ཅ༽ ཚོང་ལས་རིག་པ། (BUSINESS STUDIES)

 

ལོ་བཅུའི་རིང་གཞི་རིམ་གྱི་སློབ་སྦྱོང་ཁག་ལེགས་པར་སྤྲད་རྗེས། གཞི་རིམ་གོང་མ་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་སྐབས་ཚོང་ལས་རིག་པ་དང་རྣམ་གྲངས་རིག་པ་གཉིས་ཚོང་ལས་སྡེ་ཚན་གྱི་བསླབ་གཞིའི་སྡེ་ཚན་དུ་དངོས་སུ་བསླབ་འགོ་བརྩམས་ཡོད། དེར་བརྟེན་ཚོང་ལས་རིག་པ་ངོ་སྤྲོད་བྱ་སྐབས་ཚོང་ལས་ (ཉོ་ཚོང་དང་བཟོ་གྲྭ་) ཀྱི་རྣམ་བཞག་དང་ལག་ལེན་ལེགས་པོ་ཤེས་པར་བྱེད་པ་དང། ཚོང་ལས་དང་སྤྱི་ཚོགས་དབར་འབྲེལ་བ་ཇི་ཡོད་ཤེས་པར་བྱ་དགོས། ཚོང་ལས་ནི་འཕྲུལ་ཆས་དང་རང་བྱུང་ཐོན་ཁུངས། མིའི་རྩོལ་བ་བཅས་ལ་བརྟེན་ནས་འཛམ་གླིང་གི་ཁོར་ཡུག་ལ་འགྱུར་བ་ཡང་ཡང་གཏོང་བའི་བྱ་ལས་ཤིག་ཡིན། ཚོང་ལས་ཀྱི་སྒྲོམ་གཞི་ངོས་འཛིན་པར་ཚོང་ལས་ཀྱི་གོ་སྒྲིག་དང་བཀོད་བྱུས་ཀྱི་རིམ་པར་སློབ་སྦྱོང་གཏིང་ཟབ་བྱས་ནས་དེ་དག་ཁོར་ཡུག་དང་ཕན་ཚུན་ཇི་ལྟར་འབྲེལ་ཡོད་པའི་སྐོར་ཤེས་རྟོགས་བྱ་དགོས། ཚོང་ལས་ཀྱི་འགྱུར་འགྲོས་དང་བསྟུན་གོ་ལ་གཅིག་འགྱུར་འབྱུང་བཞིན་ཡོད་པ་དང། བརྡ་འཕྲིན་འཕྲུལ་ལས་ནི་ཚོང་ལས་ནང་མེད་ཐབས་མེད་པ་ཞིག་ཏུ་གྱུར་ཡོད། དེང་སྐབས་གློག་ཀླད་དང་དྲ་རྒྱར་བརྟེན་ནས་ཚོང་ལས་བྱེད་པའི་ལམ་ལུགས་ཤུགས་ཆེར་དར་ཡོད་པས། ཚོང་ལས་རིག་པའི་བསླབ་གཞིའི་ནང་དོན་ལའང་དེ་དག་ངེས་པར་འཇོག་དགོས།

ཚོང་ལས་རིག་པའི་བསླབ་གཞིའི་ནང་སློབ་ཕྲུག་ཚོས་རྟོག་ཞིབ་དང། འཛིན་སྐྱོང། གདེང་འཇོག་བཅས་བྱས་ནས་དེས་ཚོང་ལས་ལ་ཁྱད་པར་ཅི་ཞིག་བཟོ་མིན་ཤེས་རྟོགས་ཐུབ་པར་བྱ་དགོས། ཚོང་ལས་རིག་པའི་བསླབ་གཞིའི་ནང་སྤྱི་ཚོགས་དང་ཆབ་སྲིད། ཁྲིམས་ལུགས། དཔལ་འབྱོར་བཅས་ཀྱིས་ཚོང་ལས་ལ་ཤུགས་རྐྱེན་ཅི་ཞིག་ཐེབས་པའི་སྐོར་བཀོད་དེ། ཚོང་ལས་རིག་པ་ནི་སྤྱི་ཚོགས་ཡར་རྒྱས་ཀྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ངེས་ཤེས་རྙེད་པ་བྱ་དགོས།

དམིགས་ཚད།

  • གཞི་རིམ་གོང་མ་འཛིན་རིམ་བཅུ་གཅིག་བཅུ་གཉིས་ཀྱི་ཚོང་ལས་རིག་པའི་བསླབ་གཞིའི་དམིགས་ཚད་ནི།
  • ཚོང་ལས་ཀྱི་བྱ་བའི་བརྒྱུད་རིམ་དང་ཁོར་ཡུག་ཤེས་རྟོགས་ཐུབ་པ་བྱ་རྒྱུ།
  • ཚོང་ལས་ཀྱི་སྒུལ་ཤུགས་རང་བཞིན་དང་གཅིག་ལ་གཅིག་རྟེན་གྱི་ཁྱད་ཆོས་ཁག་ངོས་འཛིན་བྱ་རྒྱུ།
  • ཚོང་ལས་ཀྱི་རྣམ་བཞག་དང། ལག་ལེན། ཉོ་ཚོང། བཟོ་གྲྭ་བཅས་ལ་དོ་སྣང་སླེབས་པ་བྱ་རྒྱུ།
  • ཚོང་ལས་ཁང་གི་བཀོད་སྒྲིག་དང། འཛིན་སྐྱོང། ཚོང་འབྲེལ་སོགས་ཚོང་ལས་རིག་པའི་རྨང་གཞིའི་རྣམ་བཞག་ཁག་ལ་རྒྱུས་མངའ་ལོན་པ་བྱ་རྒྱུ།
  • ཆབ་འབངས་དང། འཛད་སྤྱོད་པ། བཟོ་ལས་པ། སྦྱིན་བདག་སོགས་ཚོང་ལས་ཀྱི་ངོ་བོ་མི་འདྲ་བའི་ལས་འགན་ཁག་ཤེས་རྟོགས་ཐུབ་པ་བྱ་རྒྱུ།

 

འཛིན་རིམ་བཅུ་གཅིག

ཚོང་རིག

དང་པོ། ཚོང་ལས་ཀྱི་རྨང་གཞིའི་ཤེས་བྱ། Foundations of Business

༡༽ ཚོང་ལས་ཀྱི་རང་བཞིན་དང་དགོས་དམིགས། Nature and Purpose of Business

  • ཚོང་ལས་ཀྱི་གོ་དོན་དང་ཁྱད་ཆོས། Concept and characteristics of business
  • ཚོང་ལས་དང་། ཆེད་ལས། ལས་ཀ་བཅས་ཀྱི་དམིགས་བསལ་ཁྱད་ཆོས། Business, profession and employment – distinctive features
  • སྤྱི་ཚོགས་དང་དཔལ་འབྱོར་ཚོང་ལས་ཀྱི་དམིགས་ཡུལ་དང་། ཚོང་ཁེ་སྒྲུབ་པའི་ངོ་བོ། Objectives of business – economic and social, role of profit in business
  • ཚོང་ལས་བྱ་འགུལ་རིགས་བཟོ་གྲྭ་དང་ཚོང་ལས་གཉིས་སུ་དགར་བ། Classification of business activities: Industry and Commerce
  • བཟོ་གྲྭ་ལ་དབྱེ་ན། མ་རྒྱུ་མཁོ་སྒྲུབ་བཟོ་གྲྭ་དང་། བཟོ་སྐྲུན་ལས་རིགས་བཟོ་གྲྭ། ཞབས་ཞུའི་ལས་རིགས་བཟོ་གྲྭ་བཅས་ཡོད་པ། Industry – types: primary, secondary, tertiary
  • ཚོང་ལས་དང་ཚོང་ལས་གཞོགས་འདེགས་ལས་རིགས། Commerce: Trade and Auxiliaries
  • ཚོང་ལས་ལ་འཕྲད་ངེས་པའི་དཀའ་ཉེན་གྱི་རང་བཞིན་དང་རྒྱུ་རྐྱེན། Business risks – nature and causes.

 

༢༽ ཚོང་ལས་སྡེ་ཁག་སྣ་ཚོགས་ཀྱི་སྒྲོམ་གཞི། Forms of Business Organisations

  • ཁེར་ཚོང་གཉེར་བའི་གོ་དོན་དང་། ཁྱད་ཆོས། དགེ་མཚན། ཞན་ཆ། Sole Proprietorship: meaning, features, merits and limitations
  • མཉམ་འབྲེལ་གྱིས་ཚོང་ལས་གཉེར་བའི་ཁྱད་ཆོས་དང་། རྣམ་དབྱེ། དེབ་སྐྱེལ། དགེ་མཚན། ཞན་ཆ། མཉམ་འབྲེལ་བྱེད་མཁན་གྱི་རྣམ་གྲངས། Partnership: features, types, registration, merits, limitations, types of partners
  • ཧིན་དྷུའི་ཁྱིམ་བརྒྱུད་ཀྱིས་མཉམ་འབྲེལ་ངང་ཚོང་ལས་གཉེར་བའི་ཁྱད་ཆོས་དང། དགེ་མཚན། ཞན་ཆ་སྙིང་བསྡུས། Joint Hindu Family Business : features, merits and limitations
  • མཉམ་འབྲེལ་སྤྱི་ཚོགས་ཀྱི་ཁྱད་ཆོས་དང་། དབྱེ་བ། དགེ་མཚན། ཞན་ཆ། Cooperative Societies: features , types, merits and limitations
  • གཞུང་གཉེར་ཀམ་པ་ནི་དང་སྒེར་གཉེར་ཀམ་པ་ནིའི་སོ་སོའི་ཁྱད་ཆོས་དང། དགེ་མཚན། ཞན་ཆ། Private Company, Public Company – features, merits and limitations;
  • ཚོང་ལས་སྡེ་ཁག་གདམ་ང་ཅན། Choice of form of business organizations
  • ཚོང་ལས་ཐོག་མར་གཉེར་སྐབས་ཀྱི་རྨང་གཞིའི་ཆ་རྐྱེན་ཁག། Starting a business – Basic factors

 

༣༽ གཞུང་གི་ཁེ་ལས་དང་། རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཁེ་ལས། Public & Global Enterprises

  • གཞུང་གཉེར་ཁེ་ལས། Public Sector
  • གཞུང་གཉེར་ཁེ་ལས་ཁག་གི་སྒྲོམ་གཞི་དང་། ཁྱད་ཆོས། དགེ་མཚན། ཞན་ཆ། Forms of public sector enterprises ; features, merits and limitations
  • གཞུང་གཉེར་ཁེ་ལས་ཚན་པའི་བྱེད་ལས་ལ་འགྱུར་ལྡོག་འགྲོ་བའི་རང་བཞིན། Changing role of public sector
  • རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཁེ་ལས་དང་དེའི་ཁྱད་ཆོས། Global Enterprises: features
  • མཉམ་འབྲེལ་ཁེ་ལས་ཚན་པ་ཁག་དང་དེའི་ཁྱད་ཆོས་མདོར་བསྡུས། Statutory Corporation

 

༤༽ ཚོང་ལས་གཉེར་བའི་ལས་རིགས། Business Services

  • དངུལ་ཁང་དང་། ཉེན་སྲུང་འགན་ལེན། སྐྱེལ་འདྲེན། དོས་ཁང་། འབྲེལ་མཐུད་སོགས་ཚོང་ལས་གཉེར་བའི་ལས་རིགས་ཀྱི་ངོ་བོ་དང་རྣམ་གྲངས། Nature and types of Business services – Banking, Insurance, Transportation, Ware housing, Communication
  • དངུལ་ཁང་གི་རྣམ་གྲངས། ཚོང་ལས་དངུལ་ཁང་གི་བྱེད་ལས། དྲ་ལམ་བརྒྱུད་དངུལ་ཁང་ལས་གཉེར་བྱེད་སྟངས། Banking – types of Banks, Functions of Commercial banks, E- banking
  • ཉེན་སྲུང་འགན་ལེན་གྱི་རྩ་འཛིན་དང་རྣམ་དབྱེ། Insurance – principles, types: life, fire and marine
  • དོས་ཁང་གི་རྣམ་དབྱེ་དང་བྱེད་ལས། Warehousing: types and functions
  • སྦྲག་ཏར་ཁང་སོགས་ཀྱི་ཞབས་ཞུ། Postal and Telecom services

 

༥༽ གསར་དུ་དར་བའི་ཚོང་ལས་གཉེར་ཐབས། Emerging Modes of Business

  • དྲ་ཐོག་ཚོང་ལས་གཉེར་བའི་ཁྱབ་ཚད་དང་ཁེ་ཕན། དགོས་ངེས་ཀྱི་ཐོན་ཁུངས། དྲ་ཐོག་ཚོང་ལས་གཉེར་སྟངས་དང་། རིན་འབབ་སྤྲོད་ལེན་བྱེད་ཐབས། ཚོང་ལས་བདེ་འཇགས། Scope and benefits, Resources required for successful, e-business implementation, On-line transactions, payment mechanism, security and safety of business transactions
  • ཚོང་ལས་ཕྱིར་གཏོང་བྱེད་པའི་གོ་དོན་དང་། དགོས་མཁོ། ཁྱབ་ཚད། Outsourcing- concept, need and scope.

 

༦༽ ཚོང་ལས་དང་འབྲེལ་བའི་སྤྱི་ཚོགས་ཀྱི་འགན་འཁྲི་དང་ཀུན་སྤྱོད་ཀྱི་རྣམ་གཞག།

  • སྤྱི་ཚོགས་འགན་འཁྲིའི་གོ་དོན། Concept of social responsibility
  • སྤྱི་ཚོགས་འགན་འཁྲིའི་གནད་དོན། Case for social responsibility
  • ཚོས་ལས་བདག་པོ་དང་། མ་འཇོག་གནང་མཁན། ལས་མི། འཛད་སྤྱོད་པ། གཞུང། སྤྱི་ཚོགས་བཅས་ལ་ཕྱོགས་པའི་འགན་འཁྲི། Responsibility towards owners, investors, employees, consumers, government and community
  • ཁོར་ཡུག་སྲུང་སྐྱོབ་དང་ཚོང་ལས། Environmental protection and business
  • ཚོང་ལས་གཉེར་བར་བཟང་སྤྱོད་ཀྱི་དང་གྲུབ་ཆ། Business ethics: concept and elements

 

གཉིས་པ། གོ་སྒྲིག མ་དངུལ། ཚོང་། Organisation, Finance and Trade

༧༽ ཀམ་པ་ནིའི་སྒྲོམ་གཞི། Formation of a Company

ཀམ་པ་ནི་འཛུགས་པའི་བརྒྱུད་རིམ། སྐུལ་སློང་། མཉམ་སྡེབ། ཚོང་གཉེར་འགོ་འཛུགས། Stages in the formation of a company: Promotion, Incorporation, and Commencement of business

༨༽ ཚོང་ལས་མ་དངུལ་གྱིི་ཡོང་ཁུངས། Sources of Business Finance

  • ཚོང་ལས་མ་དངུལ་གྱི་ངོ་བོ་དང་གལ་ཆེའི་རང་བཞིན། Nature and significance of business finance
  • ཚོང་བདག་གི་མ་དངུལ་དང་གཡར་དངུལ། Owner’s funds and borrowed funds
  • མ་དངུལ་བསྡུ་རུབ་བྱ་ཁུངས་ཁག Sources of raising Finance

 

༩༽ ཚོང་ལས་ཆུང་ངུའི་རིགས། Small Business

  • གྲོང་གསེབ་ལ་བཙུགས་པའི་བཟོ་གྲྭ་ཆུང་ངུའི་རིགས། Small Scale Industry: Tiny Sector; cottage and rural industry
  • རྒྱ་གར་གྲོང་གསེབ་དུ་གཉེར་བའི་ཚོང་ལས་ཆུང་ངུའི་རིགས་ཀྱི་བྱེད་ལས། Role of small business in rural India
  • རྒྱ་གར་ནང་ཚོང་ལས་ཆུང་ངུའི་རིགས་ལ་འཕྲད་པའི་དཀའ་ངལ། Problems of small business in India
  • གྲོོང་གསེབ་དང་། མཐའ་འཁོབ། རི་ཁུལ་བཅས་སུ་གཉེར་བའི་བཟོ་གྲྭ་ལ་དམིགས་བསལ་ལྟ་སྐྱོང་དང་ སྲིད་གཞུང་གི་རོགས་རམ། Government Assistance and Special Schemes for Industries in rural, backward and hilly areas

 

༡༠༽ རྒྱལ་ནང་གི་ཚོང་། Internal Trade

  • སྡེབ་ཚོང་དང་། སིལ་ཚོང། Wholesale and retail trade
  • སྡེབ་ཚོང་རྒྱག་མཁན་དང་སིལ་ཚོང་རྒྱག་མཁན་གྱི་ཞབས་ཞུའི་ལས་རིགས། Services of a wholesaler and a retailer
  • སིལ་ཚོང་གི་དབྱེ་བ། Types of Retail Trade
  • ཁྲོམ་ས་ངེས་མེད་དུ་སིལ་ཚོང་རྒྱག་མཁན་དང་གཏན་འཇགས་ཚོང་ཁང་དུ་སིལ་ཚོང་རྒྱག་མཁན། Itinerant retailers and fixed shops
  • སྡེ་ཚན་ཚོང་ཁང་དང་། སྣ་འདུས་ཁྲོམ་ར། དགུ་ཚིགས་ཚོང་ཁང་། བཟོ་ཚོང་ཁང། སྦྲག་ཐོག་ཉོ་ཚོང། མཛད་སྤྱོད་མཁན་དང་མཉམ་གཉེར་བྱེད་པའི་ཚོང་ཁང། Departmental store, super market, malls, chain store, mail order business, consumer’s cooperative store
  • རང་འགུལ་འཕྲུལ་ཆས་སྤྱོད་པའི་ཉོ་ཚོང་། Automatic Vending Machine
  • རྒྱལ་ནང་ཚོང་ལས་ཡར་སྐུལ་བྱེད་པའི་ཚོང་ལས་དང་བཟོ་ལས་ལྷན་ཚོགས་ཀྱི་བྱེད་ལས། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་བྱེད་ལས། Role of Chamber of Commerce and Industry in promotion of internal trade

 

༡༡༽ རྒྱལ་སྤྱིའི་ཚོང་། International Business

  • རྒྱལ་སྤྱིའི་ཚོང་ལས་ཀྱི་ངོ་བོ་དང་། དེའི་གལ་ཆེན་དང་རྙོག་འཛིང་རང་བཞིན། Nature, Importance and complexities involved in International Business
  • རྒྱལ་སྤྱིའི་ཚོང་ལས་ནང་ཞུགས་སྟངས། ཕྱིར་ཚོང་དང་ནང་འདྲེན་གྱི་བརྒྱུད་རིམ་དང་ཡིག་ཆ། རྒྱལ་ཕྱིའི་ཚོང་ལས་མཐོར་འདེགས། WTO དང་ UNCTAD, འཛམ་གླིང་དངུལ་ཁང་། IMF སོགས་རྒྱལ་སྤྱིའི་ཚོང་ལས་སྡེ་ཁག་དང་གྲོས་ཆོད། Ways of entering into international Business. Export-Import Procedures and documentation. Foreign Trade Promotion. Organizational support and incentives; Trade Institutions and Agreement: WTO, UNCTAD, World Bank, IMF

འཛིན་རིམ་བཅུ་གཉིས།

ཚོང་རིག

དང་པོ། དོ་དམ་གྱི་རྣམ་གཞག་དང་བྱེད་ལས། Principles and Functions of Management

༡) དོ་དམ་གྱི་ཁྱད་ཆོས་དང་གལ་ཆེའི་རང་བཞིན། Nature and significance of Management

  • དོ་དམ་གྱི་གོ་དོན་དང་། དམིགས་ཡུལ། གལ་གནད། Management – concept, objectives, importance
  • ཚན་རིག་དང་། སྒྱུ་རྩལ། ཆེད་ལས་བཅས་ཀྱི་རང་བཞིན་ལྡན་པའི་དོ་དམ། Management as Science, Art, Profession
  • དོ་དམ་གྱི་ཚད་རིམ། Levels of management
  • འཆར་འགོད་བྱེད་སྟངས་དང། གོ་སྒྲིག་བྱེད་སྟངས། ལས་བྱེད་པ་བཀོལ་སྟངས། ལམ་སྟོན་བྱེད་སྟངས། སྟངས་འཛིན་བྱེད་སྟངས་བཅས་དོ་དམ་གྱི་བྱེད་ལས་ཁག Management functions – planning, organizing, staffing, directing and controlling
  • མཉམ་ལས་བྱེད་སྟངས་ཀྱི་ཁྱད་ཆོས་དང་གལ་གནད། Coordination – characteristics and importance

 

༢) དོ་དམ་གྱི་རྣམ་གཞག Principles of Management

  • དོ་དམ་གྱི་རྣམ་གཞག་ལ། གོ་དོན་དང་། ངོ་བོ། གལ་གནད། Principles of Management – concept, nature and significance
  • ཧྥ་ཡལ་ལུགས་ཀྱི་དོ་དམ་རྣམ་གཞག Fayol’s principles of management
    ཊེ་ལར་ལུགས་ཀྱི་ཚན་རིག་དང་མཐུན་པའི་དོ་དམ་རྣམ་གཞག Taylor’s Scientific Management – principles and techniques

 

༣) དོ་དམ་དང་ཚོང་ལས་ཀྱི་ཁོར་ཡུག Management and Business Environment

  • ཚོང་ལས་ཁོར་ཡུག་གི་གལ་ཆེའི་རང་བཞིན། Business Environment – importance
  • དཔལ་འབྱོར་དང་། སྤྱི་ཚོགས། ཚན་རིག་ལག་རྩལ། ཆབ་སྲིད། ཁྲིམས་ལུགས་སོགས་ཚོང་ལས་ཁོར་ཡུག་གི་གྲུབ་ཆ་ཁག Dimensions of Business Environment – Economic, Social, Technological, Political and Legal
  • རྒྱ་གར་ནང་གི་དཔལ་འབྱོར་ཁོར་ཡུག སྲིད་གཞུང་གི་སྲིད་ཇུས་འགྱུར་བ་ལས་ཚོས་ལས་ལ་ཐེབས་པའི་ཤུགས་རྐྱེན། བོད་ཀྱི་དཔལ་འབྱོར་ཁོར་ཡུག་དང་དེར་
  • སྲིད་ཇུས་ཀྱི་ཤུགས་རྐྱེན་ཐེབས་སྟངས། དེ་བཞིན་དང་བླངས་དཔྱ་ཁྲལ་སྐོར། Economic Environment in India; Impact of Government policy changes on business and industry, Economic Environment of Tibet; Impact of Government policy, Green-book

 

༤) འཆར་འགོད། Planning

  • འཆར་འགོད་ཀྱི་གོ་དོན་དང་། ཁྱད་ཆོས། གལ་གནད། ཞན་ཆ། Concept, features, importance, limitations
    འཆར་འགོད་ཀྱི་བརྒྱུད་རིམ། Planning process
  • འཆར་གཞིའི་གནང་གསེས་ཁག་ནི། དམིགས་ཡུལ། ཇུས་གཞི། སྲིད་ཇུས། བརྒྱུད་རིམ། ཐབས་ལམ། སྒྲིག་གཞི། སྔོན་རྩིས། ལས་འཆར། Types of Plans – Objectives, Strategy, Policy, Procedure, Method, Rule, Budget, Programme.

 

༥) གོ་སྒྲིག Organising

  • གོ་སྒྲིག་གི་གོ་དོན་དང་གལ་གནད། Concept and importance
  • གོ་སྒྲིག་བྱེད་སྟངས་ཀྱི་རིམ་པ། Steps in the process of organising
  • ཚོགས་པའི་སྒྲོམ་གཞི། Structure of Organization
  • སྒྲིག་གཞི་ངེས་ཅན་གྱི་ཚོགས་པ་དང་སྒྲིག་གཞི་ངེས་མེད་ཀྱི་ཚོགས་པ། Formal and informal organization
  • འགན་དབང་སྤྲོད་ལེན་གྱི་གོ་དོན་དང་། གྲུབ་ཆ། གལ་གནད། Delegation: concept, elements and importance
  • འགན་དབང་ཆ་བགོས་ཀྱི་གོ་དོན་དང་གལ་གནད། Decentralization: concept and importance

 

༦) ལས་བྱེད་བཀོལ་སྟངས། Staffing

  • ལས་བྱེད་བཀོལ་སྟངས་ཀྱི་གོ་དོན་དང་གལ་གནད། Concept and importance of staffing
  • ལས་བྱེད་བཀོལ་སྟངས་དེ་མིའི་ཐོན་ཁུངས་དོ་དམ་གྱི་ཆ་ཤས་ཤིག་ཏུ་འཛིན་པ། Staffing as a part of Human Resource Management
  • ལས་བྱེད་བཀོལ་སྟངས་ཀྱི་བརྒྱུད་རིམ། Staffing process
  • ལས་བྱེད་བསྡུ་བའི་གོ་དོན་དང་ཡོང་ཁུངས། Recruitment – meaning and sources
  • ལས་བྱེད་བསྡུ་སྟངས་ཀྱི་བརྒྱུད་རིམ། Selection – process
  • ལས་བྱེད་ལ་སྦྱོང་བརྡར་སྤྲོད་པ་དང་ཡར་རྒྱས་གཏོང་བའི་གོ་དོན་དང་གལ་གནད། དེ་བཞིན་སྦྱོང་བརྡར་སྤྲོད་པའི་ཐབས་ལམ། Training and Development – Concept and importance. Methods of training

 

༧) ལམ་སྟོན། Directing

  • ལམ་སྟོན་གྱི་གོ་དོན་དང་གལ་གནད། Concept and importance
  • ལམ་སྟོན་གྱི་གྲུབ་ཆ། Elements of Directing
  • སྤྱིའི་བཀོད་འདོམས་དང་ལྟ་རྟོག་གི་གོ་དོན་དང་བྱེད་ལས། Supervision – concept and role
  • ཀུན་སློང་གི་གོ་དོན་དང་། མཱ་ས་ལོ་ལུགས་ཀྱིས་བསྟན་པའི་དངུལ་དང་དངུལ་མིན་པའི་དགོས་མཁོའི་རིམ་པ། Motivation – concept, Maslow’s hierarchy of needs; Financial and non-financial incentives
  • འགོ་ཁྲིད་ཀྱི་གོ་དོན་དང་། འགོ་ཁྲིད་ཚད་ལྡན་ཞིག་ལ་ཚང་དགོས་པའི་ཡོན་ཏན། Leadership – concept ; qualities of a good leader
  • འབྲེལ་ལམ་གྱི་གོ་དོན། སྒྲིག་གཞི་ངེས་ཅན་ལྡན་པའི་འབྲེལ་ལམ་དང་སྒྲིག་གཞི་ངེས་མེད་ཀྱི་འབྲེལ་ལམ། འབྲེལ་ལམ་ནུས་ལྡན་ཡོང་བའི་འགལ་རྐྱེན་ཁག Communication – concept , formal and informal communication; barriers to effective communication

 

༨) སྟངས་འཛིན། Controlling

  • སྟངས་འཛིན་གྱི་གོ་དོན་དང་གལ་གནད། Concept and importance
  • འཆར་འགོད་དང་སྟངས་འཛིན་གྱི་འབྲེལ་བ། Relationship between planning and controlling
  • སྟངས་འཛིན་བྱེད་པའི་བརྒྱུད་རིམ། Steps in the process of control
  • དངུལ་རྩིས་སོགས་སྟངས་འཛིན་བྱེད་ཐབས། Techniques of controlling : budgetary control

གཉིས་པ། ཚོང་ལས་མ་དངུལ་དང་ཁྲོམ་རར་འགྲེམས་ཚོང་། Business Finance and Marketing

༩) མ་དངུལ་དོ་དམ། Financial Management

  • མ་དངུལ་དོ་དམ་གྱི་གོ་དོན་དང་། གལ་གནད། དམིགས་ཡུལ། Concept, importance, objectives of financial management
  • དངུལ་རྩིས་ཐག་གཅོད་དང་འབྲེལ་བའི་རྒྱུ་རྐྱེན་ཁག Financial decisions : factors affecting
  • དངུལ་རྩིས་འཆར་འགོད་ཀྱི་གོ་དོན་དང་གལ་གནད། Financial planning – concept and importance
  • མ་རྩའི་སྒྲོམ་གཞིའི་གོ་དོན་དང་རྒྱུ་རྐྱེན་ཁག Capital Structure – concept and factors affecting
  • གཏན་འཇགས་དང་འཁོར་རྒྱུག་མ་རྩའི་གོ་དོན་དང་དེར་དགོས་ངེས་ཀྱི་རྒྱུ་རྐྱེན། Fixed and Working Capital – concept and factors affecting its requirements

 

༡༠) མ་དངུལ་གྱི་ཁྲོམ་ར། Financial Markets

  • མ་དངུལ་གྱི་ཁྲོམ་རའི་གོ་དོན། Concept of Financial Market:
  • མ་རྩའི་ཁྲོམ་ར་དང་དེའི་དབྱེ་བ། Capital market and types
  • རྒྱུ་ཆ་ཉོ་ཚོང་གི་བྱེད་ལས་དང་བརྒྱུད་རིམ། Stock Exchange – functions, Trading Procedure
  • རྒྱ་གར་གྱི་འགན་ལེན་དང་བརྗེ་ཚོང་གི་བྱེད་ལས་དང་དམིགས་ཡུལ། Securities and Exchange Board of India (SEBI) – Objectives and Functions

 

༡༡) ཁྲོམ་རར་འགྲེམས་ཚོང་གི་དོ་དམ་རྣམ་གཞག Marketing Management

  • ཁྲོམ་རར་འགྲེམས་ཚོང་གི་གོ་དོན་དང་བྱེད་ལས། Marketing – meaning, functions and role
  • ཁྲོམ་རར་འགྲེམས་ཚོང་དོ་དམ་བྱེད་ཕྱོགས་ཀྱི་ལྟ་གྲུབ། Marketing management philosophies
  • ཁྲོམ་རར་འགྲེམས་ཚོང་གི་གྲུབ་ཆ། Marketing mix – elements
  • ཐོན་རྫས་ཀྱི་ངོ་བོ་དང་། དབྱེ་བ། ཚོང་རྟགས། ཚོང་བྱང་། ཐུམ་བུ། Product – nature, classification, branding, labeling and packaging
  • གོང་ཚད་གཏན་འབེབས་ཀྱི་རྒྱུ་རྐྱེན། Price – Factors determining fixation of price
  • འགྲེམས་སྤེལ་བྱེད་པའི་གྲུབ་ཆ་དང་། བརྒྱུད་ལམ། དེའི་དབྱེ་བ་དང་། བྱེད་ལས། བརྒྱུད་ལམ་གྱི་གདམ་ག Physical distribution: Elements; Channels of distribution : types, function, choice of channels
  • ཚོང་སྐུལ་བྱེད་པའི་གྲུབ་ཆ། ཁྱབ་བསྒྲགས་ཀྱི་བྱེད་ལས་དང་། ཞན་ཆ། Promotion -Elements of promotion mix; Advertising – role, limitations, objections against advertising
  • སྒེར་ཚོང་གི་གོ་དོན་དང་གལ་གནད། Personal selling – concept, importance
  • ཚོང་སྐུལ་བྱེད་པའི་དགེ་སྐྱོན་དང་ཐབས་ལམ། Sales promotion – merits, limitations, methods
  • ཡོངས་བསྒྲགས་ཀྱི་གོ་དོན་དང་བྱེད་ལས། Publicity – concept and role

༡༢) འཛད་སྤྱོད་པའི་ཁེ་ཕན་སྲུང་སྐྱོབ། Consumer Protection

  • འཛད་སྤྱོད་པའི་ཁེ་ཕན་སྲུང་སྐྱོབ་བྱེད་པའི་གལ་གནད། Importance of consumer protection
  • འཛད་སྤྱོད་པའི་ཐོབ་ཐང་། Consumer rights
  • འཛད་སྤྱོད་པའི་འགན་ཁུར། Consumer responsibilities
  • འཛད་སྤྱོད་པའི་ཐོབ་དབང་ལ་སྲུང་སྐྱོབ་བྱེད་ཐབས། (འཛད་སྤྱོད་པར་གོ་རྟོགས་སྤེལ་བ་དང་། འཛད་སྤྱོད་པར་སྲུང་སྐྱོབ་བྱེད་པའི་ཁྲིམས་དོན་གཞིར་བཟུང་ཁྲིམས་སྲོལ་ལ་བསྐྱར་ཞིབ་བྱེད་པ།) Ways and means of consumer protection – Consumer awareness and legal redressal with reference to Consumer Protection Act.
    འཛད་སྤྱོད་པའི་ཚོགས་པ་ཁག་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་བྱེད་ལས། Role of consumer organizations and NGOs