ཤེས་རིག་འདོན་ཐེངས་དྲུག་པ།

[toc]

ཁ་ཤོག་གི་འགྲེལ་བཤད།

འདིར་འགྲེལ་བཤད་མེད།

རྒྱབ་ཤོག་ཇུས་འགོད་པ། ཚེ་བརྟན།

དགོས་དམིགས་དང་གསལ་འདེབས།

  • དུས་དེབ་འདིའི་དམིགས་ཡུལ་ནི། བོད་མིའི་སྤྱི་ཚོགས་སྤྱི་དང་སྒོས་སུ་སློབ་གྲྭ་ཁག་གི་དགེ་རྒན་ཚོའི་ཤེས་ཡོན་དང་རིག་གཞུང་གི་གནས་ཚད་གོང་དུ་སྤེལ་རྒྱུ་དེ་ཡིན།
  • དུས་དེབ་འདི་ལོ་རེར་ཉུང་མཐར་ཐེངས་རེ་གདོན་རྒྱུ་ཡིན།
  • དུས་དེབ་འདིའི་ནང། ཤེས་ཡོན་དང། བོད་ཀྱི་སྐད་ཡིག་རིག་གཞུང་། ཡ་རབས་སྤྱོད་བཟང། སློབ་གྲྭའི་སློབ་ཚན་དང་འབྲེལ་ཡོད་ཁག སློབ་ཁྲིད་ཐབས་ལམ། ཚན་རིག་དང་ཨང་རྩིས། སྤྱི་ཚོགས་རིག་གནས་སོགས་དེང་དུས་ཤེས་བྱ་ཁག་བཅས་གཙོ་བོར་བཟུང་ནས་དགོད་རྒྱུ་ཡིན།
  • རྒྱ་ཆེའི་མཁས་པ་ཁག་དང། རྩོམ་པ་པོ། དགེ་རྒན། ཀློག་པ་པོ་བཅས་ནས་གོང་གསལ་ནང་དོན་ཅན་གྱི་རྩོམ་ཡིག་དང། ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་གནང་བར་དགའ་བསུ་ཞུ།
  • རྩོམ་ཡིག་གང་ཞིག་དུས་དེབ་ཐོག་བཀོད་རྗེས་ལེགས་གཟོའི་རྩོམ་ཡོན་འོས་འཚམས་ཤིག་འདི་གའི་གཏན་འབེབས་གཞི་བཟུང་འབུལ་རྒྱུ་ཡིན།
  • རྩོམ་སྒྲིག་པའམ་རྩོམ་པ་པོའི་མིང་འཁོད་རྩོམ་ཡིག་རྣམས་ལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ལྟ་བ་ཡིན་པས་མ་ཁྱབ།
  • རྩོམ་ཡིག་གང་ཞིག་དུས་དེབ་ཐོག་འགོད་མིན་གྱི་དབང་ཚད་ནི། དུས་དེབ་འདིའི་རྩོམ་སྒྲིག་པར་ཡོད།
  • འདི་གར་བསྐུར་འབྱོར་བྱུང་བའི་རྩོམ་ཡིག་རྣམས་དུས་དེབ་ཐོག་བཀོད་མིན་ལ་མ་ལྟོས་པར། རྩོམ་ཡིག་ཕྱིར་སློག་བྱ་རྒྱུ་མིན་ན། དོ་བདག་སོ་སོས་མ་ཕྱི་ཉར་ཚགས་གནང་དགོས།

ནང་དོན་གྱི་དཀར་ཆག

བོད་ཀྱི་སྐད་དང་ཡི་གེའི་མཐུན་སྦྱོར་སྐོར་ཅུང་ཟད་གླེང་བ།  ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།
སྟོན་པའི་ཆེད་དུ་བརྗོད་པའི་ཚོམས།
སྟོན་པ་ཚད་མའི་སྐྱེས་བུར་སྒྲུབ་ཚུལ་གྱི་རིགས་ལམ་སྐོར་ལ་དཔྱད་ཞིབ་ལམ་ཙམ་བྱས་པ།  ཨ་ཚོགས་བསྟན་འཛིན་འཇམ་དབྱངས།
བསྟན་རྒྱས་སྨོན་ལམ་གྱི་ཚིག་འགྲེལ་ཉུང་བསྡུས།  དགེ་བཤེས་བསྟན་འཛིན་ཕུན་ཚོགས།
གཞོན་ནུ་དྲུག་གི་རྟོགས་པ་བརྗོད་པའི་འགྲེལ་ཆུང་དོན་བསྡུས།(མུ་འགོད།) ལྷ་མོ་སྐྱབས།
ལེ་ཐོ་ལྟ་སྟངས་རྒྱས་པ་ཀུན་གསལ་མེ་ལོང་ཞེས་བྱ་བ།(མུ་འགོད།) ཨེ་པ་བསོད་ནམས་རིན་ཆེན།
སྙན་ངག་མེ་ལོང་མ་ལས་འདྲ་ཆེ་བའི་རྒྱན་རྣམས་ཀྱི་ཁྱད་པར་དྲི་བ་དྲིས་ལན། ཁ་སྒང་བསམ་གཏན་རྒྱ་མཚོ།
གནའ་སྲོལ་བོད་ཀྱི་ཕོ་རྩལ་སྣ་ཁ་དགུ།  བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག
སློབ་ཕྲུག་གི་ཤེས་སྤྱོད་དང་བོད་ཀྱི་སྐད་ཡིག་ཡར་རྒྱས་ཡོང་ཐབས་སྐོར་གྱི་བསམ་ཚུལ།  རྒྱལ་མཚན་ཆོས་གྲགས།
སི་པིང་སད་ཀྱི་སྤྲོ་སྣང་སློབ་གསོ།  བཀྲ་བཟང་གིས་བསྒྱུར།
བོད་རིགས་དང་ཐ་སྙད་བོད་ཀྱི་མཚན་ཉིད་སྐོར་རགས་ཙམ་བརྗོད་པ།  མགར་རྩེ་རིག་ལྡེ།

རྩོམ་སྒྲིག་པ། དགེ་འདུན་དོན་ཡོད།

མདུན་ཤོག