༄༅། །འཇང་གླིང་གཡུལ་འགྱེད།

གླིང་གེ་སར་རྒྱལ་པོའི་སྒྲུང༌ལས།
འཇང་གླིང་གཡུལ་འགྱེད།

གླེང་བརྗོད།

༄༅། །འཛམ་གླིང་ནང་དམངས་ཁྲོད་རྩོམ་རིག་རིང་ཤོས་སུ་གྲགས་པའི་གླིང་གེ་སར་རྒྱལ་པོའི་སྒྲུང་ནི་བོད་མི་རིགས་ཀྱི་རྩོམ་རིག་ཕུལ་བྱུང་ཞིག་ཡིན་པ་མ་ཟད། འཛམ་གླིང་རྩོམ་རིག་གི་བང་མཛོད་ཁྲོད་ཀྱི་འོད་སྟོང་འཕྲོ་བའི་ནོར་བུ་ཞིག་ཀྱང་ཡིན་པས། ད་བར་སྐད་ཡིག་བཞི་བཅུ་ལྷག་གི་ནང་ཕབ་བསྒྱུར་པར་འགྲེམས་དང༌། ཕྱི་ནང་མཁས་པ་དུ་མས་ཆེད་དུ་ཞིབ་འཇུག་རྒྱུན་མཐུད་བྱེད་མུས་ལགས་ན། རང་རེའི་སློབ་ཕྲུག་རྣམས་ལ་ཕུལ་དུ་བྱུང་བའི་རྩོམ་རིག་དེ་ངོ་སྤྲོད་དང་སྦྲགས། བོད་ཀྱིསྣོད་བཅུད་དང༌། གནའ་བོའི་འཚོ་བའི་གོམས་སྲོལ། ཆོས་དང་འཇིག་རྟེན་གྱི་ལྟ་ཚུལ། ལེགས་ཉེས་བླང་དོར། མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུའི་གཏམ་དཔེ་དང་ཁ་ཤགས་སོགས་བོད་ཀྱི་རིག་གཞུང་གི་ཞག་རྩི་འཁྱིལ་པ་འདི་རང་རེའི་གཞོན་སྐྱེས་ཚོར་ངོ་སྤྲོད་བྱ་གལ་ཤིན་ཏུ་ཆེ་བར་བརྟེན། ད་བར་འཁྲུངས་གླིང་མེ་ཏོག་ར་བ་དང༌། ཧོར་གླིང་གཡུལ་འགྱེད་སྟོད་ཆ་དང་སྨད་ཆ། རྟ་རྒྱུག་རྒྱལ་འཇོག བདུད་འདུལ་སོགས་ཕྱོགས་བསྡུས་པར་འགྲེམས་རིམ་པར་ཟིན་པ་དང༌། ད་ཐེངས་འདིར་འཇང་གླིང་གཡུལ་འགྱེད་ཀྱི་ལེའུ་དོན་བསྡུས་པར་འགྲེམས་བྱས་པར་རང་རེའི་སྤྱི་ཚོགས་དང་ལྷག་པར་དུ་རྗེས་རབས་གཞོན་སྐྱེས་ཚང་མས་ཐུགས་སྣང་ཆེར་བསྐྱེད་ཡོང་བའི་རེ་བསྐུལ་དང་བཅས།  ཤེས་རིག་ལས་ཁུངས་ནས། བོད་རྒྱལ་ལོ་ ༢༡༣༥ ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༢ ལ།།

འཇང་གླིང་གཡུལ་འགྱེད། (ཚན་པ་དང་པོ)
འཇང་གླིང་གཡུལ་འགྱེད། (ཚན་པ་གཉིས་པ)
འཇང་གླིང་གཡུལ་འགྱེད། (ཚན་པ་གསུམ་པ)

རྩོམ་སྒྲིག་འགན་འཛིན།            ཨཱཙཱརྱ་ཀརྨ་སྨོན་ལམ།
ཕྱོགས་སྒྲིག་པ།                ཨཱཙཱརྱ་ཀརྨ་སྨོན་ལམ། ལྷ་ལུང།
རྒྱབ་ཤོག་ཇུས་འགོད་པ།            ཚེ་བརྟན།
ཞུ་དག་པ།                ཆུང་ཚེ་རིང༌།

མདུན་ཤོག