བྱིས་སྒྲུང་བོད་སྒྱུར་ཞུས་པ་ཁག་ཅིག་ལ་བསྐྱར་ཞིབ།


༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༠ ནས་ ༡༢ བར་ཉིན་གསུམ་རིང་འདི་ག་ཤེས་རིག་ལས༌ཁུངས་ནས་ས་རཱ་མཐོ་སློབ་ཏུ་བྱིས་པའི་ཀློག་རྩལ་ལས་གཞིའི་འོག བོད་སྒྱུར་དང་རྩོམ་སྒྲིག་ཞུས་པའི་བྱིས་སྒྲུང་ཁག་ཅིག་གི་བསྐྱར་ཞིབ་ཚོགས་འདུ་ཚོགས།

ཚོགས་འདུ་དེར་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་སྤྱི་ཁྱབ་འགན་འཛིན་ཀུན་དགའ་རྒྱལ་མཚན་ལགས་དང་། བོད་སྒྱུར་ཚན་པའི་འགན་འཛིན་བསོད་ནམས་བཟང་པོ་ལགས། བྱིས་སྒྲུང་བོད་སྒྱུར་བ་ཚེ་རིང་དཔལ་འཛོམས་ལགས། དེ་བཞིན་སཾབྷོ་ཊ་བོད་སློབ་ཁྱབ་ཁོངས་གངས་སྐྱིད་དཔེ་སྟོན་སློབ་གྲྭའི་བོད་དགེ་བསམ་གྲུབ་ལགས་དང་། ས་རཱ་མཐོ་སློབ་ཁང་གི་ལོ་རྒྱུས་དགེ་རྒན་ཚུལ་ཁྲིམས་དཔལ་ལྡན་ལགས། འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་གི་འགན་འཛིན་བུདྡྷ་སྐྱབས་ལགས་བཅས་ཚོགས་ཞུགས་གནང་ཡོད།

ད་ལན་ཉིན་གསུམ་གྱི་བསྐྱར་ཞིབ་ཚོགས་འདུ་དེར་བྱིས་སྒྲུང་བོད་སྒྱུར་ཞུས་པ་ཁག་བཅུ་ནས་བྱིས་སྒྲུང་དྲུག་གི་བསྐྱར་ཞིབ་ལེགས་གྲུབ་བྱུང་ཡོད།

བྱིས་སྒྲུང་བོད་སྒྱུར་ལས་གཞིི་འདིའི་འགྲོ་གྲོན་མཐུན་འགྱུར་གནང་མཁན་ཨ་རིའི་རོགས་ཚོགས་ཆགས་ཀྱི་ཡོད་པ་བཅས།