གསལ་བསྒྲགས།

༄༅། །ད་ལྟའི་སཾ་བྷོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་རྣམ་རྒྱལ་ཡར་འཕེལ་ལགས་ཀྱི་ལོ་གསུམ་གྱི་ཆོད་གན་དུས་ཡུན་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༥ ཉིན་གཙང་གི་ཡོད་པར་བརྟེན། སཾ་བྷོ་ཊ་བོད་སློབ་ཚོགས་པར་སློབ་གྲྭ་ཁག་གི་འཛིན་སྐྱོང་དང་། ཤེས་ཡོན་ཐོག་ཐུགས་འགན་བཞེས་ཐུབ་མཁན་གྱི་སྤྱི་ཁྱབ་འགན་འཛིན་གསར་པ་ཞིག་བསྐོ་གཞག་གནང་དགོས་པས། གཤམ་གསལ་ཆ་རྐྱེན་ཚང་བའི་སཾ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་དགེ་ལས་སྤྱི་ཁྱབ་འགན་འཛིན་གྱི་ལས་གནས་ཐོག་ཞུགས་བློ་ཡོད་རིགས་རྣམས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༣༡ འགྱངས་མེད་ཤེས་རིག་དྲུང་ཆེའི་མཚན་ཐོག་རང་ཉིད་ཀྱི་ལོ་རྒྱུས་སྙིང་བསྡུས་ (Resume) ཤིག་དང་མཉམ་འཚང་སྙན་འབུལ་འཐུས།

  1. དམའ་མཐར་གཙུག་ལག་རབ་འབྱམས་ (Master’s Degree) ཐོན་པའི་ལག་འཁྱེར་ཡོད་པའི་ཐོག་དགེ་འོས་ (B.Ed) སློབ་ཐོན་ལག་འཁྱེར་ཡོད་པ།
  2. བོད་མིའི་སློབ་གྲྭ་ཁག་ནང་ཉུང་མཐར་ལོ་ ༡༥ ཞབས་ཞུ་གནང་མྱོང་ཡོད་པ།
  3. དམའ་མཐར་ལོ་ ༣ གྱི་འཛིན་སྐྱོང་ཉམས་མྱོང་ཡོད་པ།
  4. ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༣༡ བར་འབུལ་འབབ་གཙང་ཕུལ་ཟིན་པའི་བོད་མིའི་དྭང་བླངས་དཔྱ་ཁྲལ་ལག་དེབ་ཡོད་པ།
  5. གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་འཁྱེར་ (RC) ཡོད་པ།

གོང་གསལ་ཆ་རྐྱེན་ཚང་རིགས་རྣམས་ཀྱི་འཚང་སྙན་ཡིག་ཆ་ཕུལ་འབྱོར་ཁག་ལ་འདེམས་སྒྲུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་ངག་རྒྱུགས་ཀྱི་ལམ་ནས་འདེམས་བསྐོ་གནང་རྒྱུའི་བརྡ་ཐོ་འབུལ་རྒྱུ་ཡིན་པས་སྐབས་བསྟུན་ཡིག་ཆ་ངོ་མ་མཉམ་འཁྱེར་གྱིས་འབྱོར་ཐོ་འགོད་བཅར་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༨ ལ་ཕུལ།།