༄༅། །བོད་ཀྱི་ཆོས་སྲིད་གཉིས་ཀྱི་མངའ་བདག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གྲུ་འཛིན་གཉིས་པའི་གཞལ་མེད་ཁང། ཕོ་བྲང་པོ་ཏ་ལར་རབ་བྱུང་༡༦ པའི་ལྕགས་འབྲུག་ཟླ་བ་དང་པོའི་ཚེས་བཅུ་བཞི། ཕྱི་ལོ་༡༩༤༠ ལོར་རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་གྱི་གསེར་ཁྲིར་མངའ་གསོལ་ཞུས་ཏེ་ལོ་དྲུག་ཅུ་འཁོར་བའི་དུས་སྟོན་སྲུང་རྩི་དང་གང་གི་བཀའ་དྲིན་རྗེས་དྲན་ཆེད་པར་འགྲེམས་ཞུས་པའོ། །

གླེང་བརྗོད།

     ཉེ་བའི་ལོ་ཤས་ནང་རང་རེའི་སྤྱི་ཚོགས་ཡོངས་ནས་བོད་མི་རིགས་རང་ཉིད་ཀྱི་ཆོས་དང། སྐད་ཡིག་རིག་གཞུང་དང་བཅས་པའི་གཅེས་ནོར་རྣམས་རྗེས་རབས་གཞོན་སྐྱེས་རྣམས་ཀྱིས་འཛིན་སྐྱོང་སྤེལ་གསུམ་ཇི་བཞིན་བྱེད་ཐུབ་མིན་ལ་ཐུགས་སྣང་ཆེར་བསྐྱེད་ཀྱིས་ཤུགས་སྣོན་བརྒྱབ་དང་རྒྱག་མུས་ལ་བརྟེན། འདི་ག་ཤེས་རིག་ལས་ཁུངས་ནས་གཏན་ཉིན་སློབ་གྲྭའི་སློབ་ཕྲུག་ཚོར་ཆུང་དུས་ནས་རང་རེའི་ཐུན་མིན་ཆོས་དང་རིག་གཞུང་གི་བག་ཆགས་བཟང་པོ་ཐེབས་ཐབས་དང། དམིགས་བསལ་བོད་ཡིག་ཤེས་ཚད་མཐོར་འདེགས་ཡོང་བའི་དགེ་མཚན་ལ་དམིགས་ཏེ། ཕྲུ་གུའི་ན་ཚོད་དང་མཐུན་པའི་ཀློག་བལྟའི་དཔེ་དེབ་རྩོམ་སྒྲིག་དཔར་སྐྲུན་བྱེད་བཞིན་པའི་ཁོངས་ནས། ད་ལམ་འབྲིང་རིམ་འཛིན་གྲྭའི་སློབ་ཕྲུག་ཚོའི་ཀློག་བལྟའི་ཆེད་ལེགས་བཤད་ཀྱི་གཏམ་རྒྱུད་ཕྱོགས་བསྡུས་འདི་ཉིད་ནང་རྗེ་བསོད་ནམས་གྲགས་པས་མཛད་པའི་དགེ་ལྡན་ལེགས་བཤད་དང། མགོན་པོ་ཀླུ་སྒྲུབ་ཀྱི་སྐྱེ་བོ་གསོ་ཐིགས་རྩ་འགྲེལ་བཅས་ལས་གདམས་སྒྲིག་ཐོག་གོ་བདེའི་མཆན་དང་རི་མོ་བཅས་དཔར་སྐྲུན་བྱས་པ་ཡིན། གཏམ་རྒྱུད་འདི་ཉིད་ཕྱོགས་སྒྲིག་ཁྲོད་ནོར་འཁྲུལ་དང་ཞན་ཆ་ཅི་ཡོད་ཐུགས་སྣང་ཅན་རྣམས་ཀྱིས་ཐད་ཀར་ཡོ་བསྲང་གནང་བའི་རེ་འདུན་དང་བཅས། བོད་གཞུང་ཤེས་རིག་ལས་ཁུངས་ནས། རབ་བྱུང་བཅུ་བདུན་པའི་ལྕགས་ཕོ་འབྲུག། བོད་རྒྱལ་ལོ་༢༡༢༧ ཕྱི་ལོ་༢༠༠༠ ཟླ་༤ ཚེས་༡༠ ལ།

དཀར་ཆག

  1. ཉེས་འོངས་སྤྱུགས་པ།
  2. གླང་པོས་རྫིང་གི་སྲོག་ཆགས་ལ་གཙེ་བ།
  3. བརྒྱ་བྱིན་གཡུལ་ལས་རྒྱལ་བ།
  4. སེམས་ཅན་ཟགས།
  5. མཐུན་པ་སྤུན་བཞི།
  6. རི་དྭགས་ཀྱིས་རྒྱལ་པོའི་སྲོག་བསྐྱབས་པ།
  7. ཝ་སྐྱེས་རྒྱལ་པོར་བསྐོས་པ།
  8. སློབ་མ་བཟང་པོ།
  9. དྲང་སྲོང་བཟོད་པ་སྨྲ་བའི་སྒྲུང།
  10. ཕ་བསད་པར་རྒྱལ་རྔ་རྡུང་བ།
  11. གཡོ་ཅན་པདྨའི་རྩ་ལག་དང་བཟང་མོ།
  12. ཝས་ཤ་མ་ཟོས་གོང་རང་ཉིད་ཤི་བ།
  13. ཤར་བའི་བུ་གཡོ་སྒྱུས་བསད་པ།
  14. བུད་མེད་དང་ཝ་མོ།
  15. དེད་དཔོན་སེང་གེ།
  16. རྒྱལ་པོའི་བུ་དང་བྲམ་ཟེའི་བུ།
  17. རུས་སྦལ་སོ་ཡིས་བྱ་རྣམས་བསླུས།
  18. སྒྱུ་མས་སྤྲུལ་བའི་མི་ཚེ།
  19. བྲམ་ཟེ་བུས་ཕྲག་དོག་གིས་རྒྱལ་སྲས་བཀྲོང་བ།
  20. ཞི་ལའི་རྫུན་ཚིག
  21. ཁྲོན་པར་ལྷུང་བའི་མི།

གློག་ཀླད་དུ་འཇུག་སྒྲིག་པ། བསོད་ནམས་གཡུ་སྒྲོན།

མདུན་ཤོག

Menu