སྨྱུག་གསར་འདོན་ཐེངས་བཅུ་གཉིས་པ།

རྩོམ་ཡིག་འགྲན་བསྡུར་ངོ་སྤྲོད།   

༡།    རྩོམ་ཡིག་འགྲན་བསྡུར་གྱི་དམིགས་ཡུལ།
    གཏན་ཉིན་སློབ་གྲྭ་ཁག་གི་བོད་ཡིག་ཁྲིད་སྦྱོང་ལ་སྐུལ་འདེད་དང་མཇུག་གནོན་བྱ་ སླད། ཕྱི་ལོ་༡༩༩༦ ལོ་ནས་བཟུང་ཤེས་རིག་ལས་ཁུངས་ནས་ལོ་རེར་འཛིན་རིམ་དྲུག་པ་ཡན་འདབས་སུ་རྒྱལ་ ཡོངས་རྩོམ་ཡིག་འགྲན་བསྡུར་གྱི་ལས་རིམ་སྤེལ་མུས་ལགས་ཤིང༌། རྩོམ་ཡིག་འགྲན་བསྡུར་དེ་ནི་སློབ་གྲྭ་དང་སློབ་ཕྲུག་བྱེ་བྲག་པའི་གྲུབ་འབྲས་ གཟེངས་བསྟོད་གནང་རྒྱུ་ཙམ་མ་ཡིན་པར། གཏན་ཉིན་སློབ་གྲྭ་ཁག་གི་བོད་ཡིག་གནས་ཚད་ལ་གདེང་འཇོག་དང་དཔྱད་ཞིབ་ཀྱི་གཞི་ རྩར་འགྱུར་ཆེད་དང༌། འབྲེལ་ཡོད་དགེ་རྒན་རྣམས་ལ་སློབ་མའི་རྩོམ་འབྲིའི་གནས་ཚད་དང་ཁ་ཕྱོགས། རྩོམ་འབྲིའི་སློབ་ཁྲིད་ལ་ལམ་སྟོན་དང་དཔྱད་ཞིབ་ཀྱི་རིན་ཐང་མཁོ་སྤྲོད། སློབ་མ་རྣམས་ལ་དུས་རྒྱུན་རྩོམ་འབྲིའི་ནུས་རྩལ་ལ་སྦྱོང་བརྡར་གྱི་དཔྱད་གཞིར་ འགྱུར་བ་བཅས་ཀྱི་ཕན་ནུས་འདོན་སྤེལ་ཡོང་བའི་དམིགས་ཡུལ་བཟུང་ཡོད།

༢།    རྩོམ་འགྲན་གྱི་བརྒྱུད་རིམ།
    རྩོམ་ཡིག་འགྲན་བསྡུར་བྱེད་སྟངས་ནི།
ཀ)    ཐོག་མར་འཛིན་རིམ་སོ་སོའི་ཁྲོད་སྔོན་འགྲོའི་རྩོམ་ཡིག་འགྲན་བསྡུར་སྤེལ་ཏེ་རྩེ་ཕུད་སློབ་མ་རེ་རེ་འདེམས་དགོས།
ཁ)    ཤེས་ལས་ནས་རྩོམ་འགྲན་གྱི་དུས་ཚེས་དང༌། རྩོམ་ཡིག་གི་ཁ་བྱང་བཅས་སློབ་ཁོངས་སོ་སོར་གཏོང་རྒྱུ།
ག)    གཏན་འབེབས་དུས་ཚེས་སུ། སློབ་ཁག་སོ་སོས་འབྲེལ་ཡོད་བོད་དགེ་དང་ས་གནས་འགོ་འཛིན་ལས་ཁང་གི་འཐུས་མི། དགེ་རྒན་ཕ་མའི་འཐུས་ཚོགས་ཀྱི་འཐུས་མི་གཉིས་བཅས་ཀྱི་གཟིགས་རྟོག་འོག་འགྲན་ བསྡུར་སྤེལ་རྒྱུ།
ང)    འགྲན་བསྡུར་དངོས་གཞི་མ་སྤེལ་གོང་གི་དུས་ཡུན་སྐར་མ་༡༥ སྔོན་དུ་ཤེས་ལས་ཀྱིས་བཏང་བའི་རྩོམ་ཡིག་ཁ་བྱང་གི་ཁ་ཕྱེ་དགོས།
ཅ)    འགྲན་བསྡུར་མཇུག་གྲིལ་མ་ཐག་ཏུ་སློབ་མ་རེ་རེའི་རྩོམ་ཡིག་ཐོག་གཟིགས་རྟོག་ ཚོགས་ཆུང་གི་རྟགས་ཐམ་འཁོད་དེ་ཉིན་དེ་རང་ལ་ཤེས་ལས་སུ་སྦྲག་གཏོང་བྱ་དགོས།

༣།    རྩོམ་འགྲན་ལ་གདེང་ཞིབ་བྱེད་ཐབས།
    ཟླ་དུས་རྒྱས་བཅད་ནང་ཚུད་འབྱོར་བའི་རྩོམ་ཡིག་རྣམས་ལ་གདེང་ཞིབ་བྱ་སླད། ཤེས་ལས་ནས་རྩོམ་ཡིག་གདེང་ཞིབ་ཚོགས་ཆུང་ཞིག་ཆེད་འཛུགས་གནང་བ་བརྒྱུད། འཛིན་རིམ་སོ་སོའི་ཨང་རིམ་རྩེ་ཕུད་གསུམ་རེ་འདེམས་སྒྲུག་གིས་བྱ་དགའ་གནང་རྒྱུ་ དང་ཆབས་ཅིག ཕུལ་བྱུང་རྩོམ་ཡིག་རྣམས་ལ་དཔྱད་མཆན་གནད་བསྡུས་རེ་དང་བཅས་སྨྱུག་གསར་ཞེས་པའི་ ལོ་རེའི་དུས་དེབ་ནང་ཕྱོགས་བསྒྲིགས་ཀྱིས་གཏན་ཉིན་སློབ་གྲྭ་ཡོངས་སུ་རིན་མེད་ འགྲེམས་སྤེལ་བྱེད་བཞིན་ཡོད།

རྩོམ་སྒྲིག་པའི་གཏམ།
སྡེ་ཚན་དང་པོ།  (འཛིན་གྲྭ་དྲུག་པ)
སྡེ་ཚན་གཉིས་པ།   (འཛིན་གྲྭ་བདུན་པ)
སྡེ་ཚན་གསུམ་པ།   (འཛིན་གྲྭ་བརྒྱད་པ)
སྡེ་ཚན་བཞི་པ།   (འཛིན་གྲྭ་དགུ་པ)
སྡེ་ཚན་ལྔ་པ།   (འཛིན་གྲྭ་བཅུ་པ)
སྡེ་ཚན་དྲུག་པ།   (འཛིན་གྲྭ་བཅུ་གཅིག་པ)
སྡེ་ཚན་བདུན་པ།   (འཛིན་གྲྭ་བཅུ་གཉིས་པ)

བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་བོད་ཡིག་ཡིག་གཟུགས་འགྲན་སྡུར་ནང་བྱ་དགའ་ཐོབ་པའི་ཡིག་གཟུགས་བདམས་བཀོད།

(༢༠༠༧)

གླེང་བརྗོད།

    རང་རེའི་མེས་པོ་དམ་པའི་སྔར་སྲོལ་ཕྱག་རྒྱུན་བཟང་པོའི་ཡིག་གཟུགས་རྣམས་མི་ཉམས་རྒྱུན་འཛིན་སླད། འདི་ག་ཤེས་རིག་ལས་ཁུངས་ཀྱིས་གཏན་ཉིན་སློབ་གྲྭ་ཁག་ཏུ་༢༠༠༧ ལོ་ནས་ཡིག་གཟུགས་འགྲན་སྡུར་གྱི་ལས་འགུལ་ཞིག་སྤེལ་འགོ་བཙུགས། འགྲན་སྡུར་དེ་ཡང་སྡེ་ཚན་དྲུག་ཏུ་བགོས་ཏེ། སྡེ་ཚན་རེ་ལ་འཛིན་གྲྭ་གཉིས་རེ་དང༌། སྡེ་ཚན་རེ་ལས་སློབ་ཕྲུག་རྩེ་ཕུད་གསུམ་དང་ལེགས་གསོལ་གྱི་བྱ་དགའ་ལྔ་བཅས་བརྒྱད་རེ་བདམས་ཡོད་ལ། རྩེ་ཕུད་རྣམས་ཀྱི་ཡིག་གཟུགས་རྣམས་འདིར་བདམས་བཀོད་བྱས་ཡོད།
    ཡིག་གཟུགས་རྣམས་ཇུས་འགོད་བདེ་ཆེད་བཅད་གཏུབས་ཀྱི་ཡིག་ཕྲེང་བཟོས་ཡོད་ལ། ཡིག་གཟུགས་རྣམས་སློབ་མ་རང་ཉིད་ཀྱི་ཡིག་རིས་དངོས་ཡིན་པ་ལས་ང་ཚོས་བཟོ་བཅོས་བྱས་མེད་པ་དགོངས་འཇགས་མཛོད།
    མ་འོངས་པར་ལས་འགུལ་འདི་མུ་མཐུད་དེ་སྤེལ་རྒྱུ་ཡིན་ན། ལས་དོན་འདི་ཚགས་ཚུད་དང་ཡར་རྒྱས་ཡོང་བར་ཁྱེད་ཅག་གིས་འབད་བརྩོན་དང་རྒྱབ་སྐྱོར་མེད་ཐབས་བྲལ་བས། འབྲེལ་ཡོད་ཀྱི་དགེ་རྒན་དང་སློབ་ཕྲུག་རྣམས་ཀྱིས་ཆར་པ་ཆུ་གྲོགས་ཀྱི་དཔེ་ལྟར་གཞོགས་འདེགས་དང་དོ་སྣང་ཤུགས་ཆེར་སྤྲོད་པའི་རེ་སྐུལ་དང་བཅས་༢༠༠༨ ལོའི་ཟླ་༧ ཚེས་༢༣ ཉིན།

ཕྱི་ལོ་༢༠༠༧ ལོའི་རྒྱལ་ཡོངས་ཡིག་གཟུགས་འགྲན་སྡུར་ནང་བྱ་དགའ་ཐོབ་པའི་ཡིག་གཟུགས།

རྩོམ་སྒྲིག་པ། དགེ་འདུན་དོན་ཡོད།
རྒྱབ་ཤོག་ཇུས་འགོད་པ། ཚེ་བརྟན།

མདུན་ཤོག