བོད་ཀྱི་ལོ་རྒྱུས་སྟེང་གི་བུད་མེད་གྲགས་ཅན་གྱི་ལོ་རྒྱུས་མདོར་བསྡུས།།

ཆུ་སྐྱེས་སྒྲོལ་མས་བརྩམས།

པར་སྐྲུན་གསལ་བཤད།

ཕོ་མོ་འདྲ་མཉམ་གྱི་ལྟ་ཚུལ་ཤུགས་ཆེར་གླེང་བའི་དེང་གི་སྤྱི་ཚོགས་ལ་མཚོན་ན། བུད་མེད་ལ་ཉམས་ཞིབ་བྱ་རྒྱུ་དེའང་དུས་རབས་ཀྱི་དགོས་མཁོ་ཞིག་ཏུ་གྲུབ་ཕྱིར། ང་ཚོས་ཀྱང་བུད་མེད་ནི་གནམ་གྱི་ཕྱེད་ཀ་ཡིན་མིན་ཇི་ལྟར་ཡང། མི་གླེང་ཀ་མེད་དུ་གྱུར་བའི་བུད་མེད་ཅིས་ཀྱང་གླེང་དགོས་པར་མཐོང། དེ་ལྟ་ནའང། ད་སྔ་བོད་རང་ཉིད་ལ་ཆེད་དུ་བུད་མེད་ཀྱི་སྐོར་ལ་ཉམས་ཞིབ་བྱེད་མཁན་ཉུང་ཞིང། བུད་མེད་གླེང་བ་ལ་དཔྱད་གཞིའི་རྒྱུ་ཆ་ལྷག་ཏུ་དཀོན། སྒོས་སུ་བུད་མེད་ཅིག་གིས་བུད་མེད་གླེང་བ་ནི་ནམ་ལངས་ཀྱི་སྐར་མའི་འགྲན་ཟླར་ཆས་འདུག། དེར་བརྟེན། ད་ལན་ཆུ་སྐྱེས་སྒྲོལ་མས་བོད་ཀྱི་བུད་མེད་གྲགས་ཆེན་ངོ་སྤྲོད་ཅེས་པའི་དེབ་ཅིག་བརྩམས་པ་ལ་བསྔགས་བརྗོད་དང་བཅས་དཔར་འགྲེམས་ཞུས་པ་ཡིན།
དེ་ལྟ་ནའང། དོ་སྣང་བྱ་དགོས་པ་ནི་དེབ་འདིར་འཁོད་པའི་བུད་མེད་ཀྱི་རིགས་ཡོད་དོ་ཅོག་དངོས་བྱུང་གི་མི་སྣ་ཤ་སྟག་ཏུ་ཁས་ལེན་དཀའ་བ་དང། ད་དུང་དེབ་འདིར་མ་འཁོད་པའི་བོད་ཀྱི་བུད་མེད་གྲགས་ཆེན་ཡང་ཡོད་ངེས་པ་རྟོགས་དགོས། གཞན་ཡང་འདིར་འཁོད་མི་སྣའི་འཁྲུངས་འདས་ཀྱི་ལོ་ཚིགས་དང་འཁྲུངས་ཡུལ་སོགས་ལ་མཐའ་གཅིག་ཏུ་ཡིན་མིན་གྱི་ཐག་གཅོད་བྱེད་དཀའ་བས་རེ་ཞིག་རྩོམ་པ་པོའི་འདོད་བློ་ལྟར་རང་སོར་བཞག་ཡོད། དེ་མིན། དེབ་འདིའི་སྟོད་ཀྱི་ཆ་ནི་ངོ་སྤྲོད་ཀྱི་རྣམ་པར་ཡོད་ལ། སྨད་ཆ་ནི་མིང་མཛོད་ལྟ་བུར་ཡོད་པའང་ཐུགས་སྣང་ཡོད་པར་མཛོད།
དེབ་འདི་ངེད་ལས་ཁུངས་ཀྱིས་གཞི་རིམ་གོང་འོག་བར་གསུམ་གྱི་སློབ་མའི་གཞོགས་འདེགས་སློབ་དེབ་ཏུ་དམིགས་ནས་དཔར་བ་ཡིན་ལ། གཞན་དུ་བོད་ཀྱི་བུད་མེད་ལ་ཉམས་ཞིབ་བྱེད་མཁན་དག་ལ་རམ་འདེགས་སུ་འགྱུར་བའི་དཔྱད་གཞིའི་རྒྱུ་ཆ་ཞིག་ཏུ་འགྱུར་བར་ཡང་བསམས་པ་ཡིན། ཡིན་ཡང། ད་དུང་འདིར་ལྷག་ཆད་ནོར་གསུམ་གྱི་སྐྱོན་ཆ་ཡོད་ངེས་པས། གཟུ་གནས་བློ་ལྡན་དག་གིས་དགོངས་འཆར་ལྷུག་སྩོལ་ཡོང་བར་མཁྱེན། ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཡིག་ཚང་ནས། ཕྱི་ལོ་ ༢༠༡༣ ལོ་ཟླ་༡༢ ཚེས་༡༠ ལ།

སྤྱི་ཁྱབ་རྩོམ་སྒྲིག་པ།        བཀྲ་ཤིས་དོན་གྲུབ།
ལག་བསྟར་རྩོམ་སྒྲིག་པ།        འཇམ་དབྱངས།
ཞུ་དག་པ།            རེ་མདོ་སེང་གེ།

རྩོམ་པ་པོའི་གསལ་བཤད།

༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༡༤ ཉིན་དེབ་འདི་ལས་གཞི་ཞིག་གི་ངོ་བོ་ནས་འགན་ལེན་ཞུས་པ་ཡིན། གོང་ཚེས་བོད་གཞུང་ཤེས་རིག་ལས་ཁུངས་དང་ལྷན་བོད་ཀྱི་བུད་མེད་གྲགས་ཅན་རིགས་ངོ་སྤྲོད་ཀྱི་དེབ་ཆུང་འདི་རྩོམ་སྒྲིག་ཆོད་གན་བཞག་སྟེ། བོད་ཀྱི་ལོ་རྒྱུས་ནང་སྙན་གྲགས་ཡོད་པ་དང༌། ཡང་ན། ལོ་རྒྱུས་ཡིག་ལམ་ན་མཇལ་དུ་ཡོད་པ། དམངས་ཁྲོད་ཤོད་རྒྱུན་ཁྲོད་གནས་པའི་བུད་མེད་གྲགས་ཅན་རིགས་ཀྱི་ངོ་སྤྲོད་དེབ་ཆུང་འདི་འབྲི་རྩོམ་བྱེད་པ་ལ་ཞུགས།
འདི་ནི་ཕྱི་ལོ་ ༢༠༠༢ ལོ་དིལླི་བོད་ཁང་གི་སཾ་བྷོ་ཊའི་ཞིབ་འཇུག་སློབ་ཡོན་གནང་བ་ནས་ལོ་གསུམ་རིང་བོད་ཀྱི་བུད་མེད་སྐོར་ལ་ཉམས་ཞིབ་ཞུ་རྒྱུ་བྱུང་བ་དེའི་རྗེས་ཀྱི་བསམ་བློ་གཉིས་པ་ཞིག་ལས་བྱུང་བའང་ཡིན། དེ་དུས་ཀྱི་ཉམས་ཞིབ་དེ་ནི་དུས་བཅད་ཅིག་གི་འོག་ནས་བྱས་པ་ཞིག་ཡིན་སྟབས། དེ་རྗེས་སུའང་དོ་སྣང་དེ་མ་བརླག་པའི་ངང༌། དཔེ་ཀློག་སོགས་ཀྱི་སྐབས་སུ་བོད་ཀྱི་བུད་མེད་སྐོར་ལ་དོ་སྣང་མུ་མཐུད་ནས་བྱས་པ་ལས་དཔྱད་གཞིའི་ཡིག་ཆ་གང་འཚམ་རྙེད་སོན་བྱུང་བ་དེ་ཚོ་གསོག་ཉར་དང༌། བསྐྱར་ཞིབ་ལྟ་བུའང་མུ་མཐུད་བྱས་པ་ཡིན། འདི་ནི་ང་རང་བུད་མེད་ཅིག་གིས་བུད་མེད་སྐོར་ལ་དོ་སྣང་མུ་མཐུད་བྱས་པའི་སེམས་ཁམས་དང་འབྲེལ་བ་ཞིག་ཡིན་པར་ཡང་བརྗོད་ཆོག
ཐོག་མར་ངས་དེབ་ཆུང་འདི་ཚན་པ་རེ་རེ་བྱས་ནས་སྒྲུང་རྩོམ་གྱི་ལམ་ནས་འབྲི་རྩིས་ཞུས་པ་ཡིན། འོན་ཀྱང༌། སྒྲུང་རྩོམ་དུ་བྲིས་པ་ཡིན་ན། དེ་ལོ་རྒྱུས་ཀྱི་སྣང་བརྙན་ཞིག་ཡིན་པའི་ངོས་འཛིན་བྱེད་མཁན་ཧ་ཅང་ཉུང་ཉུང་རེད། ལྷག་པར་བྱིས་པ་ལོ་ཆུང་ཚོའི་ནང་དེ་བས་ཉུང་ཉུང་རེད་ལ། མཚམས་རེར་སྒྲུང་གི་རྣམ་པར་བྲིས་པ་དེ་རྟོག་བཟོ་རང་ཡིན་པའི་ངོས་འཛིན་བྱེད་ཀྱི་འདུག་སྟབས། ལོ་རྒྱུས་ཀྱི་བརྗིད་ཉམས་དེ་མ་བརླག་པར་ཉར་ཆེད། ངོ་སྤྲོད་རང་གི་རྣམ་པར་བྲིས་པ་ཡིན།
ད་ལྟའི་དེབ་ཆུང་འདི་ཕྱི་ལོ་ ༢༠༡༠ ཟླ་ ༧ ནས་ཕྱི་ལོ་ ༢༠༡༡ ཟླ་ ༣ བར་རྩོམ་སྒྲིག་བགྱིས་པ་ཞིག་ཡིན། རྩོམ་སྒྲིག་འདི་གྲུབ་ནས་ད་ལྟ་བར་ལོ་ངོ་གཉིས་མ་ཟིན་ཙམ་འགོར། ད་ལྟ་པར་སྐྲུན་གནང་འཆར་དང་ཆབས་ཅིག གནད་དོན་འགའ་རེའི་ཐད་ལ་བསྐྱར་ཞིབ་དགོས་པར་ཡང་མངགས་ཆ་གནང་དོན་ལྟར། དུས་ཚོད་ཀྱི་བྲེལ་ཟིང་ལ་དཔག་པའི་བསྐྱར་ཞིབ་རབ་རིབ་ཅིག་ཞུས་ཁུལ་ཡིན། ད་ཆ་བསམས་ན། ཐོག་མའི་དུས་སུ། ངས་དཔྱད་གཞིའི་རྒྱུ་ཆ་མང་པོ་ཞིག་བཀླགས། གཤིབ་སྡུར་ཡང་གང་འཚམ་ཞུས་པ་དེ་ཚོ། ངོ་སྤྲོད་རང་གི་རྣམ་པར་འབྲི་རྒྱུ་གཙོ་འདོན་ཞུས་པ་དེས། གནད་འགག་མང་པོ་ཞིག་གི་འདྲེན་ཁུངས་སམ་ཁུངས་གཏུགས་ཞུ་ཡུལ་གསལ་སྟོན་བྱེད་རྒྱུ་ཆད་ལུས་སུ་གྱུར་པ་ནི་ཆ་མ་ཚང་བའི་ཆ་ཤས་གལ་ཆེན་ཞིག་ཡིན་པ་ཚོར། གནས་དུས་ཀྱི་དབང་གིས། ད་ནི་སྔར་གྱི་དཔྱད་གཞིའི་རྒྱུ་ཆ་དེ་ཚོ་ཡང་བསྐྱར་བསྔོག་པའི་དུས་ཚོད་ཁྱོན་ནས་བྱུང་མ་སོང༌། དོགས་གནད་ཁ་ཤས་ཐད་བསྐྱར་ཞིབ་ཙམ་ལས་བྱུང་མ་སོང་སྟབས། ངོ་སྤྲོད་རྩོམ་ཡིག་རང་གི་རྣམ་པ་འདི་ནས་མི་འཇོག་རང་འཇོག་གྱུར་སོང་བར་ཀློག་མཁན་རྣམས་ལ་བཟོད་གསོལ་འབུལ་བ་ཡིན།
ཤེས་རིག་ལས་ཁུངས་ནས་འདི་འདྲ་ཞིག་འབྲི་བར་གོ་སྐབས་དང་མཐུན་འགྱུར་གནང་བ་དང༌། གཞན་ཡང༌། དེབ་ཆུང་འདི་འབྲི་ བའི་སྔ་རྗེས་སུ། དཔྱད་གཞིའི་ཡིག་ཆ་མཁོ་འདོན། དཔེ་དེབ་གཡར་པོ། དགོངས་ཚུལ་ཕན་ཐོགས་ཅན་གནང་མཁན་སོགས་རམ་འདེགས་གནང་མཁན་ཚང་མར། ཐུགས་རྗེ་ཆེ་ཞུ་བ་ཡིན། ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༨ ཉིན། ཆུ་སྐྱེས་སྒྲོལ་མས།

རྩོམ་སྒྲིག་པའི་གསལ་བཤད།

དགོས་དབང་གིས་དེབ་འདིའི་གཞུང་དངོས་ཀ་ཕྲེང་གི་གོ་རིམ་ལྟར་བསྐྱར་སྒྲིག་བྱས་ཡོད།

དཀར་ཆག

བཀའ་རྙིང་བློ་བཟང་བདེ་སྐྱིད།
སྐུའི་གཅེན་མོ་ཚེ་རིང་སྒྲོལ་མ།
སྐུ་རྟེན་མ་བློ་བཟང་ཚེ་སྒྲོན།
ཁང་དཀར་ཚེ་དབང་སྒྲོལ་དཀར།
ཁང་གསར་དཔོན་མོ་བདེ་ཆེན་དབང་མོ།
མཁའ་གྲོ་མ་ཀུན་དགའ་འབུམ།
མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ།
གུང་རི་མཁའ་འགྲོ་མ།
གོ་འཇོ་ལེ་འདའ་དཔོན་མོ་དཔལ་ཆེན་སྒྲོལ་མ།
ཅོག་རོ་བཟའ་ལྷ་བུ་སྨན།
རྗེ་བཙུན་མཁའ་སྤྱོད་དབང་མོོ།
རྗེ་བཙུན་པདྨ།
གཏེར་སྟོན་མ་ཇོ་མོ་སྨན་མོ།
ཕྲེང་རིང་རིན་ཆེན་སྒྲོལ་མ།
བུད་མེད་ལྗང་མོ།
བུད་མེད་རྩིས་པ་ཟླ་སྲིང་དགྱེས་པའི་བློ་གྲོས།
དབུས་བཟའ་མཁའ་འགྲོ་མ།
འབྲོ་བཟའ་ཁྲི་རྒྱལ་མོ་བཙུན།
འབྲོ་བཟའ་ཁྲི་མ་ལོད།
བླ་སྨན་ཞབས་ཞུ་བ་སྨན་རམས་པ་ཟླ་བ་སྒྲོལ་མ།
མ་གཅིག་ཞ་མ།
མ་གཅིག་ལབ་སྒྲོན།
སྨན་པ་མཁས་ཅན་དབྱངས་ཅན་ལྷ་མོ།
སྨན་པ་བློ་བཟང་སྒྲོལ་མ།
སྨིན་གླིང་རྗེ་བཙུན་མི་འགྱུར་དཔལ་སྒྲོན།
རིན་ཆེན་མཁའ་འགྲོ
ཤུག་གསེབ་རྗེ་བཙུན།
སད་མ་དཀར།
བསམ་མཁར་གཡང་སྐྱིད།
བསམ་སྡིངས་རྡོ་རྗེ་ཕག་མོ།
གསལ་བཤད།  (བོད་ཀྱི་བུད་མེད་ཀྱི་མིང་མཛོད།)
ཀོང་པོ་སྨན་བཙུན།
ཀོང་བཙུན་དེ་མོ།
ཀླུ་ཐང་མེར་མོ།
ཀླུ་སྨན་མེར་མོ།
ཀླུ་འོ་དེ་རིང་མོ།
སྐྱི་ཐིང་གངས་སྨན་ཤེལ་ཟ་ཁ་རོ།
ཁ་རག་ཁྱུང་བཙུན་མ་བདུད་ཀྱི་རྒྱལ་མོ།
མཁའ་འགྲོ་ཀུན་དགའ་འབུམ།
མཁའ་འགྲོ་བདེ་ཆེན་དབང་མོ།
མཁའ་འགྲོ་མ་ཀརྨ་དབང་འཛིན།
མཁའ་འགྲོ་བསོད་ནམས་དཔལ་འདྲེན།
མཁའ་འགྲོ་བསོད་ནམས་འདྲེན་མ།
མཁར་དགའ་བཟའ་གྲུབ་པའི་རྒྱལ་མོ།
མཁར་ཆེན་བཟའ་མཚོ་རྒྱལ།
ཁྲི་སྨན་རྗེ་མ།
ཁྲི་སེ་བཙུན་གཉན་མོ།
མཁྲི་ཤ་མེད་ཁྲིམས་ཀྱི་རྒྱལ་མོ།
གངས་ཀྱི་ཡུམ་ཆེན་གཡུ་བུན་མ་མ་སྲིང་རྒྱལ་མོ།
གངས་པ་གཡུ་སྨན།
འགོག་ཚ་རྒྱན།
གྲུབ་པ་མོ་འོད་གསལ།
འགྲོ་བ་བཟང་མོ།
རྒན་མོ་བལ་མ།
རྒྱལ་མོ་རྡུལ་བཞི་ཁུགས།
རྒྱལ་མོ་བསོད་ནམས་སྒྲོལ་མ།
གླིང་བཟའ་ཆོས་སྐྱིད།
གླུ་མ་ཨོ་རྒྱན་བུ་ཁྲིད།
སྒོམ་མ་རིན་ཆེན་དཔལ་མོ།
སྒྲུབ་ཆེན་མ་འོད་གསལ་སྐྱིད།
སྒྲུབ་མོ་ཡེ་ཤེས་རྒྱན།
ཅོ་ཟ་བོན་མོ།
ཅོག་རོ་བུ་མོ་རྟ་ཡི་ལྷ།
ཅོག་རོ་བཟའ་ནུ་ཆུང༌།
ཅོག་རོ་བཟའ་དཔལ་གྱི་ངང་ཚུལ་མ།
ཅོག་རོ་བཟའ་དཔལ་གྱི་མཆོད་གནས་མ།
ཅོག་རོ་བཟའ་བཙན་རྒྱལ།
ཅོག་རོ་བཟའ་ལྷ་བུ་སྨན།
ལྕམ་རྟ་མགྲིན་དབང་མོ།
ལྕམ་མོ་ཡེ་ཤེས་མཆོག
ལྕུག་མོ་བཟའ་དགེ་འདུན་སྐྱིད།
ཆོས་ཀྱི་དཔལ་འཛིན།
མཆིམས་བཟའ་ཀླུ་རྒྱལ་ངན་མོ།
མཆིམས་བཟའ་བཙན་མ་ཐོག་སྟེང༌།
མཆིམས་བཟའ་ཡོན་ཏན་སྒྲོན་ནམ་ཁྱུང་དཀར་མ།
མཆིམས་བཟའ་ལྷ་མོ་བཙུན།
ཇོ་ལྕམ་ཕུར་མོ།
ཇོ་མོ་བཀྲ་ཤིས་ཚེ་རིང་མ།
ཇོ་མོ་ཆུ་སྒོམ་མ།
ཇོ་མོ་མཆིམས་རྒྱལ་བཟའ་ལེགས་མོ་བཙུན།
ཇོ་མོ་ཇོ་ལྕམ་ཡུལ་སྐྱིད།
ཇོ་མོ་རྗེ་མོ།
ཇོ་མོ་མྱང་མོ།
ཇོ་མོ་སྨན་མོ།
ཇོ་མོ་ཚུལ་ཁྲིམས་སྒྲོན།
ཇོ་མོ་ར་གཅིག་མ།
རྗེ་བཙུན་མཁའ་སྤྱོད་དབང་མོ།
རྗེ་བཙུན་བསྟན་འཛིན་དཔལ་སྒྲོན།
རྗེ་བཙུན་འཕྲིན་ལས་ཆོས་སྒྲོན།
རྗེ་བཙུན་དབྱངས་ཅན་སྒྲོལ་མ།
རྗེ་བཙུན་མ་ཀུན་དགའ་འཕྲིན་ལས་དབང་མོ།
རྗེ་བཙུན་མ་ཀུན་དགའ་བཟང་མོ།
རྗེ་བཙུན་མ་རྡོ་རྗེ་དཀར་མོ།
ཉ་མ་དཔལ་མོ།
ཉང་པོ་རྗེ་བཙུན་མ།
ཉང་བཟའ་མཆོག་གུས་མ།
ཉེ་བཙུན་མང་མ་རྗེ།
རྟ་ཤོད་བུ་མོ་པདྨ་འཚོ།
བསྟན་འཛིན་ཆོས་ཉིད་དབང་མོ།
སྟོད་མོ་རྡོ་རྗེ་མཚོ།
ཐོབ་རྒྱལ་དཔོན་མོ།
དོལ་བ་སྒྲུབ་ཆེན་མ།
གདགས་ཀྱི་ལྷ་མོ།
བདག་མེད་མ།
བདག་མོ་གཡུང་དྲུང་ལྷ་མོ།
བདེ་སྐྱོང་ཡེ་ཤེས་དབང་མོ།
མདའ་མི་སྨན་བཙུན།
འདར་ཡེད་ཡེད།
འདས་ལོག་ཆོས་རྒྱལ་དབང་མོ།
བརྡ་ལ་བཙན་མོ་གཤིན་རྗེའི་རྒྱལ་མོ།
ན་རོ་བོན་ལྕམ།
སྣ་ནམ་བཟའ།
སྣ་ནམ་བཟའ་མང་མོ་རྗེ་བཞི་སྟེང༌།
སྣང་ས་འོད་འབུམ།
སྣེའུ་དཔོན་མོ་ཨ་འཛོམས།
གནམ་མུག་མུག
གནོའ་བཟའ་མང་མོ་རྗེ།
གནས་མོ་དགའ་ཡག་མོ།
པ་ཚབ་བཟའ།
པདྨ་འཕྲིན་ལས་བདུད་འདུལ་དབང་མོ།
དཔལ་དར་འབུམ།
དཔོན་མོ་སྐལ་བཟང༌།
དཔོན་མོ་རྡོ་རྗེ་སྡེར་མོ།
དཔོན་མོ་རིན་ཆེན་དཔལ་འཛོམས།
དཔོན་ས་དཔལ་བཟང་སྐྱིད་པ།
དཔོན་ས་བུ་ཁྲིད་དཔལ་འཛོམས།
དཔོན་ས་ཚེ་དབང་ལྷ་མོ།
དཔོན་ས་ཚོགས་གཉིས་མ།
སྤྱན་རས་གཟིགས།
ཕག་མོ་རྒྱ་ཡུལ་མ།
ཕོ་ཡོངས་བཟའ་རྒྱལ་མོ་བཙུན།
བེ་ཏ་མགོན་སྐྱིད།
བོན་མོ་སྟག་བེར་ལེ་ཝེར།
འབེ་བཟའ་འ་མོ་སྐྱིད།
སྦ་བཟའ་དགེ་ལྡེམ་མ།
འབྲི་གུང་ཨ་ཕྱི་ཆོས་སྒྲོན།
འབྲོ་བཟའ་ཁྲི་རྒྱལ་མོ་བཙུན།
འབྲོ་བཟའ་ཁྲི་མ་ལོད།
འབྲོ་བཟའ་ཏི་པང་མ།
འབྲོ་བཟའ་དོང་ཕྱང་བཞེར།
འབྲོ་བཟའ་ལྷ་རྒྱལ་མང་མོ་རྗེ།
འབྲོང་རྩེ་དཔོན་མོ།
འབྲོའི་བུ་མོ་གམ་བཟང༌།
མ་གྲུབ་ཁྲིའི་རྒྱལ་མོ་བསོད་ནམས་འཛོམས།
མ་གྲོ་ཞ་མ་སྐྱིད།
མ་གཅིག་དགོན་ཆུང་མ།
མ་གཅིག་ཆོས་སྒྲོན།
མ་གཅིག་ཇོ་འབུམ།
མ་གཅིག་དཔལ་གྱི་རྡོ་རྗེ།
མ་གཅིག་ཞ་ཆུང་མ།
མ་གཅིག་ཞ་མ།
མ་གཅིག་ལབ་སྒྲོན།
མ་གཅིག་ཨོང་ཇོ།
མ་ཇོ་དཀོན་མཆོག་སྐྱབས།
མ་ཇོ་རྒྱ་སྒོམ།
མ་ཇོ་འགོས་ཆུང་མ།
མ་ཇོ་ཉེར་བཞི།
མ་ཇོ་མང་ཆུང་མ།
མ་ཇོ་སྨྱོན་མ་བསམ་གྲུབ།
མ་ཇོ་ར་མ།
མྱང་ཚ་དཀར་རྒྱན།
མི་ཉག་རུ་ཡོང་བཟའ་རྒྱལ་མོ་བཙུན།
མུས་ཀྱི་མཁའ་འགྲོ་བསྟན་འཛིན་ཆོས་སྒྲོན།
མོང་བཟའ་ཁྲི་མོན་གཉེན་ལྡེང༌།
དམུ་ལྕམ་བྲ་མ་ན།
དམུ་ལྕམ་རྨང་ལེགས།
རྨ་རི་རབ་འབྱམས་མ་བདུད་ཀྱི་རྒྱལ་མོ།
རྨེའུ་རྒྱལ་མོ་ཨ་འབོས་བཟའ།
སྨན་ཏིང་ཏིང་ལོ་རོ་སྨན་འབྲོག་སྲིན་རྒྱལ་མོ།
སྨན་བཙུན་ཁུག་ཆོས་གཡར་མོ་སིལ་ཀླུ་ཡི་རྒྱལ་མོ།
སྨན་བཙུན་གྱོ་མོ།
སྨན་བཙུན་ལུང་གོང༌།
སྨན་བཟའ་ཀླུ་སྟེང་མ།
སྨན་བཟའ་ཁྲི་དཀར་མ།
སྨིན་གླིང་རྗེ་བཙུན་མི་འགྱུར་དཔལ་སྒྲོན།
གཙང་སྟོད་རྒྱལ་མོ་བཀྲ་ཤིས་དཔལ་འཛོམས།
བཙན་མོ་གུར་སྨན།
བཙན་མོ་སད་མ་དཀར།
ཚ་ཁོའི་རྒྱལ་མོ་སྒྲོལ་མ་འཚོ།
ཚེ་སྤོང་བཟའ་འབྲི་མ་ཐོད་དཀར།
ཚེ་སྤོང་བཟའ་མ་རྒྱལ་ལྡོང་སྐར།
ཚེ་སྤོང་བཟའ་བཙན་མོ་འཕན།
ཚོང་འདུས་དཔོན་མོ།
མཚོ་སྨན་ཁྲི་དཀར།
མཚོ་སྨན་འབྲོང་མ།
མཛེས་སེ་མ།
ཞང་མ་ཁྲོ་མོ།
ཞང་བཙུན་མ་ཡོན་ཏན་མཚོ།
ཞང་བཙུན་ཆོས་མཚོ།
ཞང་ཞུང་དགྲ་ལྷ་མུ་ཙ་མེད།
ཞང་ཞུང་བཟའ་ལི་ཐིག་སྨན།
ཟི་ཡིང་ཤོལ་མ།
ཟུར་མོ་དགེ་ལྡན་འབུམ།
བཟོད་པ་རིང་མོ།
ཟླ་འོད་དབང་མོ།
འ་མ་སྐལ་བཟང་མ།
འ་ཞ་བཟའ་ཁོན་ཅོག་རོ་མང་མོ་རྗེ་ཁྲི་སྐར།
འོ་མར་ལྡེ་ཁྲི་བཙུན།
འོ་ཟ་ཏེ་མོ་མཚོ།
འོད་མཚོ་རྒྱལ་མོ།
འོད་གོད་བཟའ་འབྲོ་གར་སྟོང་བཙུན་མ།
འོམ་ཐང་སྨན་ཚོ།
འོའ་ཁའི་མཛེ་མོ།
འོལ་གོད་བཟའ་སྟོང་བཙུན་འབྲོ་གར།
ཡུམ་ཆེན་ཀུན་དགའ་བཟང་མོ།
ཡོ་ཕྱི་རྒྱལ་བཞད་མ།
རག་ཤི་བཟའ་བཙུན་མ།
རས་ཆུང་མ།
རས་མ་ཞིག་མོ།
རིགས་ལྡན་ཨུ་རྒྱན་བུ་ཁྲིད།
རིག་འཛིན་ཆོས་དབྱིངས་བཟང་མོ།
རུ་ཡོང་བཟའ་སྟོང་རྒྱལ་མཚོ།
ལོ་ལེགས་བུ་ཁྲིད།
ས་སྐྱ་འབག་མོ་མུས་མོ་སྲིད་སྐྱིད་མ།
ས་སྨན་བུ་མོ།
ས་དིང་དིང༌།
ས་ལེ་འོད།
སེང་ལྕམ་འབྲུག་མོ།
སོ་ཐམ་ཐམ།
སྲས་མོ་འོད་ལྡེ།
བསེ་གཉན་མང་མོ།
བསོད་ནམས་དཔལ་སྦྱིན།
ཧེ་ལེ་འབར་མའམ་གཡུ་སྒྲོན་མ་སྨན་གྱི་རྒྱལ་མོ།
ལྷ་གཅིག་ཡར་ལུང་མ་ལྡེམ་བུ།
ལྷ་རིན་ཆེན་མཚོ།
ལྷ་གསུམ་བཟའ་བྱང་ཆུབ་དཔལ་མོ།
ཨ་ཅེ་དྭངས་བཟང༌།

མདུན་ཤོག