ཤེས་རིག་འདོན་ཐེངས་གཉིས་པ།

[toc]

ཁ་ཤོག་གི་འགྲེལ་བཤད།

ཚེ་རིང་དྲུག་སྐོར།

ཀུན་གཟིགས་པཎ་ཆེན་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མས་མཛད།

༄༅། །སྔོན་ཚེ་མ་ཧཱ་ཙི་ནའི་ཡུལ་གྲུ་འདིར། །དུས་གསུམ་སྲས་བཅས་རྒྱལ་བས་བྱིན་བརླབས་པས། །
མི་འགྱུར་མི་ཞིགས་ཁྱད་ཆོས་བདུན་ལྡན་པའི། །གཞོམ་བྲལ་རྡོ་རྗེའི་རང་བཞིན་བྲ༵ག་རི་བསྐྲུན། །
དེ་ཡི་ངོགས་ལས་འཆི་མེད་བདུད་རྩིའི་རྒྱུན། །ལྷུང་ལྷུང་རྒྱུན་མར་འབབ་པའི་བརླན་བཤེ༵ར་ལས། །
རོ་མཆོག་བརྒྱད་ལྡན་འབྲས་བུས་ཡོངས་དུད་པའི། །ཚེ་རིང་ལྗོན་ཤི༵ང་རྒྱས་ཤིང་དེ་ཡི་དྲུང། །
ཚེ་སྣང་དཔག་མེད་མགོན་གྱི་གཟི་བྱིན་སྟོབས། །སྙིང་ལ་ཞུགས་པ་བདེ་གསལ་མི་རྟོག་པའི། །
ཡེ་ཤེས་ཏིང་འཛིན་མངོན་གྱུར་དྲང༵་སྲོང་ཆེ། །ཚེ་རིང་གྲགས་སྙན་འབར་བ་དགྱེས་བཞིན་བཞུགས། །
དྲང་སྲོང་ཆེན་པོའི་ཆབ་གཏོར་རིལ་བུའི་ཚོགས། །ལོངས་སུ་སྤྱད་པས་རི༵་དྭགས་ཚེ་རིང་ཐོབ། །
ལྗོན་འབྲས་འཆི་མེད་བཏུང་བའི་རྒྱུན་བཟང་པོར། །འབད་མེད་སྤྱད་པས་ཚེ་རིང་འད༵བ་ཆགས་བྱུང། །
དེ་ལྟར་རྟེན་འབྲེལ་ཕུན་ཚོགས་མི་སླུའི་སྟོབས། །བདེན་པའི་མཐུ་ལས་དྲུག་ལྡན་ཚེ་རིང་གཟུགས། །
གང་དུ་མཆིས་འདིར་མི་ཤིས་རྒུད་པའི་ཚོགས། །སྤྱི་དང་ཁྱད་པར་དུས་མིན་འཆི་བ་ཡི། །
འཇིགས་པ་ཀུན་བཅོམ་བདེ་སྐྱིད་དཔལ་འབྱོར་སྟོབས། །ཚེ་དང་བསོད་ནམས་མཁོ་རྒུའི་ནོར་ལོངས་སྤྱོད། །
གོང་ནས་གོང་དུ་འཕེལ་ཞེས་དྲང་སྲོང་གི། །བདེན་ཚིག་དེ་བཞིན་གནས་འདིར་ལྷུན་གྲུབ་ཤོག །

(ཀུན་གཟིགས་པཎ་ཆེན་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་(༡༨༨༣-༡༩༣༧)ནི་དྭགས་པོ་ཀ་ཤར་ཡུལ་དུ་འཁྲུངས། ༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་དྲུང་ནས་སྔ་རྗེས་སུ་དགེ་ཚུལ་སློང་གི་སྡོམ་པ་བཞེས། ༡༩༠༢ ལོར་བཀྲས་ལྷུན་གྱི་ཁྲིར་ཕེབས་ཏེ་གསན་བསམ་ཚུལ་བཞིན་མཛད། ༡༩༠༤ ལོར་དབྱིན་ཇིས་གདན་ཞུས་ལྟར་རྒྱ་གར་དུ་ཕེབས། ༡༩༡༤ ལོར་བཀྲས་ལྷུན་དུ་གསེར་ཟངས་ལས་གྲུབ་པའི་བྱམས་སྐུ་ཁྲུ་བརྒྱད་ཅུ་གྱ་ལྔ་ཅན་བཞེངས། གཞུང་བླའི་འགལ་བའི་དབང་གིས་ ༡༩༢༣ ལོར་གཙང་ལྗོངས་ནས་ཕེབས་ཤིང། པེ་ཅིང་དང་ནང་སོག ཡུན་ནན། ནན་ཅིན། ཧང་ཀྲོའུ། མཚོ་སྔོན་སོགས་སུ་བཀའ་ཆོས་གནང་ཞིང་མཛད་འཕྲིན་བསྐྱངས། མཐར་སྐྱེ་དགུ་མདོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན།)

དགོས་དམིགས་དང་གསལ་འདེབས།

  • དུས་དེབ་འདིའི་དམིགས་ཡུལ་ནི། བོད་མིའི་སྤྱི་ཚོགས་སྤྱི་དང་སྒོས་སུ་སློབ་གྲྭ་ཁག་གི་དགེ་རྒན་ཚོའི་ཤེས་ཡོན་ དང་རིག་གཞུང་གི་གནས་ཚད་གོང་དུ་སྤེལ་རྒྱུ་དེ་ཡིན།
  • དུས་དེབ་འདི་ལོ་རེར་ཉུང་མཐར་ཐེངས་རེ་གདོན་རྒྱུ་ཡིན།
  • དུས་དེབ་འདིའི་ནང། ཤེས་ཡོན་དང། བོད་ཀྱི་སྐད་ཡིག་རིག་གཞུང་། ཡ་རབས་སྤྱོད་བཟང། སློབ་གྲྭའི་སློབ་ཚན་དང་འབྲེལ་ཡོད་ཁག སློབ་ཁྲིད་ཐབས་ལམ། ཚན་རིག་དང་ཨང་རྩིས། སྤྱི་ཚོགས་རིག་གནས་སོགས་དེང་དུས་ཤེས་བྱ་ཁག་བཅས་གཙོ་བོར་བཟུང་ནས་དགོད་རྒྱུ་ ཡིན།
  • རྒྱ་ཆེའི་མཁས་པ་ཁག་དང། རྩོམ་པ་པོ། དགེ་རྒན། ཀློག་པ་པོ་བཅས་ནས་གོང་གསལ་ནང་དོན་ཅན་གྱི་རྩོམ་ཡིག་དང། ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་གནང་བར་དགའ་བསུ་ཞུ།
  • རྩོམ་ཡིག་གང་ཞིག་དུས་དེབ་ཐོག་བཀོད་རྗེས་ལེགས་གཟོའི་རྩོམ་ཡོན་འོས་འཚམས་ཤིག་འདི་གའི་གཏན་འབེབས་གཞི་བཟུང་འབུལ་རྒྱུ་ཡིན།
  • རྩོམ་སྒྲིག་པའམ་རྩོམ་པ་པོའི་མིང་འཁོད་རྩོམ་ཡིག་རྣམས་ལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ལྟ་བ་ཡིན་པས་མ་ཁྱབ།
  • རྩོམ་ཡིག་གང་ཞིག་དུས་དེབ་ཐོག་འགོད་མིན་གྱི་དབང་ཚད་ནི། དུས་དེབ་འདིའི་རྩོམ་སྒྲིག་པར་ཡོད།
  • འདི་གར་བསྐུར་འབྱོར་བྱུང་བའི་རྩོམ་ཡིག་རྣམས་དུས་དེབ་ཐོག་བཀོད་མིན་ལ་མ་ ལྟོས་པར། རྩོམ་ཡིག་ཕྱིར་སློག་བྱ་རྒྱུ་མིན་ན། དོ་བདག་སོ་སོས་མ་ཕྱི་ཉར་ཚགས་གནང་དགོས།

དེབ་ཀྱི་དཀར་ཆག

ནང་ཆོས་བསླབ་གསུམ་འཁོར་ལོ།

སྟོན་པས་གསུངས་པའི་ཆེད་དུ་བརྗོད་པའི་ཚོམས་ཞེས་བྱ་བ་བཞུགས་སོ།།                  

ལམ་སྟོན་དུང་དཀར་གཡས་འཁྱིལ།

སློབ་གྲྭ་ཁག་ཏུ་རིགས་ལམ་དང་ནང་ཆོས་ཁྲིད་ཐབས།         མཁས་དབང་ཟམ་གདོང་རིན་པོ་ཆེ།  

འཆད་ཉན་གསེར་ཉའི་འཁྱུག་འགྲོས།

གཞོན་ནུ་དྲུག་གི་རྟོགས་པ་བརྗོད་པའི་འགྲེལ་ཆུང་དོན་བསྡུས།         ལྷ་མོ་སྐྱབས།         

རྟོག་དཔྱོད་པདྨོའི་དྲི་བསུང༌།

སྤྱི་ལོ་དང་ཕྱི་ལོའི་ཐ་སྙད་ལས་འཕྲོས་པའི་དཔྱད་ཡིག་ཡེ་ལོ་མངོན་གསལ། ཨེ་པ་བསོད་ནམས་རིན་ཆེན།

མཁས་གྲུབ་གསེར་གྱི་རྒྱལ་མཚན།

གངས་ལྗོངས་རིག་པའི་ཤིང་རྟ་ཐུ་མི་ཨ་ནུའི་མཛད་རྗེས་ཆེ་ལོང་ཙམ་བརྗོད་པ།  སྤྲོ་ཚིགས་ཆོས་གྲགས།       

སྣ་ཚོགས་ཤེས་བྱའི་བུམ་བཟང༌།

གཡུང་དྲུང་བོན་སྐོར་གྱི་རྒྱུན་ཤེས་འགའ་ཞིག     དགེ་བཤེས་སྨོན་ལམ་མཐར་ཕྱིན།
དག་པར་བྱེད་པའི་སྡེབ་སྦྱོར་རིན་ཆེན་རྒྱ་མཚོའི་སྔོན་གླེང་གི་འབྲུ་འགྲེལ། ཚེ་རིང་བསམ་གྲུབ།
ཡིག་གཟུགས་དཔེ་གསར་ཁག་ཅིག                 བློ་བཟང་ཉི་མ།   

རྩོམ་སྒྲིག་པ། ཆུང་ཚེ་རིང།

མདུན་ཤོག