དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས།

༄༅། །ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༠༢ ལོར་བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ནས་ལོ་ངོ་ ༣༦༠ འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་སྐབས། དམིགས་བསལ་ལས་འགུལ་མང་དག་སྤེལ་བའི་ཁོངས་ནས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་ ༡༢ ཡིག་རྒྱུགས་ཆེན་མོའི་ནང་ཚན་རིག་དང་། སྒྱུ་རྩལ། ཚོང་རིག་བཅས་སློབ་ཚན་སྡེ་ཁག་སོ་སོའི་ནང་ནས་སྦྱངས་འབྲས་རྩེ་ཕུད་སོན་པའི་སློབ་ཕྲུག་རེར་དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས་ཞེས་ལོ་ལྟར་གནང་རྒྱུ་འགོ་འཛུགས་ཞུས་ཡོད་པ་དང་། འདི་ལོ་བྱ་དགའ་གནང་ཐེངས་ ༡༧ དེ་ཆགས་ཡོད། གཟེངས་རྟགས་འདིའི་དམིགས་ཡུལ་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཕྲེང་རིམ་བྱོན་གྱིས་དབུ་འཁྲིད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་བཀའ་དྲིན་རྗེས་དྲན་དང་། གཞན་ཡང་གཞི་རིམ་སློབ་གྲྭའི་སློབ་ཚན་སྡེ་ཁག་གསུམ་གྱི་ནང་གྲུབ་འབྲས་རྩེ་སོན་སློབ་ཕྲུག་གསུམ་ལ་ལེགས་གསོལ་གཟེངས་བསྟོད་ཕྱག་འཁྱེར་གནང་སྟེ། བོད་ཕྲུག་ཡོངས་ཀྱི་ཤེས་ཡོན་གོང་མཐོར་གཏོང་རྒྱུའི་སེམས་ཤུགས་སྤར་རྒྱུ་དང་མིག་དཔེ་བཟང་པོ་སྟོན་ཐབས་ཡིན།

བཀའ་ཤག་སྐབས་ ༡༤ པས་ལས་དོན་ཚང་མའི་ནང་ནས་ཤེས་ཡོན་གལ་ཆེ་བརྩི་བཞིན་ཡོད་པ་ལྟར་མཐོ་རིམ་སློབ་ཡོན་སྤར་ཆ་གནང་བ་དང་འབྲེལ། དགའ་ལྡན་ཕོ་བྲང་གཟེངས་རྟགས་དེ་སློབ་ཚན་སྡེ་ཁག་གསུམ་གྱི་སློབ་མ་རྩེ་ཕུད་གསུམ་རེ་བྱས་ཏེ་སློབ་ཕྲུག་ ༩ སྤར་ཆ་གནང་བ་དང་དངུལ་གྱི་བྱ་དགའ་ཡང་སྒོར་ ༥༠༠༠ ནས་སྤར་ཆ་གནང་ནས་ཨང་དང་པོ་སྒོར་ ༢༠༠༠༠ དང་ཨང་རིམ་གཉིས་པར་སྒོར་ ༡༥༠༠༠ ཨང་རིམ་གསུམ་པར་ ༡༠༠༠༠ བར་སྤར་ཆ་གནང་ཡོད།
འདི་ལོའི་གཟེངས་རྟགས་ཐེངས་ ༡༨ པ་དེ་བཞིན་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢ ཉིན་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༥༩ ཉིན་འདི་ལོར་འཛིན་རིམ་ ༡༢ རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ནང་གྲུབ་འབྲས་རྩེ་ཕུད་སོན་པའི་སློབ་མ་བཅུ་ལ་ལེགས་སྐྱེས་ཕྱག་འཁྱེར་དང་བྱ་དགའ་གནང་ཡོད། དེ་ཡང་བྱ་དགའ་བཞེས་མཁན་རྣམས་ཀྱི་མཚན་གཞུང་གཤམ་གསལ།

རིག་ཚན་གསུམ་གྱི་ཨང་རིམ་དང་པོའི་སློབ་མ་རྣམས་ཀྱི་མཚན་གཞུང་།

རིག་ཚན་གསུམ་གྱི་ཨང་རིམ་གཉིས་པའི་སློབ་མ་རྣམས་ཀྱི་མཚན་གཞུང་།

རིག་ཚན་གསུམ་གྱི་ཨང་རིམ་གསུམ་པའི་སློབ་མ་རྣམས་ཀྱི་མཚན་གཞུང་།