ༨༥ ༩༦.༣༩ ༨༢.༦༤
༡༡ མ་སུ་རི་བོད་ཁྱིམ། ༡༣༤ ༩༥.༥༢ ༩༦.༣༤
༡༢ སིམ་ལ་གཏན་སློབ། ༣༠ ༩༣.༣༣ ༩༦.༧༧
༡༣ ཊལ་ཧོར་གཏན་སློབ། ༡༥ ༨༦.༦༧ ༦༦.༦༧
༡༤ མ་སུ་རི་གཏན་སློབ། ༡༢༨ ༨༥.༦ ༨༠.༩༡
༡༥ དྷོ་ལན་ཇི་གཏན་སློབ། ༢༦ ༨༠.༧༧ ༦༥.༣༨
༡༦ ཀ་སྦུག་གཏན་སློབ། ༣༦ ༨༠.༥༦ ༩༥.༥༦
ཁྱོན་བསྡོམས། ༡༢༣༠ ༩༥.༥༦ ༨༦.༩༢

རྒྱུགས་འབྲས་རྩེ་ཕུད།

ཚན་རིག་རྩེ་ཕུད།

༡. བསྟན་འཛིན་བརྩོན་འགྲུས། སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ་ ༩༣།
༢. ལྷག་པ་བསོད་ནམས་དབང་མོ། སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ་ ༩༡.༠༢།
༣. ཆི་ཀ་ཡ་མ་ས་ཀི། སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ་ ༨༨.༠༢།

ཚོང་རིག་རྩེ་ཕུད།

༡. བསྟན་འཛིན་སྟོབས་ལྡན། སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ་ ༩༤.༠༢།
༢. བསྟན་འཛིན་ཚེ་སྐྱིད། སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ་ ༩༢།
༣. བསྟན་འཛིན་ཉི་མ། སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ་ ༨༩.༠༢།

སྒྱུ་རྩལ་རྩེ་ཕུད།

༡. མཁས་མཆོག་དབང་མོ། མ་སུ་རི་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ་ ༩༢།
༢. ཟླ་བ་ལྷ་མོ། སུ་ཇ་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ་ ༩༡.༠༨།
༣. རྡོ་རྗེ་དབང་མོ། གོ་པལ་པུར་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ་ ༩༠།

ཡིག་རྒྱུགས་གྲུབ་འབྲས་རེའུ་མིག