འཛིན་རིམ་དགུ་པ་དང་བཅུ་པའི་སྤྱི་ཚོགས་ཚན་རིག

 

སྤྱི་ཚོགས་ཚན་རིག་གི་བསླབ་གཞིའི་ནང་དོན།

སྤྱི་ཚོགས་ཚན་རིག་ནི་གཞི་རིམ་སློབ་གྲྭའི་ཤེས་ཡོན་ནང་མེད་དུ་མི་རུང་བའི་སློབ་ཚན་ཞིག་ཡིན་ལ། དེའི་ནང་སྤྱིར་བཏང་ཤེས་ཡོན་གྱི་གྲུབ་ཆ་རྣམས་ཕྱོགས་བསྡུས་སུ་བཀོད་ཡོད། སློབ་ཕྲུག་གིས་སྤྱི་ཚོགས་ཚན་རིག་སྦྱངས་པ་བརྒྱུད་སྤྱི་ཡོངས་ཀྱི་གནས་ཚུལ་ཤེས་རྟོགས་དང། རྒྱ་ཆེ་ས་ནས་སྤྱི་ཚོགས་ཀྱི་ལྟ་སྟངས་གོང་འཕེལ་གཏོང་བ་དང། ཉམས་མྱོང་གསོག་པ། རྒྱུ་མཚན་ལྡན་པའི་བསམ་བློའི་ཆུ་ཚད་རིམ་པ་བཞིན་ཡར་རྒྱས་བཏང་སྟེ་སྤྱི་ཡོངས་ཀྱི་གོ་རྟོགས་དང་ལག་ལེན་གྱི་ནུས་ཚད་གོང་འཕེལ་འགྲོ་བ་ཡིན། དེར་བརྟེན་སློབ་ཕྲུག་རང་ཉིད་ཀྱིས་སྤྱི་ཚོགས་ལ་ཤེས་རྟོགས་བྱུང་བ་བརྒྱུད་དེའི་ཁོངས་མི་ཡག་པོ་ཞིག་ཏུ་འགྱུར་བ་དང་བྱེད་སྒོ་ཁག་ནང་མཉམ་ཞུགས་ཀྱི་འཇོན་ཐང་གོང་མཐོར་བཏང་སྟེ། སྤྱི་ཚོགས་དང་རྒྱལ་ཁབ་ཡར་རྒྱས་ལ་ཤུགས་རྐྱེན་ཆེན་པོ་གཏོང་ཐུབ༌ཀྱི་ཡོད།
འཛིན་རིམ་དགུ་པ་དང་བཅུ་པའི་སྤྱི་ཚོགས་ཚན་རིག་གི་བསླབ་གཞིའི་ནང་དོན་རྣམས་ས་ཁམས་རིག་པ་དང། ལོ་རྒྱུས། སྲིད་དོན་ཚན་རིག སྤྱི་ཚོགས་དཔལ་འབྱོར་རིག་པ་བཅས་གཙོ་བོ་བཞིར་བསྡུས་ཡོད་ལ། དེ་མིན་སྤྱི་ཚོགས་རིག་པ་དང་ཚོང་རྩིས་སྐོར་ཡང་ཅུང་ཙམ་བཀོད་ཡོད། འདིའི་ནང་དུ་གཙོ་ཆེ་བའི་བསླབ་གཞི་ཆེ་ཁག་གསུམ་སྟེ། འཛམ་གླིང་སྤྱི་དང་འབྲེལ་བའི་གལ་ཆེའི་ཤེས་བྱ་དང། བོད། རྒྱ་གར༌བཅས་སྤྱི་ཚོགས་ཚན་རིག་གི་ནང་དོན་རིམ་པ་བཞིན་མང་ཉུང་འཚམས་པོར་བཀོད་སྒྲིག་བྱས་ཡོད། དེ་དག་ཚང་མའི་ཤེས་བྱ་དང་ཐབས་ལམ་མ་འདྲ་བར་བརྟེན་ནས་སློབ་ཕྲུག་གིས་ཟུར་དང་ངོས་མ་འདྲ་བ་ནས་སྤྱི་ཚོགས་ལ་ལྟ་བ་དང། སྤྱི་ཚོགས་འཕེལ་རིམ་ལས་བྱུང་བའི་དོན་རྐྱེན་ལ་དབྱེ་ཞིབ་དང་མཐའ་སྡོམ་བརྒྱབ་པ་བཅས་ལ་བརྟེན་ནས་རྒྱ་ཆེ་ས་དང་གཙོ་གནད་ཟིན་པའི་སྒོ་ནས་སྤྱི་ཚོགས་ལ་ཤེས་རྟོགས་ཡོང་ཐབས་བྱས་ཡོད།
གཞི་རིམ་བར་མ་ནས་བཟུང་སྤྱི་ཚོགས་ཚན་རིག་གི་བསླབ་གཞིའི་ཁོངས་སུ་བོད་ཀྱི་ལོ་རྒྱུས་དང་ཆོས་འབྱུང་གསར་བཅུག་ཐོག ཉེ་རབས་དང་དེང་རབས་སྤྱི་ཚོགས་ཀྱི་འཕེལ་རིམ་ངོ་སྤྲོད་གནད་དུ་སྨིན་པ་ཞིག་བྱས་ཡོད་པས། གཞི་རིམ་བར་མ་དང་གོང་མའི་སྤྱི་ཚན་དགེ་རྒན་གྱིས་དེང་རབས་སྤྱི་ཚོགས་ཚན་རིག་གི་རྨང་གཞིའི་ཤེས་བྱ་ཁག་དང། རྒྱ་གར་གྱི་སྤྱི་ཚོགས་འཕེལ་རིམ༌བཅས་ཀྱི་ཆེད་ལས་རང་བཞིན་གྱི་ཤེས་ཚད་ལྡན་དགོས་པ་མ་ཟད། བོད་དང་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་དང་། ས་ཁམས་དང་། ལོ་རྒྱུས། སྲིད་དོན་ཚན་རིག དཔལ་འབྱོར་བཅས་ཀྱི་ཕྱོགས་ངོས་མ་འདྲ་བ་ནས་རྩལ་དུ་བཏོན་ནས་སློབ་སྟོན་བྱ་དགོས།
གཞི་རིམ་གོང་མ་འཛིན་རིམ་དགུ་པ་དང་བཅུ་པའི་སྤྱི་ཚོགས་ཚན་རིག་བསླབ་གཞིའི་ནང་དོན་ཐད། འཛམ་གླིང་སྤྱིའི་རྒྱུན་ཤེས་སྐོར་བརྒྱ་ཆ་༤༠ དང། བོད་ཀྱི་སྐོར་བརྒྱ་ཆ་༣༠ རྒྱ་གར་གྱི་སྐོར་བརྒྱ་ཆ་༣༠ འཇོག་དགོས། རྒྱུགས་ཞིབ་སྐབས་བྲིས་རྒྱུགས་ཁོ་ན་མ་ཡིན་པར་སློབ་མའི་དུས་རྒྱུན་གྱི་མཉམ་ཞུགས་དང། རྣམ་དཔྱོད། ནང་སྦྱོང། ལག་ལེན་གྱི་ནུས་པ་སོགས་ཕྱོགས་ཡོངས་རྒྱུན་མཐུད་གདེང་ཞིབ་ཀྱི་ཐབས་ལམ་བཀོལ་སྤྱོད་བྱ་དགོས།

དམིགས་ཚད།

བསླབ་གཞིའི་ནང་དོན་འདི་དག་གི་དམིགས་ཚད་གཙོ་བོ་གཤམ་གསལ།

དུས་དང་ཁྱབ་ཁོངས་རྒྱ་ཆེ་སའི་ངོས་ནས་འགྲོ་བ་མིའི་སྤྱི་ཚོགས་ཀྱི་འཕེལ་རིམ་དང་། འགྱུར་ལྡོག་གི་རྒྱུ་རྐྱེན་དང་ཆོས་ཉིད་སྐོར་ལ་ངེས་ཤེས་འདྲེན་ཐུབ་པ།
སློབ་ཕྲུག་ཚོར་སྤྱི་ཚོགས་ཀྱི་འགྱུར་ལྡོག་ནི་རྒྱུན་ཆད་མེད་པར་འགྲོ་བཞིན་ཡོད་ཚུལ་དང། སྤྱི་ཚོགས་ཀྱི་དོན་རྐྱེན་གལ་ཆེ་ཁག་གི་བྱུང་བ་དང། སྣང་ཚུལ། དཀའ་རྙོག་རྣམས་ཕྱོགས་གཅིག་རྐྱང་པ་མ་ཡིན་པར་དུས་དང་སྤྱི་ཚོགས་ཀྱི་ཕྱོགས་རིམ་དུ་མ་ཞིག་ནས་ལྟ་སྟངས་ཤེས་པར་བྱེད་པ།
ལོ་རྒྱུས་ཀྱི་ལྟ་སྟངས་སྤྱོད་པ་དང། རྒྱལ་ཁབ་འཛུགས་སྐྲུན་གྱི་འཕྲལ་ཕུགས་དམིགས་ཡུལ་དང་སྲིད་བྱུས་དང་རྩ་འཛིན་སྒྲོམ་གཞི་ཁག། འཛམ་གླིང་སྤྱི་ཡོངས་ཀྱི་འགྱུར་ལྡོག་གི་བརྒྱུད་རིམ་ལ་བརྟེན་ནས་དེང་རབས་ཀྱིི་རྒྱ་གར་དང་རང་བཙན་ཐོབ་རྗེས་ཀྱི་རྒྱ་གར་གྱི་འཕེལ་རིམ་ཤེས་རྟོགས་ཡོང་བ།
རྒྱ་གར་གྱི་རང་བཙན་འཐབ་རྩོད་དང། དེའི་རིན་ཐང་དང་མིག་དཔེ་བཟང་པོ། ས་ཁུལ་དང་སྤྱི་ཚོགས་སྡེ་ཁག་མི་འདྲ་བའི་མི་མང་གིས་དེར་ཕུལ་བའི་ལེགས་སྐྱེས་བཅས་ཀྱི་གལ་ཆེའི་གནས་ཚུལ་ཤེས་རྟོགས་བྱེད་པ་བཅས་ཡིན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་འོག་བོད་ཀྱི་རང་དབང་སླར་གསོ་དང། བོད་མིའི་ཐུན་མིན་རིག་གཞུང་མི་ཉམས་རྒྱུན་འཛིན་ཡོང་ཐབས་སླད། གཞིས་བྱེས་བོད་མི་ཡོངས་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་དཀའ་སྤྱད་འབད་རྩོལ་གྱི་ལེགས་སྐྱེས་ཇི་ཕུལ་སྐོར་གྱི་ལོ་རྒྱུས་ལ་སློབ་སྦྱོང་བྱས་པ་བརྒྱུད། སློབ་ཕྲུག་ཚོར་བོད་ཀྱི་བདེན་དོན་འཐབ་རྩོད་ཀྱི་གཞི་རྩའི་དགོས་མཁོ་དང། ཐབས་ལམ། ཞི་བདེ་དང་བཟང་སྤྱོད་ཀྱི་སྤུས་ཚད། སྐྱེ་འགྲོ་ཡོངས་ལ་འཁྲི་བའི་འགན་འཁུར་གྱི་འདུ་ཤེས་དང་གོ་རྟོགས་གོང་མཐོར་གཏོང་ཐབས་བྱ་དགོས།
བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྤྱི་དང། ཁྱད་པར་དུ་བདེན་པ་དང། འཚེ་བ་མེད་པ། ཡང་དག་པའི་མང་གཙོའི་ལྟ་གྲུབ་ལས་བྱུང་བའི་སྤྱི་ཚོགས་ཀྱི་ལམ་ལུགས་དང། ཁྱད་པར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེས་གཙོས་པའི་གལ་ཆེའི་ཁྲིམས་སྒྲིག་དང་ལམ་སྟོན༌ཁག་ལ་གོ་བ་རྒྱ་བསྐྱེད་བཏང་བ་བརྒྱུད། སློབ་ཕྲུག་ཚོས་བྱམས་དང་སྙིང་རྗེ་གཞི་རྩར་བཟུང་བའི་སྒོ་ནས་སྤྱི་ཚོགས་དྲང་བདེན་དང། ཆེ་མཐོང་ལྡན་པ་ཞིག་སྐྲུན་པའི་བློ་སྟོབས་འཕེལ་བར་བྱ་དགོས།

འཛིན་རིམ་དགུ་པ།

ལོ་རྒྱུས།

༡༽ འཛམ་གླིང་སྤྱི་དང། བོད། རྒྱ་གར་བཅས་ཀྱི་བྱུང་རབས།

༡་༡ ཉེ་རབས་ཀྱི་གསར་བརྗེ་ཁག་གསུམ། (གང་རུང་གཅིག་འདེམས་དགོས།)

༡) བཟོ་ལས་གསར་བརྗེ།

ཀ དུས་རབས་བཅོ་བརྒྱད་པའི་ནང་ཡོ་རབ་ཏུ་བྱུང་བའི་བཟོ་ལས་གསར་བརྗེའི་བྱུང་རིམ།
ཁ། བཟོ་ལས་གསར་བརྗེའི་འབྱུང་རྐྱེན།
ག བཟོ་ལས་གསར་བརྗེའི་ཤུགས་རྐྱེན།

༢) ཧྥ་རན་སིའི་གསར་བརྗེ།

ཀ གནའ་བོའི་སྲིད་ལུགས་དང་དེར་འཕྲད་པའི་གཉན་འཕྲང་གི་དུས་རིམ་ཁག
ཁ། ཧྥ་རན་སིའི་གསར་བརྗེའི་འབྱུང་རྐྱེན་དང་ཤུགས་རྐྱེན།
ག སྐབས་དེའི་སྲིད་དོན་གྱི་ལྟ་ཚུལ་མི་འདྲ་བ་ཁག་དང་གསར་བརྗེ་རིང་ལུགས་པའི་ཚོགས་པ་ཁག
ང་། ཧྥ་རན་སིའི་གསར་བརྗེའི་མཇུག་འབྲས།

༣) ར་ཤི་ཡ་དང་རྒྱ་ནག་གི་གསར་བརྗེ།

ཀ ཨུ་རུ་སུ་གོང་མ་ཛཱར་གྱི་སྲིད་སྐྱོང་ལམ་ལུགས་ (Tzarism) ཕམ་ཉེས་བྱུང་ཚུལ།
ཁ། ར་ཤི་ཡའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཚུལ་དང་འཛམ་གླིང་དམག་ཆེན་དང་པོའི་སྐོར།
ག རྒྱ་ནག་གི་ཉེ་རབས་གསར་བརྗེ༌ཁག
ང་། ར་ཤི་ཡ་དང་རྒྱ་ནག་གསར་བརྗེའི་མཇུག་འབྲས།

༤) ནཱ་ཛི་རིང་ལུགས་བྱུང་ཚུལ། Rise of Naziscm

ཀ མང་གཙོའི་སྤྱི་ཚོགས་ཀྱི་འཕེལ་རིམ།
ཁ། འཇར་མན་རྒྱལ་ཁབ་གྱི་གཉན་འཕྲང་ཆེ་བའི་དུས་རིམ་ཁག
ག ཧིཊ་ལར་ (Hitler) གྱི་སྟོབས་ཤུགས་ཆེ་རུ་སོང་བའི་རྒྱུ་རྐྱེན།
ང་། ནཱ་ཛི་རིང་ལུགས་ཀྱི་ལྟ་བ།
ཅ། ནཱ་ཛིའི་རིང་ལུགས་ཀྱི་ཤུགས་རྐྱེན།

གྲོས་འདེབས། གོང་གསལ་ཚན་པ་ཁག་དགེ་རྒན་གྱིས་ཆེད་མངགས་སློབ་ཁྲིད༌གནང་མི་དགོས་པར། སློབ་ཕྲུག་ཚོའི་འདོད་མོས་བཞིན་ཚོགས་ཆུང་དུ་མར་བགོས་ཏེ། ཚན་པ་བཞི་ལས་གང་རུང་ཞིག་འདེམས་སྒྲུག་ཐོག་སློབ་ཕྲུག་རང་ངོས་ནས་ཉམས་ཞིབ་ཀྱི་ལས་འཆར་སྤེལ་ནས་མཇུག་སྒྲིལ་རྗེས། འཛིན་གྲྭའི་ནང་སྤྱན་བསྟར་ (Presentation) དང་སྦྲགས་ཡོངས་ཁྱབ་དྲི་བ་དྲིས་ལན་གྱི་བྱེད་སྒོ་སྤེལ་དགོས། དགེ་རྒན་གྱིས་ལས་འཆར་དེའི་གྲུབ་འབྲས་ལ་གདེང་ཞིབ་ཀྱིས་ཨང་སྡེ་སྤྲོད་འཐུས།

༡་༢ བོད་དུ་དུས་འགྱུར་མ་བྱུང་གོང་གི་གནས་ཚུལ།

ཀ རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་སྐུ་འཁྲུངས་སྐབས་ཀྱི་བོད་ཀྱི་སྤྱི་ཚོགས་གནས་བབ་སྐོར།
ཁ། རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པའི་ཡང་སྲིད་འཚོལ་ཞིབ་དང་། ངོས་འཛིན་མཛད་ཚུལ།
ག རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་གསེར་ཁྲིར་མངའ་གསོལ་སྐོར།

༡་༣ བཙན་བྱོལ་དང་བསྐྱར་གསོ།

ཀ ༸གོང་ས་མཆོག་གིས་དབུས་པའི་བོད་གཞུང་མང་བཙན་བྱོལ་ལ་ཕེབས་པའི་སྐོར།
ཁ། གཞིས་ཆགས་སྲ་བརྟན་དང་། ཆོས་རིག་རྒྱུན་འཛིན་བྱས་ཚུལ།
ག བཙན་བྱོལ་བོད་གཞུང་བསྐྱར་འཛུགས་དང་ལེགས་བཅོས་བྱས་ཚུལ།
ང་། བོད་ཀྱི་རང་དབང་སླར་གསོའི་ལས་འགུལ།

༡་༤ རྒྱ་གར་ནང་དར་བའི་རྒྱལ་གཅེས་རིང་ལུགས་སྐོར།

ཀ། འཛམ་གླིང་དམག་ཆེན་དང་པོ་དང་། ངོ་རྒོལ་དང་མཉམ་འབྲེལ་མི་བྱེད་པའི་ལས་འགུལ། (khilafat and Non-cooperation Movement)
ཁ། ཚྭ་ཁྲལ་མི་འཇལ་བའི་བདེན་པའི་ཨུ་ཚུགས་ཀྱི་ལས་འགུལ།
ག སོ་ནམ་པ་དང། ངལ་རྩོལ་བ། ཚོ་ཁག་བཅས་ཀྱིས་སྤེལ་བའི་ལས་འགུལ།
ང་། ཆབ་སྲིད་ཚོགས་སྡེ་ཁག་གིས་སྤེལ་བའི་ལས་འགུལ།

འཛིན་རིམ་བཅུ་པ།

ལོ་རྒྱུས།

འཛམ་གླིང་སྤྱི་དང། བོད། རྒྱ་གར་བཅས་ཀྱི་བྱུང་རབས།

༡་༡ ཡུ་རོབ་གླིང་དུ་དར་བའི་རྒྱལ་གཅེས་རིང་ལུགས་ཀྱི་ལྟ་བ།

ཀ ཕྱི་ལོ་༡༨༣༠ཡི་རྗེས་སུ་ཡུ་རོབ་གླིང་དུ་དར་བའི་རྒྱལ་གཅེས་རིང་ལུགས་ཀྱི་ལྟ་བ།
ཁ། Giuseppe Mazzini སོགས་ཀྱི་ལྟ་བ།
ག པོ་ལནཌ། ཧངྒ་རི། ཨི་ཊ་ལི། ཇར་མ་ནི། གྷི་རཱི་སི་སོགས་ཀྱི་ནང་བྱུང་བའི་ལས་འགུལ།

༡་༢ རྒྱ་ནག་ནང་རྒྱལ་གཅེས་རིང་ལུགས་ཀྱི་ལྟ་བ་དར་ཚུལ།

ཀ ཉལ་ཐའི་དམག་འཁྲུག
ཁ། རྒྱ་ནག་དང་འཇར་པན་དབར་གྱི་དམག་འཁྲུག
ག རྒྱ་ནག་གུང་ཁྲན་ཏང་གི་བྱུང་རབས་དང་རྒྱལ་གཅེས་རིང་ལུགས།
ང་། ལྷོ་བྱང་ཀོ་རི་ཡའི་དམག་འཁྲུག་ཁྲོད༌ཨ་རྒྱ་གཉིས་ཀྱི་གདོང་ཐུག

༡་༣ རྒྱ་གར་ནང་དར་བའི་རྒྱལ་གཅེས་རིང་ལུགས། Nationalism in India

ཀ འཛམ་གླིང་དམག་ཆེན་དང་པོ་དང་རྒྱ་གར་གྱི་རྒྱལ་གཅེས་རིང་ལུགས།
ཁ། ཚྭ་ཁྲལ་མི་འཇལ་བའི་བདེན་པའི་ཨུ་ཚུགས་ཀྱི་ལས་འགུལ།
ག སོ་ནམ་པ་དང་། ངལ་རྩོལ་བ། ཚོ་ཁག་བཅས་ཀྱིས་སྤེལ་བའི་ལས་འགུལ།
ང་། ཆབ་སྲིད་ཚོགས་སྡེ་སོ་སོས་སྤེལ་བའི་ལས་འགུལ།

༡་༤ བོད་བཙན་འོག་ཏུ་ཚུད༌ཚུལ་དང་རྒྱལ་གཅེས་ལས་འགུལ་སྐོར།

ཀ རྒྱ་ནག་གིས་བོད་དུ་བཙན་འཛུལ།
ཁ། ༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་ལུགས་གཉིས་ཀྱི་ཐུགས་འགན་བཞེས་ཚུལ་སྐོར།
ག བོད་མིའི་བཙན་རྒོལ་རྒྱལ་སྐྱོབ༌ཀྱི་ལས་འགུལ།

༡་༥ བཙན་བྱོལ་ནང་གི་བོད།

ཀ བཙན་བྱོལ་བོད་མིའི་དེང་རབས་ཤེས་ཡོན་ལམ་སྲོལ་གསར་འཛུགས་དང་འཕེལ་རྒྱས་སྐོར།
ཁ། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་གཏན་འབེབས་ཀྱི་དགོས་དམིགས་དང་སྙིང་དོན།
ག ༸གོང་ས་མཆོག་གི་མ་འོངས་ཆབ་སྲིད་ལམ་སྟོན།
ང་། བོད་རྒྱ་ཞི་མོལ་གྱི་སྔ་ཕྱིའི་བྱུང་རབས།

འཛིན་རིམ་དགུ་པ།

དཔལ་འབྱོར་རིག་པ།

༢་༡ མིའི་ཐོན་ཁུངས་སྐོར།

ཀ མི་ནི་ཐོན་ཁུངས་སམ་རྒྱུ་དངོས་ཀྱི་ངོ་བོར་ངོས་འཛིན་བྱེད་ཚུལ་ངོ་སྤྲོད།
ཁ། སྐྱེས་པ་དང་བུད་མེད་སོ་སོས་དཔལ་འབྱོར་ལས་རིགས་གཉེར་སྟངས།
ག འགྲོ་བ་མིའི་ཐོན་ཁུངས་ཀྱི་སྤུས་ཚད།
ང་། དཔལ་འབྱོར་འཕེལ་རྒྱས་འགྲོ་བར་ཤེས་ཡོན་དང་འཕྲོད་བསྟེན་གྱི་གལ་ཆེ་རང་བཞིན།
ཅ། ལས་མེད་ནི་འགྲོ་བ་མིའི་ཐོན་ཁུངས་བེད་སྤྱོད་མ་བཏང་བའི་རྣམ་པ་ཞིག་ཡིན་ཚུལ་སྐོར།

༢་༢ དབུལ་ཕོངས༌ལ་གདོང་ལེན།

ཀ དབུལ་ཕོངས་ངོས་འཛིན། (གྲོང་གསེབ་དང་གྲོང་ཁྱེར་ནང་གི་འཚོ་བའི་གནས་བབ་གཉིས་ལ་ཉམས་ཞིབ་བྱ་དགོས།)
ཁ། དབུལ་ཕོངས་ཡིན་པའི་དན་རྟགས།
ག མི་རྣམས་དབུལ་ཕོངས་སུ་གྱུར་པའི་རྒྱུ་མཚན།
ང་། ཐོན་ཁུངས་བགོ་འགྲེམས་བྱེད་སྟངས་ཆ་སྙོམས་མིན་པ།
ཅ། རྒྱལ་ཁབ་ཕན་ཚུན་གཤིབས་བསྡུར་གྱིས་བལྟ་བ།
ཆ། སྲིད་གཞུང་ངོས་ནས་ལག་ལེན་བསྟར་བཞིན་པའི་དབུལ་ཕོངས་སེལ་ཐབས་ཀྱི་འཆར་གཞི་ཁག
ཇ། བཙན་བྱོྱལ་བོད་མིའི་ཉམ་ཐག་སེལ་ཐབས་ཀྱི་སྲིད་བྱུས་དང་ལས་རིམ་ཁག

༢་༣ བཟའ་ཆས་བདེ་འཇགས་འགན་ལེན། Food Security

ཀ རྒྱལ་ཡོངས་ས་ཁུལ་སོ་སོའི་ཟ་འབྲུའི་ཐོན་ཁུངས་ཀྱི་རྣམ་པ་མི་འདྲ་བ།
ཁ། གཞུང་སྒེར་ཚོགས་སྡེ་སོ་སོས་བཟའ་བཅའ་བསྲི་ཚགས་བྱེད་ཐབས།
ག ཟ་འབྲུ་མཁོ་སྒྲུབ༌དང་བགོ་འགྲེམས་བྱེད་སྟངས།
ང་། ཟ་འབྲུ་དང་། འོ་མ། ཚལ་རིགས་སོགས་ཟས་སྣ་མཁོ་འདོན་བྱེད་པའི་ཚོང་དོན་ལས་ཁང་ (Company) སོགས་དཔེ་མཚོན་གཉིས་གསུམ་ཞིག་གི་ཐོག་ཉམས་ཞིབ་བྱ་རྒྱུ།

༢་༤ དཔལ་འབྱོར་དང་ཕྱུགས་ལས་འཚོ་ཐབས།

ཀ བཙན་བྱོལ་བོད་མི་སྤྱི་དང། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་སྟངས།
ཁ། ཕྱུགས་ལས་གཉེར་སྐྱོང་གི་འཚོ་ཐབས་དང་དཀའ་ངལ་སེལ་ཐབས།
ག འབྲོག་པ་གཞིས་སྤོ་བྱེད་པའི་རྒྱ་ནག་གི་སྲིད་བྱུས་དང་དེའི་ཤུགས་རྐྱེན།

༢་༥ ཞིང་ལས་ཐོན་སྐྱེད།

ཀ ཞིང་ལས་ཀྱི་རྣམ་པ་དང་སོ་ནམ་པའི་ཚོགས་སྡེ་མི་འདྲ་བ་ཁག་བྱུང་བའི་ལོ་རྒྱུས།
ཁ། དེང་སྐབས་ཀྱི་སྤྱི་ཚོགས་ཁྲོད་གྲོང་གསེབ་ཁག་གི་དཔལ་འབྱོར་གནས་བབ་ལ་འགྱུར་བ་ཐེབས་ཚུལ།

གནད་དོན་ཉམས་ཞིབ༌ལས་འཆར།

གྲོང་གསེབ་སྤྱི་ཚོགས་མིི་འདྲ་བ་དུ་མའི་སོ་ནམ་ཐོན་སྐྱེད་གཉེར་ཚུལ་གཤིབས་བསྡུར་གྱིས་ཉམས་ཞིབ་བྱ་རྒྱུ། (དཔེར་ན། ཨ་རིའི་ནང་གཞི་རྒྱ་ཆེ་བའི་གྲོ་དང་སྲིང་བལ་གྱི་ཞིང་ལས་ཡར་རྒྱས་བྱུང་ཚུལ་དང་། ཨིན་ཇི་རྒྱལ་ཁབ་ནང་གྲོང་གསེབ་ཀྱི་དཔལ་འབྱོར་ཡར་རྒྱས་དང་ཞིང་ལས་གསར་བརྗེ་བྱུང་ཚུལ། རྒྱ་གར་མི་སེར་སྤེལ་ཡུལ་དུ་གྱུར་པའི་དུས་སྐབས་སུ་སོ་ནམ་ཞིང་ལས་ཐོན་སྐྱེད་ཆུང་ཚགས་གཉེར་བའི་སྐོར་སོགས།)

༢་༦ ནགས་ལས་ཐོན་སྐྱེད།

ཀ ནགས་ལས་དང་འཚོ་ཐབས་དབར་གྱི་འབྲེལ་བ།
ཁ། མི་སེར་སྤེལ་ཡུལ་འོག་གི་ནགས་ལས་ཐོན་སྐྱེད་གཉེར་བའི་སྤྱི་ཚོགས།

གནད་དོན་ཉམས་ཞིབ༌ལས་འཆར། (གྲོས་འདེབས།)

རྒྱ་གར་དང་ཨིན་ཌོ་ནེ་ཤི་ཡཱ་ (Indonesia) གཉིས་མི་སེར་སྤེལ་ཡུལ་དུ་གྱུར་པའི་དུས་སྐབས་ཀྱི་ནགས་ཚལ་ལས་འགུལ་ (Forest Movement) ཁག་ལ་གཤིབས་བསྡུར་གྱིས་ཉམས་ཞིབ་བྱ་བའི་ལས་འཆར་སྤེལ་རྒྱུ།

འཛིན་རིམ་བཅུ་པ།

དཔལ་འབྱོར་དང་འཚོ་ཐབས།

༢་༡ ཕྱི་ལོ་༡༨༥༠ ནས་༡༩༥༠ བར་གྱི་བཟོ་ལས་ལོ་རྒྱུས།
(གཤམ་གསལ་ལས་གང་རུང་གཅིག༌འདེམས་དགོས།)

ཀ རྒྱ་གར་དང་ཨིན་ཡུལ་གཉིས་སུ་དར་བའི་བཟོ་ལས་དབར་གྱི་འགལ་ཟླ།
ཁ། ལག་ཤེས་བཟོ་རིག་དང་འཕྲུལ་ལས་བཟོ་རིག་ཐོན་སྐྱེད་དབར་གྱི་འབྲེལ་བ།
ག སྒྲོམ་གཞི་ཡོད་པ་དང་སྒྲོམ་གཞི་མེད་པའི་བཟོ་ལས་སྡེ་ཚན་ཁག
ང་། སྐབས་དེའི་བཟོ་བའི་འཚོ་བའི་གནས་སྟངས།

གནད་དོན་ཉམས་ཞིབ་ལས་འཆར།

ཨིན་ཇི་དང་རྒྱ་གར་དབར་གྱི་འབྲེལ་ཡོད་གནད་དོན་ཁག་ལ་ཉམས་ཞིབ་དང་བགྲོ་གླེང་གི་ལས་འཆར་སྤེལ་རྒྱུ།

༢་༢ གྲོང་ཁྱེར་ཅན་དུ་བསྒྱུར་བ་དང་གྲོང་ཁྱེར་གྱི་འཚོ་བ།

ཀ གྲོང་ཁྱེར་ཅན་དུ་འགྱུར་བའི་བརྒྱུད་རིམ།
ཁ། གནས་སྤོ་དང་གྲོང་བརྡལ་གྱི་རྣམ་པ་འཕེལ་རྒྱས་བྱུང་ཚུལ།
ག སྤྱི་ཚོགས་ཀྱི་འགྱུར་ལྡོག་དང་གྲོང་ཁྱེར་གྱི་འཚོ་བ།
ང་། ཚོང་པ་དང་། འབྱོར་འབྲིང་གྲལ་རིམ། ངལ་རྩོལ་བ། གྲོང་ཁྱེར་ནང་གི་དབུལ་པོའི་གནས་སྟངས།

༢་༣ ཚོང་ལས་དང་གོ་ལ་གཅིག་གྱུར།

ཀ དུས་རབས་བཅུ་དགུ་པ་དང་ཉི་ཤུ་པའི་དུས་འགོར་རྒྱལ་སྤྱིའི་ཁྲོམ་ར་རྒྱ་བསྐྱེད་དང་གཅིག་གྱུར་བྱུང་ཚུལ།
ཁ། ཕྱི་ལོ་༡༩༥༠ རྗེས་སུ་གོ་ལ་གཅིག་གྱུར་དུ་ཕྱོགས་ཚུལ་སྐོར།
ག གོ་ལ་གཅིག་གྱུར་གྱིས་འཚོ་བ་སྐྱེལ་སྟངས་ལ་ཐེབས་པའི་ཤུགས་རྐྱེན།

གནད་དོན་ཉམས་ཞིབ་ལས་འཆར།

དམག་ཆེན་གཉིས་པའི་རྗེས་ (ཕྱི་ལོ༌༡༩༤༥ ནས༌༡༩༦༠ བར༌) ཀྱི་རྒྱལ་སྤྱིའི་དཔལ་འབྱོར་གྱི་བྱུང་རིམ༌།
གྲོས་འདེབས། གོང་གསལ་ཚན་པ་ཁག་དགེ་རྒན་གྱིས་ཆེད་མངགས་སློབ་ཁྲིད༌གནང་མི་དགོས་པར། སློབ་ཕྲུག་ཚོའི་འདོད་མོས་བཞིན་ཚོགས་ཆུང་དུ་མར་བགོས་ཏེ། ཚན་པ་བཞི་ལས་གང་རུང་ཞིག་འདེམས་སྒྲུག་ཐོག་སློབ་ཕྲུག་རང་ངོས་ནས་ཉམས་ཞིབ་ཀྱི་ལས་འཆར་སྤེལ་ནས་མཇུག་སྒྲིལ་རྗེས། འཛིན་གྲྭའི་ནང་སྤྱན་བསྟར་ (Presentation) དང་སྦྲགས་ཡོངས་ཁྱབ་དྲི་བ་དྲིས་ལན་གྱི་བྱེད་སྒོ་སྤེལ་དགོས། དགེ་རྒན་གྱིས་ལས་འཆར་དེའི་གྲུབ་འབྲས་ལ་གདེང་ཞིབ་ཀྱིས་ཨང་སྡེ་སྤྲོད་འཐུས།

༢་༤ འཕེལ་རྒྱས་ཀྱི་བྱུང་རབས།

ཀ རྒྱལ་ཁབ་ཀྱི་ལོ་རེའི་ཡོང་འབབ་ (NI) དང་ཆ་སྙོམས་ཡོང་འབབ། (Per-capita Income)
ཁ། རྒྱལ་ཁབ་ཀྱི་ལོ་རེའི་ཡོང་འབབ་འཕར་ཚད། [ད་ལྟའི་འཕེལ་རྒྱས་འགྲོ་ཚད་ལ་དཔྱད་ཞིབ་བྱ་བའི་གཞི་འཛིན་ས་ཁག (རྒྱལ་ཁབ་ཀྱི་ལོ་རེའི་ཆ་སྙོམས་ཡོང་འབབ། IMR, SR, ཡོང་འབབ་གཞན་དང་འཕྲོད་བསྟེན་གྱི་གནས་སྟངས།)]
ག ཤེས་ཡོན་དང་འཕྲོད་བསྟེན་གནས་བབ་གོང་འཕེལ་གཏོང་ཐབས།
ང་། མིའི་འཚོ་གནས་གོང་དུ་འཕེལ་ཚད་ཀྱི་གཞི་འཛིན་ས་ཁག

༢་༥ རྒྱ་གར་གྱི་དཔལ་འབྱོར་གནས་བབ་ཁྲོད་ཀྱི་ལས་རིགས་ཚན་ཁག

ཀ ལས་རིགས་ཚན་ཁག་གི་དཔལ་འབྱོར་གྱི་བྱེད་སྒོ།
ཁ། ལས་རིགས་ཚན་ཁག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཚུལ།
ག ཞབས་ཞུའི་ལས་རིགས་ཚན་ཁག་དར་ཚུལ།
ང་། ལས་ཐོབ་ཀྱི་གོ་སྐབས་གསར་སྐྲུན།
ཅ། སྒྲིག་འཛུགས་ལྡན་པའི་ལས་རིགས་ཚན་ཁག་དང། སྒྲིག་འཛུགས་མི་ལྡན་པའི་ལས་རིགས་ཚན་ཁག
ཆ། སྒྲིག་འཛུགས་མི་ལྡན་པའི་ལས་རིགས་ཚན་ཁག་ལ་སྲུང་སྐྱོབ་བྱེད་ཐབས།

༢་༦ དངུལ་དང་དངུལ་རྩིས་ལམ་ལུགས། Money and Financial System

ཀ དཔལ་འབྱོར་ཁྲོད་ཀྱི་དངུལ་གྱི་བྱེད་ལས།
ཁ། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་བུན་གཡར་བྱ་ཡུལ་སྡེ་ཚན་ཁག
ས་གནས་ཀྱི་དངུལ་བུན་གཡར་མཁན་དང་། རང་འཚོའི་རོགས་སྐྱོར་ཚོགས་པ། སྒེར་བཙུགས་མ་དངུལ་མཁོ་སྒྲུབ་བྱེད་པའི་ཀམ་པ་ནི་ལྟ་བུའི་སྲིད་གཞུང་གི་སྟངས་འཛིན་འོག་ཡོད་པའི་གཞུང་འབྲེལ་ཚོང་དོན་དངུལ་ཁང་ངམ། གཞུང་འབྲེལ་མིན་པའི་སྡེ་ཚན་གང་རུང་གཅིག་འདེམས་སྒྲུག་གིས་ངོ་སྤྲོད༌བྱ་བའི་བྱེད སྒོ་སྤེལ་དགོས།

༢་༦ གོ་ལ་གཅིག་གྱུར།

ཀ གོ་ལ་གཅིག་གྱུར་གྱི་གོ་དོན།
ཁ། རྒྱ་གར་ནང་གོ་ལ་གཅིག་གྱུར་གྱི་བྱུང་རིམ་དང་འབྱུང་རྐྱེན།
ག ཕྱི་ལོ་༡༩༩༡ གོང་གི་གོ་ལ་གཅིག་གྱུར་གྱི་ཐབས་ཇུས།
ང་། སྲིད་གཞུང་གི་སྟངས་འཛིན་འོག་ཡོད་པའི་བཟོ་གྲྭ་ཁག
ཅ། སྣ་མང་འཐུས་ཚང་གི་རྣམ་པ་མཚོན་པའི་ཐགས་ལས་ཐོན་སྐྱེད།
ཆ། ཕྱི་ལོ་༡༩༩༡ ལོའི་དཔལ་འབྱོར་སྲིད་བྱུས་བསྐྱར་བཅོས།
ཇ། མ་རྩ་འགྲོ་རྒྱུག་དང། ལས་མི་གནས་སྤོ། མ་འཛུགས་འགྲོ་རྒྱུག་སོགས་དཔལ་འབྱོར་སྲིད་བྱུས་བསྐྱར་བཅོས་ཀྱི་བྱེད་ཐབས་ཁག
ཉ། གོ་ལ་གཅིག་གྱུར་ཐད་འཛིན་པའི་འདོད་ཚུལ་སྣ་ཚོགས་དང་ལས་རིགས་ཚན་ཁག་སོ་སོར་ཐེབས་པའི་ཤུགས་རྐྱེན།
ཏ། གོ་ལ་གཅིག་གྱུར་གྱིས་རྒྱལ་ཁབ་ཀྱི་ཆབ་སྲིད་ལ་ཤུགས་རྐྱེན་ཐེབས་ཚུལ།

༢་༧ འཛད་སྤྱོད་པར་གོ་རྟོགས་སྤེལ་བ།

ཀ འཛད་སྤྱོད་པར་བཤུ་གཞོག་གཏོང་ཚུལ་དང་བཤུ་གཞོག་ཐེབས་པའི་རྒྱུ་རྐྱེན་ཁག
ཁ། འཛད་སྤྱོད་པའི་དོན་དང་ལྡན་པར་འཛད་སྤྱོད་བྱེད་ཐབས།
ག འཛད་སྤྱོད་པའི་གོ་རྟོགས་སྤེལ་ཐབས།
ང་། འཛད་སྤྱོད་པའི་ཁེ་ཕན་སྲུང་སྐྱོབ་ཐད་ཀྱི་སྲིད་གཞུང་གི་བྱེད་ལས།

འཛིན་རིམ་དགུ་པ།

རིག་གཞུང་རྒྱུན་ཤེས།

༣་༡ ལུས་རྩལ་རྩེད་རིགས་དང་ཆབ་སྲིད།

ཀ ཨོ་ལིམ་པིག་དང། འཛམ་གླིང་རྐང་སྤོལ་འགྲན་ཚོགས། ཨེ་ཤི་ཡའི་ལུས་རྩལ་འགྲན་ཚོགས་སོགས་ལུས་རྩལ་འགྲན་ཚོགས་ཆེ་ཁག་ངོ་སྤྲོད།
ཁ། ཁིར་ཀེ་ཊི་རྩེད་རིགས་དེ་ཐོག་མར་ཨིན་ལན༌ནང་དར་ཚུལ་དང། མི་སེར་སྤེལ་བའི་ཡུལ་ལུང་དུ་དར་ཚུལ། མཐར་མི་སེར་སྤེལ་བའི་སྟངས་འཛིན་ལས་ཐར་ཏེ་རྒྱ་གར་གྱི་རྩེད་རིགས་ཆེ་ཁག་ཏུ་གྱུར་ཚུལ།

༣་༢ ཆས་གོས་དང་ལེགས་བྱང་སྣ་ཚོགས།

ཀ འཛམ་གླིང་གི་ཆས་གོས་ཀྱི་རྣམ་པར་འགྱུར་ལྡོག་བྱུང་བའི་ལོ་རྒྱུས་མདོར་བསྡུས།
ཁ། རྒྱ་གར་མི་སེར་སྤེལ་ཡུལ་ཏུ་གྱུར་བའི་དུས་སྐབས་ཀྱི་ཆས་གོས་སྐོར་ལ་བགྲོ་གླེང་།
ག བོད་ཀྱི་ཡུལ་ལུང་སོ་སོའི་ཆས་གོས༌ངོ་སྤྲོད།
ང་། བོད་མིའི་སྤྱི་ཚོགས་ཀྱི་གོམས་གཤིས་ཁྲོད་ནང་ཆོས་ཀྱི་ཤུགས་རྐྱེན།
ཅ། བོད་ཀྱི་སྐད་ཡིག་དང་ཡུལ་སྐད་ཀྱི་གནས་བབ་ངོ་སྤྲོད་དང་སྲུང་སྐྱོབ།

༣་༣ ཆོས་འབྱུང་།

ས་སྐྱ་པའི་གྲུབ་མཐའ་བྱུང་ཚུལ།

འཛིན་རིམ་བཅུ་པ།

རིག་གཞུང་རྒྱུན་ཤེས།

༣་༡ ཆོས་ལུགས་དང་སྐད་ཡིག

ཀ བོད་ཀྱི་སྐད་ཡིག་གི་ཁྱད་ཆོས་དང་སྐད་ཁྱིམ་སྐོར།
ཁ། བོད་ཀྱི་སྐད་ཡིག་གི་གནས་སྟངས་དང་རྒྱུན་འཛིན་བྱེད་ཐབས།
ག བོད་ཀྱི་ཡང་སྤྲུལ་ལམ་ལུགས་སྐོར།

༣་༢ དཔར་བསྐྲུན་གྱི་ལེགས་བྱང་དང་རྒྱལ་གཅེས་རིང་ལུགས། (གཤམ་གསལ་ལས་གང་རུང་གཅིག་འདེམས་དགོས།)

ཀ ཡུ་རོབ་ཁུལ་དུ་དར་བའི་དཔར་སྐྲུན་གྱི་ལོ་རྒྱུས།
ཁ། དུས་རབས་བཅུ་དགུ་པའི་ནང་རྒྱ་གར་དུ་དར་བའི་དཔར་སྐྲུན་སྐོར།
ག བོད་ཀྱི་དཔར་སྐྲུན་ལོ་རྒྱུས་དང་ཤུལ་བཞག་དཔར་དེབ་སྐོར།

གྲོས་འདེབས། དཔར་སྐྲུན་རིག་གནས་དང། མང་ཚོགས་ཀྱི་བགྲོ་གླེང༌དང་སྲིད་དོན་བཅས་དབར་གྱི་འབྲེལ་བའི་སྐོར་ལ་བགྲོ་གླེང་གི་བྱེད་སྒོ་སྤེལ་དགོས།

༣་༣། ཆོས་འབྱུང་།

ཀ བཀའ་གདམས་པའི་གྲུབ་མཐའ་བྱུང་ཚུལ།
ཁ། འབྲོག་རི་བོ་དགེ་ལྡན་པའི་གྲུབ་མཐའ་བྱུང་ཚུལ།

༣་༣ བརྩམས་སྒྲུང་དར་བའི་ལོ་རྒྱུས།

ཀ བརྩམས་སྒྲུང་གིས་དེང་རབས་སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན་སྐོར།
ཁ། དུས་རབས་བཅུ་དགུ་པའི་ནང་རྒྱ་གར་དུ་དར་བའི་བརྩམས་སྒྲུང་གྲགས་ཅན་རིགས།
ག བོད་ཀྱི་རྩོམ་པ་པོ་དང་བརྩམས་ཆོས་གྲགས་ཅན་འགའ་ངོ་སྤྲོད།
ང་། བོད་ཀྱི་དཔའ་བོའི་རྟོགས་བརྗོད་གླིང་གེ་སར་སྒྲུང།

འཛིན་རིམ་དགུ་པ།

ས་ཁམས་རིག་པ།

༤་༡ རྒྱ་གར་དང་བོད།

ཀ བོད་དང་རྒྱ་གར་གྱི་ས་ཁམས་ཆགས་ཚུལ།
ཁ། ས་གཤིས་དང་། རི་རྒྱུད། ས་ངོས་ཀྱི་བཀོད་པ།
ག ཕྱིའི་ས་ཁམས་ཀྱི་གྲུབ་ཚུལ་གཙོ་བོ་ཁག

༤་༢ ཆུ་འགྲོ

ཀ འཛམ་གླིང་ནང་སྙན་གྲགས་ཆེ་བའི་རི་ཆུ་མཚོ་གསུམ་ངོ་སྤྲོད།
ཁ། བོད་ཀྱི་གངས་རི་དང་། གཙང་པོ་དང་། ཆུ་ལག་གཙོ་བོ་ཁག
ག བོད་ཀྱི་ཆུ་ཀླུང་དང། མཚེའུ༌གྲགས་ཅན།
ང་། དཔལ་འབྱོར་དང་འབྲེལ་བའི་ཆུ་ཡི་བེད་སྤྱོད།
ཅ། གཙང་ཆུ་འབག་བཙོག༌དང་བཅོས་ཐབས།

༤་༣ གནམ་གཤིས།

ཀ། གནམ་གཤིས་འགྱུར་ལྡོག་གི་རྒྱུ་རྐྱེན།
ཁ། ཆར་དུས༌དང་དུས་ཚིགས།
ག ཆར་དུས་སྐབས་ཆར་ཆུའི་འབབ་ཚད་དང་གནམ་གཤིས་དྲོད་ཚད།
ང་། གནམ་གཤིས་དང་མིའི་རིགས་ཀྱི་འཚོ་གནས།
ཅ། ཧི་མ་ལ་ཡ་རི་རྒྱུད་དང་བོད་ཀྱི་མཐོ་སྒང་གིས་རྒྱ་གར་གྱི་གནམ་གཤིས་ལ་ཐེབས་པའི་ཤུགས་རྐྱེན་སྐོར།

༤་༤ རང་བྱུང་སྐྱེ་ཁེབས།

ཀ རང་བྱུང་སྐྱེ་ཁེབས་ཀྱི་རིགས་ཀྱི་དབྱེ་བ།
ཁ། བོད་ཁམས་ཀྱི་སྐྱེ་ཁེབས་རིགས།
ག ས་བབས་མཐོ་ཚད་སྣ་ཚོགས་ལ་ཁྱབ་པའི་སྐྱེ་ཁེབས་རིགས།
ང་། སྐྱེ་ཁེབས་སྲུང་སྐྱོབ་ཀྱི་དགོས་པ་དང་ཐབས་ལམ་ཁག

༤་༥ རི་སྐྱེས་སྲོག་ཆགས།

ཀ རི་སྐྱེས་སྲོག་ཆགས་ཀྱི་རིགས་ཆེ་ཁག་དང་ཁྱབ་ཚད།
ཁ། བོད་ཀྱིི་རི་སྐྱེས་སྲོག་ཆགས་ཀྱི་རིགས་གཙོ་བོ་རྣམས་དང་། དེ་དག་གི་གནས་ཡུལ།
ག རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་དགོས་ཕན་དང་ཐབས་ལམ།

༤་༦ མི་འབོར།

ཀ མི་འབོར༌གྱི་ཆ་ཚད་ (Size) དང། ཁྱབ་ཚད། ཕོ་མོ་བཅས་ཀྱི་གྲུབ་ཆ།
ཁ། མི་འབོར་གནས་སྤོ་ལས་བྱུང་བའི་འཕོ་འགྱུར།
ག རྒྱ་གར་དང། རྒྱ་ནག ནུབ་ཕྱོགས་རྒྱལ་ཁབ། བཙན་བྱོལ་སྤྱི་ཚོགས༌བཅས་ཀྱི་ཡིག་རྨོངས་སེལ་ཚད།
ང་། མི་འབོར་འཕེལ་རྒྱས་དང་འཕྲོད་བསྟེན༌གྱི་མཐུན་རྐྱེན།
ཅ། རྒྱ་གར་གྱི་ལས་རིགས་སྒྲོམ་གཞི་དང་རྒྱལ་ཁབ་ཀྱི་མི་འབོར་སྲིད་ཇུས།
ཆ། བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་གྱི་གྲུབ་དོན་ཐོག་བགྲོ་གླེང།

འཛིན་རིམ་བཅུ་པ།

ས་ཁམས་རིག་པ།

༤་༡ བོད་མིའི་གནས་ཡུལ།

ཀ བཙན་བྱོལ་བོད་མིའི་གནས་ཡུལ་སྤྱི་དང་གཞིས་སྒར་ཁག་གི་གནས་སྟངས།
ཁ། བོད་ཁམས་ཀྱི་གྲོང་ཁྱེར་དང་གྲོང་བརྡལ་དང། དེར་གནས་པའི་ཡུལ་མིའི་སྐོར།
ག ཁ་འཐོར་བོད་མིའི་གནས་སྟངས།

༤་༢ ཡུལ་གྱི་ཐོན་ཁུངས།

ཀ རང་བྱུང་ཐོན་ཁུངས་དང་མིའི་ཐོན་ཁུངས།
ཁ། ཐོན་ཁུངས་དང་འབྲེལ་བའི་འཆར་འགོད་ཀྱི་དགོས་མཁོ།
ག བོད་ཀྱི་རང་བྱུང་ཐོན་ཁུངས་ངོ་སྤྲོད།

༤་༣ སའི་ཐོན་ཁུངས།

ཀ སའི་ཐོན་ཁུངས་དང་བེད་སྤྱོད།
ཁ། ས་གཤིས་མི་འདྲ་བའི་རིགས་དང་དེའི་ཁྱབ་ཁུལ།
ག ས་གཤིས་ཉམས་ཞན་དང་ས་གཤིས་གཅེས་ཉར་བྱེད་ཐབས།

༤་༤ ནགས་ཚལ་དང་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས།

ཀ རྩི་ཤིང་གི་རྒྱལ་ཁམས་དང་དེར་གནས་སྲོག་ཆགས་ཀྱི་རིགས༌དང་ཁྱབ་ཚད།
ཁ། རྩི་ཤིང་དང་སྲོག་ཆགས་རིགས་མང་པོ་རྩ་སྟོང་འགྲོ་བའི་རྒྱུ་རྐྱེན།
ག རྩི་ཤིང་ནགས་ཚལ་དང་རི་སྐྱེས་སྲོག་ཆགས་ལ་སྤྱི་སྒེར་གཉིས་ཀྱིས་སྲུང་སྐྱོབ་བྱེད་ཐབས།

༤་༥ ཆུའི་ཐོན་ཁུངས།

ཀ ཆུའི་ཐོན་ཁུངས་ཁག
ཁ། བོད་དང་རྒྱ་གར་གྱི་ཆུའི་ཐོན་ཁུངས་དང་ཁྱབ་ཁུལ།
ག ཆུའི་ཐོན་ཁུངས་ཀྱི་སྤྱོད་སྒོ་དང་རྒྱ་ནག་གིས་བོད་ནང་གཉེར་བཞིན་པའི་ཆུ་མཛོད་ལས་འཆར།
ང་། དམིགས་སྒོ་སྣ་ཚོགས་ཅན་གྱི་ཆུ་མཛོད་ལས་འཆར་ཆེ་ཁག
ཅ། ཆུའི་དཀའ་ངལ་དང་གནམ་ཆུ་བསགས་ཉར་བྱེད་སྟངས།
ཆ། ཆུའི་ཐོན་ཁུངས་གཅེས་ཉར་དང་བསྲི་ཚགས་དོ་དམ་བྱེད་སྟངས།

༤་༦ གཏེར་ཁའི་ཐོན་ཁུངས།

ཀ གཏེར་ཁའི་རིགས་སྤྱི་དང་། བོད་དང་རྒྱ་གར་གྱི་གཏེར་ཁའི་ཐོན་ཁུངས་སྐོར།
ཁ། གཏེར་ཁའི་ཁྱབ་ཁུལ།
ག གཏེར་ཁའི་སྤྱོད་སྒོ་དང་དཔལ་འབྱོར་ཐད་ཀྱི་གལ་ཆེ་རང་བཞིན།
ང་། གཏེར་ཁའི་རིགས་གཅེས་ཉར་བྱེད་སྟངས།

༤་༧ ནུས་པའི་ཐོན་ཁུངས།

ཀ ནུས་པའི་ཐོན་ཁུངས་ཀྱི་དབྱེ་བ།
ཁ། ནུས་པའི་ཐོན་ཁུངས་ཀྱི་ཁྱབ་ཁུལ་དང་སྤྱོད་སྒོ།
ག ནུས་པའི་ཐོན་ཁུངས་གཅེས་ཉར་བྱ་དགོས་པའི་སྐོར།
ང་། བོད་ཀྱི་ནུས་པའི་ཐོན་ཁུངས་ངོ་སྤྲོད།

༤་༨ བཟོ་གྲྭ། Manufacturing Industries

ཀ བཟོ་གྲྭའི་རིགས༌དང་ཁྱབ་ཚད༌གནས་སྟངས།
ཁ། བཟོ་གྲྭས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐད་ཐོན་པའི་ཕན་ནུས།
ག བཟོ་གྲྭའི་བཙོག་སྙིགས་དང་ཁོར་ཡུག་ཉམས་ཆག
ང་། ཁོར་ཡུག་ཉམས་ཆག་ལ་སྔོན་འགོག་བྱེད་ཐབས།
གྲོས་འདེབས། གོང་གསལ་གནད་དོན་གང་རུང་ཞིག་ལ་ཉམས་ཞིབ་ཀྱི་ལས་འཆར་སྤེལ་དགོས།

༤་༩ ཞིང་ལས་ཐོན་ཁུངས།

ཀ ཞིང་ལས་ཀྱི་རིགས་དང། སྟོན་ཐོག་གཙོ་གྲས།
ཁ། ནམ་དུས་ལ་བསྟུན་པའི་སྟོན་ཐོག་འདེབས་ལས།
ག ཞིང་ལས་ཐོན་སྐྱེད་ཐད་ཚན་རིག་ལག་རྩལ་དང་གཞུང་འབྲེལ་ལེགས་བཅོས་ལས་འཆར་ཅི་ཡོད་དང། ཤུགས་རྐྱེན།
ང་། ཞིང་ལས་ཐོན་སྐྱེད་ཀྱིས་རྒྱལ༌ཁབ་ཀྱི་དཔལ་འབྱོར་ལ་ཕན་ཐོགས་ཅི་ཡོད། (ལས་ཀའི་གོ་སྐབས་དང་མཇུག་འབྲས་གནས་སྟངས།)

འཛིན་རིམ་དགུ་པ།

སྲིད་དོན་ཚན་རིག

༥་༡ མང་གཙོའི་གོ་དོན་དང་དགོས་ཕན།

ཀ མང་གཙོའི་གོ་དོན་ལ་འགྲེལ་བརྗོད་བྱེད་ཚུལ་མི་འདྲ་བ་ཁག་ངོ་སྤྲོད།
ཁ། མང་གཙོའི་རིང་ལུགས་ནི་སྲིད་དོན་ལམ་ལུགས་ནང་ཁྱབ་ཆེ་ཤོས་ཡིན་ཚུལ་སྐོར།
ག མང་གཙོའི་ལམ་ལུགས་མ་ཡིན་པའི་ཆབ་སྲིད་ལམ་ལུགས་གཞན་ངོ་སྤྲོད།
ང་། འཛམ་གླིང་ནང་ད་ཡོད་ལམ་ལུགས་ཁག་ལས་མང་གཙོའི་ལམ་ལུགས་ཡག་ཤོས་ཡིན་པའི་རྒྱུ་མཚན།
ཅ། མང་གཙོའི་ལྟ་གྲུབ་འོག་ལམ་ལུགས་དང་རིན་ཐང་ལྟ་ཚུལ་གཅིག་པ་དགོས་མིན།

༥་༢ རྒྱ་གར་གྱི་མང་གཙོའི་ལམ་ལུགས།

ཀ རྒྱ་གར་གྱི་རྩ་ཁྲིམས་གཏན་འབེབས་བྱུང་ཚུལ་དང་རྩ་ཁྲིམས་གྱི་དམིགས་བསལ་ཁྱད་ཆོས།
ཁ། རྒྱ་གར་གྱི་མང་གཙོ་ལམ་ལུགས་ལེགས་བཅོས་བྱས་ཚུལ།

༥་༣ བོད་ཀྱི་མང་གཙོའི་ལམ་ལུགས།

ཀ ཕྱི་ལོ་༡༩༥༩ ལོའི་སྔོན་གྱི་བོད་གཞུང་གི་སྒྲོམ་གཞི་གྲུབ་ཚུལ།
ཁ། དེང་གི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གྲུབ་ཚུལ།
ག བོད་མིའི་མང་གཙོའི་འཕེལ་རིམ་གྱི་གྲུབ་འབྲས་གཙོ་བོ།

༥་༤ མང་གཙོའི་འོས་བསྡུའི་ལམ་ལུགས།

ཀ འོས་བསྡུའི་འབྱུང་རྐྱེན་དང་འོས་བསྡུ་བྱེད་སྟངས།
ཁ། འོས་བསྡུའི་ཐོབ་ཐང་དང་ལས་འགན།
ག སྲིད་དོན་ཚོགས་པ་དབར་གྱི་འོས་བསྡུའི་འགྲན་རྩོད།
ང་། བཙན་བྱོལ་བོད་མིའི་འོས་བསྡུའི་ཐོབ་ཐང་དང། འགན་དབང༌།

༥་༥ གྲོས་ཚོགས་ཀྱི་སྒྲིག་འཛུགས་ལྡན་པའི་མང་གཙོ།

ཀ མང་གཙོའི་ལམ་ལུགས་ཁྲོད་རྒྱལ་ཁབ་ཀྱི་ཆབ་སྲིད་སྐྱོང་སྟངས། གྲོས་ཚོགས་ཀྱི་འགན་དབང་། སྲིད་འཛིན་དང་སྲིད་བློན་གྱི་འགན་དབང།
ཁ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འགན་དབང་། ལས་དོན་བྱེད་ཚུལ།
ག བཙན་བྱོལ་བོད་མིའི་སྲིད་སྐྱོང་གི་དབང་ཚད་དང་ལས་དོན་བྱེད་ཚུལ།

༥་༦ མང་གཙོའི་ལམ་ལུགས་ནང་གཏན་ལ་ཕབ་པའི་མི་སེར་གྱི་ཐོབ་ཐང་ཁག

ཀ རྒྱ་གར་རྩ་ཁྲིམས་ནང་འཁོད་པའི་མི་སེར་གྱི་ཐོབ་ཐང་དང་མི་མང་གི་གཞི་རྩའི་ཐོབ་ཐང་།
ཁ། ཁྲིམས་ཞིབ་ལྷན་ཚོགས་ཀྱིས་མི་མང་གིི་གཞི་རྩའི་ཐོབ་ཐང་སྲུང་སྐྱོབ་བྱེད་ཚུལ།
ག རང་དབང་ལྡན་པའི་ཁྲིམས་ཞིབ་ལྷན་ཚོགས་ཀྱི་འགན་དབང་དང་ལས་དོན་བྱེད་ཕྱོགས།
ང་། གཞུང་གི་སྲིད་བྱུས༌རྩ་འཛིན་ལམ་སྟོན། (Directive Principles of State Policy)

བྱེད་སྒོ་གྲོས་འདེབས།

ཀ གོད་ཆག་སེལ་ཐབས་ (Disaster Management) ངོ་སྤྲོད།
ཁ། དུས་རྒྱུན་འབྱུང་བའི་ཉེན་ཚབས་ཅན་གྱི་གོད་ཆག་རིགས།
ག གོད་ཆག་དེ་རིགས་སྔོན་འགོག་བྱེད་ཐབས།
ང་། མིའི་རིགས་ཀྱིས་བསླངས་པའི་གོད་ཆག་རིགས།
ཅ། སྤྱི་ཚོགས་ཀྱི་གོད་ཆག་འགན་ལེན་བྱེད་ཚུལ།

འཛིན་རིམ་བཅུ་པ།

སྲིད་དོན་ཚན་རིག

༥་༡ མང་གཙོའི་ལམ་ལུགས་ནང་གི་དབང་ཆ།

ཀ མང་གཙོའི་ལམ་ལུགས་ནང་དབང་ཆ་བགོ་འགྲེམས་བྱེད་ཚུལ༌དང་རྒྱུ་མཚན།
ཁ། དབུས་དང་མངའ་སྡེ་སོ་སོར་དབང་ཆ་བགོ༌འགྲེམས་བྱས་པ༌དེས་རྒྱལ་ཁབ་ཀྱི་གཅིག་གྱུར་ལ་དགེ་ཕན་ཅི་བྱུང་།
ག དབང་ཆ་བགོ་འགྲེམས་ (De-centralization) ཀྱིས་མང་གཙོའི་སྤྱི་ཚོགས་ལ་ཁེ་ཕན་ཅི༌བྱུང།
ང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ལུགས་དབང་ཆ་བགོ་འགྲེམས་གནས་སྟངས།

༥་༢ མང་གཙོ་ལམ་ལུགས་ཀྱི་ལས་དོན།

ཀ མང་གཙོའི་ལམ་ལུགས་ཁྲོད་རིགས་རུས་དང། ཕོ་མོ། ཆོས་ལུགས་འདྲ་མཉམ་ཡོང་ཐབས།
ཁ། མང་གཙོའི་ཀ་བ་བཞི་པ་གསར་འགོད་བརྒྱུད་ལམ་གྱི་གལ་ཆེའི་རང་བཞིན་སྐོར།
ག བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ།

༥་༣ མང་གཙོའི་ལམ་ལུགས་ནང་གི་འགྲན་རྩོད།

ཀ མི་མང་གི་ལས་འགུལ་གྱིས་མང་གཙོའི་ལམ་ལུགས་ལ་འགྱུར་བ་གཏོང་ཚུལ།
ཁ། སྲིད་དོན་ཚོགས་པ་ཁག་གི་འགྲན་རྩོད།
ག བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་སྙིང་དོན་དང༌བརྒྱུད་རིམ།

༥་༤ མང་གཙོ་ལམ་ལུགས་ཀྱི་གྲུབ་འབྲས།

ཀ མང་གཙོ་ལམ་ལུགས་ཀྱི་དགེ་མཚན་ནི་དེའི་གྲུབ་འབྲས་ལ་བལྟོས་ནས་གཞལ་ཚུལ།
ཁ། རྒྱ་གར་གྱི་མང་གཙོའི་ལམ་སྲོལ་གྱིས་རེ་འདུན་དེ་དག་སྐོང་ཐུབ་ཀྱི་ཡོད་མེད།
ག རྒྱ་གར་ནང་མང་གཙོའི་ལམ་སྲོལ་རྒྱུན་འཁྱོངས་བྱེད་ཐུབ་པའི་རྒྱུ་མཚན།
ང་། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ལས་བྱུང་བའི་གྲུབ་འབྲས་ལ་བགྲོ་གླེང་བྱ་དགོས།

༥་༥ མང་གཙོ་ལམ་ལུགས་ཀྱིས་གདོང་ལེན་བྱ་དགོས་པའི་གནད་དོན་ཁག

ཀ མང་གཙོའི་ལྟ་གྲུབ་ཉམས་རྒུད་དུ་འགྲོ་བཞིན་ཡོད་མེད།
ཁ། མང་གཙོ་ལམ་ལུགས་ལ་འགལ་རྐྱེན༌ཅི་ཡོད།
ག རྒྱ་གར་གྱི་མང་གཙོའི་ལམ་ལུགས་ལ་འཕྲད་པའི་དཀའ་ངལ་གཙོ་བོ་ཁག།
ང་། མང་གཙོའི་ལམ་ལུགས་ལེགས་བཅོས་དང་གཏིང་ཟབ་ཏུ་གཏོང་ཕྱོགས་སྐོར།
ཅ། མང་གཙོའི་ལམ་ལུགས་ནང་མི་སྒེར་ཞིག་གིས་མང་གཙོའི་ལམ་སྲོལ་ཚད་ལྡན་དུ་གཏོང་བར་བྱེད་ནུས་ཅི་ཞིག་འདོན་ཐུབ་བམ།

གོད་ཆག་སེལ་ཐབས།

ཀ། མཚོ་འཁྱོམ་གོད་ཆག Tsunami
ཁ། བདེ་འཇགས་ལྡན་པའི་འཛུགས་སྐྲུན།
ག གསོན་གནས་ཐུབ་པའི་ཐབས་རྩལ།
ང་། གོད་ཆག་བྱུང་སྐབས་ཉེན་གཡོལ་བྱེད་ཐབས།
ཅ། འགན་མཉམ་འཁུར་བྱ་དགོས་པ།

ཟུར་བལྟའི་ཡིག་ཆ།

  • བོད་ཀྱི་སྲིད་དོན་རྒྱལ་རབས། ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན།
    རྒྱལ་རབས་དེབ་ཐེར་དཀར་པོ། མཁས་དབང་དགེ་འདུན་ཆོས་འཕེལ།
  • བཙན་རྒོལ་རྒྱལ་སྐྱོབ། དྲུང་ཡིག་ལྷ་མོ་ཚེ་རིང།
  • དུས་སྐབས་སོ་སོའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས།
  • ༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པའི་རང་རྣམ་བཙན་བྱོལ་ནང་གི་རང་དབང།
  • བཙན་བྱོལ་བོད་གཞུང་གི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་སྔ་ཕྱིའི་བྱུང་རིམ་སྐོར།
  • དབུ་མའི་ལམ་གྱི་ངོ་སྤྲོད། ཕྱི་དྲིལ་ལས་ཁུངས།
  • རྒྱ་གར་རྒྱལ་ཡོངས་ཤེས་ཡོན་རྒྱུགས་བཞེས་ལྷན་ཚོགས་ཀྱིས་བཏོན་པའི་སྤྱི་ཚན་སློབ་དེབ་ཁག་དང་། རྒྱ་གར་རྒྱལ་ཡོངས་ཤེས་ཡོན་ལྷན་ཚོགས་ཀྱི་ཉམས་ཞིབ་དང་སྦྱོང་བརྡར་ལྟེ་གནས་ཀྱིས་བཏོན་པའི་སློབ་དེབ་ཁག་དང། བསླབ་གཞིའི་རྩ་འཛིན་བཅས།
  • རྒྱ་ནག་དང་རྒྱལ་སྤྱིའི་ས་ཁམས་རིག་པའི་དཔྱད་ཞིབ་དང་གནས་ཚུལ་ཁག་བཅས་ལ་འཚོལ་ཞིབ་དང་རྟོག་ཞིབ་མཐིལ་ཕྱིན་གྱིས་འགོད་དགོས།
  • བོད་གངས་ཅན་ལྗོངས་ཀྱི་རྩ་ཆེའི་སྲོག་ཆགས་ངོ་སྤྲོད། ཕྱི་ལོ་༢༠༠༤། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་པར་སྐྲུན་བྱས།
  • བོད་མཐོ་སྒང་ཐོག་གི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན། ཉེ་དུས་ཀྱི་ཚན་རིག་དང་བོད་མིའི་ཉམས་ཞིབ་དཔྱད་དོན་ཕྱོགས་བསྡུས། ཕྱི་ལོ་༢༠༡༡། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་པར་སྐྲུན་བྱས།

 

  • TIBET; A Human Development and Environment Report-2007
    Published by DIIR.
  • TIBET; Environment and Development Issues-2000 Published by DIIR
  • Environment and Development in Tibet; A Crucial Issue-2003 Published by DIIR
  • The Impacts of Climate change on the Tibetan Plateau; A Synthesis of Recent Science and Tibetan Research-2009 Published by DIIR
  • TIBET: The Third Pole; Importance of Environmental Stewardship-2012 Published by DIIR
  • Water Security and Environmental Management on the Tibetan Plateau-2012 Published by DIIR
  • China’s Railway Project; Where will It Take Tibet-2011 Published by DIIR