ཕྱི་ལོ་ ༢༠༡༩ ལོའི་སྲིད་སྐྱོང་ཆེད་ལས་སློབ་ཡོན་གསལ་བསྒྲགས།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཨ་རི་བོད་ཀྱི་ཐེབས་རྩ་དང་ཟུང་འབྲེལ་ཐོག་སྲིད་སྐྱོང་ཆེད་ལས་སློབ་ཡོན་གསལ་བསྒྲགས་ཞུ་རྒྱུར། སློབ་ཡོན་འདི་བཞིན་ཤེས་རིག་ལས་ཁུངས་བརྒྱུད་ཨ་རི་བོད་ཀྱི་ཐེབས་རྩ་ནས་རྒྱ་བལ་འབྲུག་གསུམ་ནང་གི་བོད་རིགས་སློབ་མ་རྩེ་ཕུད་བཞི་ལ་རྒྱ་གར་གྱི་མཐོ་སློབ་ལེགས་གྲས་ཁག་ནང་སྨན་དང་། ཁྲིམས། ཚོང་ལས་བཅས་ཀྱི་སློབ་ཚན་ཐོག་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་བྱ་རྒྱུའི་ཆེད་རོགས་སྐྱོར་གནང་རྒྱུ་ཡིན་པ་ལགས་ན། དེ་དོན་སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན་ཚང་རིགས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༣༡ ཕྱི་དྲོ་ཕྱག་ཚོད་ ༥ འགྱངས་མེད་གཤམ་གསལ་དྲྭ་ལམ་སྦྲེལ་ཐག་བརྒྱུད་འཚང་སྙན་ཕུལ་ཟིན་པ་དགོས།

དྲྭ་ཐག་འདི་བརྒྱུད་ནས་འཚང་སྙན་འབུལ་དགོས།

གཙུག་ལག་རབ་འབྱམས་པའི་སློབ་ཚན་ཁག

  1. MD (Doctor of Medicine), MDS (Master of Dental Surgery)
  2. LLM (Master of Law)
  3. MBA (Master of Business Administration)

སློབ་ཡོན་ཚད་གཞི།

ཀ སློབ་ཡོན་དོད། སློབ་ཡོན་དོད་འབིལ་འཛིན་གཞིར་བཟུང་མང་མཐར་ཧིན་སྒོར་ ༢༠༠,༠༠༠། (འབུམ་གཉིས་) བར་ཕྱིར་སློག་བྱ་རྒྱུ་ཡིན་ཞིང། བསྡུ་ཆའི་འབབ་དང་ཞལ་འདེབས་སོགས་ཀྱི་དངུལ་འབོར་ཕྱིར་སློག་བྱ་རྒྱུ་མིན།
ཁ། སློབ་ཡོན་མིན་པའི་འགྲོ་གྲོན་གཞན། འཚོ་དོད་ཆེད་ལོ་རེར་ཧིན་སྒོར་ ༥༠,༠༠༠། (ཁྲི་ལྔ་) གནང་རྒྱུ།

སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན་དང་དགོས་ཁོའི་ཡིག་ཆ་ཁག་གཤམ་གསལ།

  1. འཚང་སྙན་འབུལ་མི་རྣམས་བཙན་བྱོལ་བོད་མི་ཡིན་པ་གང་ཞིག་དོ་བདག་དང་ཕ་མའི་དྭང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༡༨ བར་གཙང་འབུལ་ཟིན་པ་དང་། རྒྱ་གར་དུ་གནས་སྡོད་བྱེད་མཁན་ཡིན་ན་སྐྱབས་བཅོལ་ལག་དེབ་དུས་འགྱངས་བཀའ་འཁྲོལ་ཡོད་པ་དགོས། དེའི་ཐད་ཞིབ་ཕྲའི་གནས་ཚུལ་ཁག་”འགེངས་ཤོག-ཀ”པའི་ནང་ཁ་གསལ་བཀང་སྟེ་རང་ཉིད་གནས་ཡུལ་གྱི་ས་གནས་འགོ་འཛིན་ནས་དག་མཆན་ཞུ་དགོས། (“འགེངས་ཤོག-ཀ”པ་འབུལ་དགོས།)
  2. འཚང་སྙན་འབུལ་མི་གང་ཞིག་ཉེ་བའི་གཙུག་ལག་རབ་འབྱམས་པའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་ཉུང་མཐར་བརྒྱ་ཆ་ ༦༠། ལོན་པ་ཞིག་དགོས། སློབ་ཐོན་གསར་པ་རྣམས་ལ་གདམ་ཀ་དང་པོ་འབུལ་རྒྱུ། (ཉེ་བའི་གཙུག་ལག་རབ་འབྱམས་པའི་ཨང་ཤོག་གི་ངོ་བཤུས་འབུལ་དགོས།)
  3. འཚང་སྙན་འབུལ་མི་གང་ཞིག་ཟུར་སྦྱར་ཐོ་གཞུང་གི་མཐོ་སློབ་ལེགས་གྲས་གང་རུང་ནང་སློབ་འཇུག་ཐོབ་པ་ཞིག་དགོས། གལ་ཏེ་ཟུར་སྦྱར་ཐོ་གཞུང་ནང་མེད་པའི་མཐོ་སློབ་ལེགས་གྲས་ཤིག་ནང་འཚུད་ཡོད་ཚེ་མཐོ་སློབ་དེའི་གནས་ཚུལ་ཞིབ་ཕྲ་སློབ་ཡོན་ཚན་པའི་གློག་འཕྲིན་ཁ་བྱང་ [email protected] ཐོག་ཐོངས་དགོས། (སློབ་འཇུག་ཟིན་པའི་ངོས་འབྱོར་ཡི་གེ་འབུལ་དགོས།)
  4. རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་མདོར་བསྡུས་ཤོག་ངོས་གཉིས་ལས་མ་མང་བ།
  5. རང་ཉིད་ཀྱི་སློབ་གཉེར་ཁང་ནས་སློབ་དཔོན་གཉིས་ཀྱི་ངོ་སྤྲོད་རྒྱབ་གཉེར་ཟུར་སྦྱར་འགེངས་ཤོག་ལྟར་འབུལ་དགོས་པ་བཅས། ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༩ ལ།།

འབྲེལ་གཏུག་ཞུ་ཡུལ།

བསོད་ནམས་བཟང་མོ། [email protected]
བློ་བཟང་དར་རྒྱས། [email protected]

Department of Education, CTA
Gangchen Kyishong, Dharamsala – 176 215
District Kangra, Himachal Pradesh, India
Phone: +91.01892.226695, 222572, 222721
Website: www.sherig.org, www.lamton.org

གསལ་བསྒྲགས་དངོས་གཤམ་དུ་གསལ།

Download (PDF, 130KB)