ཕྱི་ལོ་༢༠༡༦ ལོའི་བཙན་བྱོལ་བོད་མིའི་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་རེའུ་མིག

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༢༡ ཉིན་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ CBSE ཀྱི་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་གནང་ཡོད་པ་དང་། འདི་ལོའི་ཡིག་རྒྱུགས་ཆེན་མོའི་ནང་བོད་པའི་སློབ་གྲྭ་ཁག་ ༡༧ ནས་སློབ་ཕྲུག་གྲངས་ ༡༣༥༩ ཀྱིས་ཡིག་རྒྱུགས་ནང་འཛུལ་ཞུགས་བྱས་ཡོད་པའི་ཁོངས་ནས་སློབ་ཕྲུག་གྲངས་ ༡༢༢༤ ཡིག་རྒྱུགས་འཕྲོད་ཡོད་པ་དང་། བསྐྱར་དུ་ཡིག་རྒྱུགས་གཏོང་དགོས་པའི་སློབ་མ་གྲངས་ ༡༡༥ ཡོད། རྒྱུགས་མ་འཕྲོད་པའི་སློབ་མ་གྲངས་ ༡༨། འདི་ལོར་ཡང་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་འཕྲོད་ཚད་ཀྱི་བརྒྱ་ཆ་དེ་བོད་སློབ་ཁག་གི་ནང་བུ་ལས་བུ་མོས་བརྒྱ་ཆ་མཐོ་བ་བླངས་འདུག
འདི་ལོར་རྒྱ་གར་ནང་གི་བོད་པའི་སློབ་གྲྭ་ཁག་ ༡༧ ནས་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་ནང་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༡༠༠ ནས་ ༡༠༠ ལེན་མཁན་སློབ་གྲྭ་བཞི་ཡོད་པ་ནི། སེ་ལ་ཁུ་བོད་ཁྱིམ་སློབ་གྲྭ་དང་། སུ་ཇཱ་བོད་ཁྱིམ། སྤོན་ཊ་གཏན་སློབ། སྦེལ་ཀོབ་བོད་ཁྱིམ་བཅས་ཡིན།

ཕྱི་ལོ་༢༠༡༦ ལོ་ཡི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་རེའུ་མིག

ཨང་། སློབ་གྲྭ ཕྲུག་གྲངས། རྒྱུགས་འཕྲོད་ཚད བརྒྱ་ཆ།
ད་ལོ། སྔ་ལོ།
སེ་ལ་ཀུ་ཡེ་བོད་ཁྱིམ། ༧༢ ༡༠༠ ༡༠༠
སྦིར་སུ་ཇཱ་བོད་ཁྱིམ། ༡༣༨ ༡༠༠ ༡༠༠
སྤོན་ཊ་སཾ་སློབ། ༢༩ ༡༠༠ ༩༢.༣༡
བྷེལ་ཀོབ་བོད་ཁྱིམ། ༡༡༣ ༡༠༠ ༩༡.༨༦
གོ་པལ་པུར་བོད་ཁྱིམ། ༡༦༥ ༩༨.༠༨ ༡༠༠
མ་སུ་རི་བོད་ཁྱིམ། ༡༥༩ ༩༦.༡༥ ༩༩.༢༨
ཧར་པུར་གཏན་སློབ། ༤༦ ༩༣.༣༣ ༧༦.༤༧
དྷ་སྟེང་བོད་ཁྱིམ། ༡༨༣ ༩༠.༠༠ ༧༨.༥༢
སིམ་ལ་གཏན་སློབ། ༣༢ ༨༩.༦༦ ༨༨.༨༩
༡༠ མ་སུ་རི་གཏན་སློབ། ༡༠༩ ༨༤.༤༠ ༨༧.༥༧
༡༡ ཊལ་ཧོར་གཏན་སློབ། ༣༢ ༨༤.༣༨ ༡༠༠
༡༢ མོན་གྷོ་ཊི་གཞིས་སློབ། ༡༣༥ ༨༠.༧༤ ༩༢.༥༠
༡༣ བྷེལ་ཀོབ་གཏན་སློབ། ༢༢ ༧༧.༢༧ ༨༠.༩༥
༡༤ ཀ་སྦུག་གཏན་སློབ། ༦༩ ༧༢.༤༦ ༩༡.༨༩
༡༥ རྡོར་གླིང་གཏན་སློབ། ༤༩ ༦༩.༣༩ ༩༦.༧༧
༡༦ དྷོ་ལན་ཇི་གཏན་སློབ། ༣༡ ༦༤.༥༢ ༨༣.༦༧
༡༧ དོན་གྲུབ་གླིང་ཉིན་སློབ། ༡༥ ༥༨.༣༣ ༢༦.༣༢
ཁྱོན་བསྡོམས། ༡༤༩༩ ༩༠.༠༧ ༩༡.༢༦

རྒྱུགས་འབྲས་རྩེ་ཕུད།

ཚན་རིག་རྩེ་ཕུད།

༡. བསྟན་འཛིན་མཚོ་མོ། སེ་ལ་ཀུཡེ་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ་ ༩༤.༢།
༢. བསྟན་འཛིན་བདེ་ཆེན། ཀ་སྦུག་གཏན་སློབ། བརྒྱ་ཆ་ ༩༡།
༢. པེ་ཡུཤ་ར་ཎ། ཧར་པུར་གཏན་སློབ། བརྒྱ་ཆ་ ༩༡།
༣. ཚེ་རིང་བསོད་ནམས། སེ་ལ་ཀུཡེ་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ་ ༨༩་༦།

ཚོང་རིག་རྩེ་ཕུད།

༡. བསྟན་འཛིན་ནོར་སྒྲོན། དྷ་སྟེང་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ་ ༨༨།
༢. ཨ་ཡུཤ་དེབཱ་ཇོ་ཤི། མ་སུ་རི་གཏན་སློབ། བརྒྱ་ཆ་ ༨༥.༤།
༣. བསྟན་འཛིན་རྣམ་གྲོལ། མོན་གྷོ་ཊི་གཞིས་སློབ། བརྒྱ་ཆ་ ༨༣༌༦།
༤. བསྟན་འཛིན་ཡེ་དགའ། དྷ་སྟེང་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ་ ༨༢.༤།
༤. འཕྲིན་ལས་དབང་མོ། དྷ་སྟེང་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ་ ༨༢་༤།

སྒྱུ་རྩལ་རྩེ་ཕུད།

༡. བསྟན་འཛིན་ཕུན་ཚོགས། མ་སུ་རི་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ་ ༩༢༌༨།
༢. བསྟན་འཛིན་བུ་འཁྲིད། སྦིར་སུ་ཇ་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ་ ༩༡.༦།
༢. བསྟན་འཛིན་ནོར་ལྡན། སྦིར་སུ་ཇ་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ་ ༩༡་༦།
༣. ཟླ་བ་ཆོས་སྒྲོན། བྷེལ་ཀོབ་གཞིས་སློབ། བརྒྱ་ཆ་ ༩༡།

ལས་རིགས་རྩེ་ཕུད།

  1. སྒྲོལ་མ་ལྷ་སྐྱིད། སིམ་ལ་གཏན་སློབ། བརྒྱ་ཆ་ ༨༣།
  2. བསོད་ནམས་བཟང་མོ། སིམ་ལ་གཏན་སློབ། བརྒྱ་ཆ་ ༨༡།
  3. ཀརྨ་གཡུ་སྒྲོན། སིམ་ལ་གཏན་སློབ། བརྒྱ་ཆ་ ༨༠་༢།

ཕྱི་ལོ་༢༠༡༦ ལོའི་རྒྱ་གར་རྒྱལ་ཡོངས་བོད་པའི་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་རེའུ་མིག