༡༽    ལོ་འདིར་ཤེས་རིག་ཁྱབ་ཁོངས་སློབ་གྲྭ་༨༢ ཡོད་པའི་འཛིན་སྐྱོང་ཁོགས་གཏོགས་གནས་སྟངས་གཤམ་གསལ་ལྟར་ཡིན།

ཨང༌། སྡེ་ཁག་སོ་སོའི་མཚན། སློབ་གྲྭ་གྲངས།
རྒྱ་གར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་ཁོངས། ༢༨
སཾ་བྷོ་ཊ་བོད་སློབ་འཛིན་སྐྱོང་ལས་ཁང་ཁོངས། ༡༦
དྷ་ས་བོད་ཁྱིམ་ཁོངས། ༡༨
མ་སུ་རི་བོད་ཁྱིམ་ཁོངས།
བལ་ཡུལ་ཁུལ་ཡོད་སློབ་གྲྭ། ༡༤
སྒེར་སྐྱོང་སློབ་གྲྭ
  བཅས་བསྡོམས།  ༨༢

    སློབ་གྲྭ་འདི་དག་ནང་ཁྱོན་བསྡོམས་སློབ་ཕྲུག་གྲངས་ ༢༧༢༢༤ དང༌། དགེ་རྒན་ལས་བྱེད་གྲངས་ ༢༢༥༥ ཡོད།
༢༽    ཕྱི་ལོ་ ༢༠༠༢ ཕྱི་ཟླ་ ༣ ནང་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་གཏོང་མཁན་གྲས་མ་སུ་རི་གཏན་སློབ་དང༌། ཌལ་ཧོར་གཏན་སློབ། སིམ་ལ་གཏན་སློབ། རྡོར་གླིང་གཏན་སློབ། ཀ་སྦུག་གཏན་སློབ། མོན་གྷོ་གཏན་སློབ། སྦེལ་ཀོབ་གཏན་སློབ། ཧར་པ་སྤུར་གཏན་སློབ། སྤོན་ཊ་གཏན་སློབ། ཀེ་ལ་མན་ཊོན་སློབ་གྲྭ། དྷ་ས་བོད་ཁྱིམ། མ་སུ་རི་བོད་ཁྱིམ། སྦེལ་ཀོབ་བོད་ཁྱིམ། བལ་ཡུལ་རྣམ་རྒྱལ་མཐོ་སློབ་བཅས་སློབ་ཁག ༡༤ ནང་ནས་སློབ་ཕྲུག་བསྡོམས་གྲངས་ ༡༠༠༨ ཡོད་ཁོངས་ནས་གྲུབ་འབྲས་ཨང་སྡེ་དང་པོ་སློབ་གྲངས་ ༤༥༦ དང་ཨང་སྡེ་གཉིས་པ་སློབ་གྲངས་ ༣༡༡ ཨང་སྡེ་གསུམ་པ་སློབ་གྲངས་ ༧༤ སློབ་ཚན་གཅིག་བསྐྱར་རྒྱུགས་གཏོང་དགོས་པ་སློབ་གྲྭངས་ ༨༧ ཡིག་རྒྱུགས་མ་འཕྲོད་པ་སློབ་གྲངས་ ༣༤ བཅས་བྱུང་ཡོད།
༣༽    གཏན་ཉིན་སློབ་གྲྭ་ཁག་དང་མཐོ་སློབ་ཁག་ནས་སློབ་ཐོན་ཡོང་བཞིན་པའི་སློབ་ཕྲུག་ཁོངས་ནས་རང་རང་ཤེས་ཚད་དང༌། སྤྱི་ཚོགས་ཀྱི་འཕྲལ་ཕུགས་དགོས་གལ་ལ་གཞིགས་པའི་མཐོ་རིམ་དང་ཆེས་མཐོའི་སློབ་སྦྱོང་དང༌། བཟོ་རིག་དང་ལས་རིགས་སློབ་སྦྱོང་བཅས་པར་སློབ་ཡོན་འཆར་བཀོད་ཀྱིས་ཕྱི་ནང་རོགས་ཚོགས་ཁག་ལ་འབོད་སྐུལ་ཞུས་འབྲས་ལོ་འདིར་ཁྱོན་བསྡོམས་སློབ་ཡོན་ ༡༢༥ ཐབས་འཚོལ་ཐུབ་ཡོད།
༤༽    གཏན་ཉིན་སློབ་གྲྭ་ཁག་ནས་སློབ་ཐོན་དང༌། དང་སློབ་འཛུལ་ཞུགས་ཁོངས་ནས་སྒྲིག་གསལ་ཞབས་ཡུན་གཙང་སྟེ་ལུགས་མཐུན་རྩ་དགོངས་ཞུས་འཁྲོལ་བྱུང་བ། བོད་ནས་གསར་འབྱོར་བ་བཅས་ན་གཞོན་སློབ་སྦྱོང་དོན་གཉེར་ཅན་ཨང་རིམ་རྩེ་བཏོག་གིས། སྤྱི་ཚོགས་ཀྱི་དགོས་མཁོར་གཞིགས་པར་ཤེས་རིག་སློབ་ཡོན་ཚོགས་ཆུང་གིས་འདེམས་སྒྲུག་དང་འབྲེལ་སློབ་ཡོན་བགོས་འགྲེམས་ཞུས་འབྲས་སུ་བོད་ཕྲུག ༩༨ ལ་ཁྲིམས་དོན་དང༌། སྨན་ཞབས། འབུམ་རམས་པ། ཉེ་བའི་གཙུག་ལག་རབ་འབྱམས་པ། དགེ་འོས། མ་བྱན། སྨན་པ། ཁང་བཟོ་སོགས་ཀྱི་སློབ་སྦྱོང་གོ་སྐབས་ཐོབ། གོང་གསལ་སློབ་ཕྲུག་ཚོའི་སློབ་སྦྱོང་གི་དུས་ཡུན་ཆ་སྙོམ་ལོ་གཉིས་རེ་བརྩིས་སློབ་ཡོན་དངུལ་སྒྱུར་ཞུས་ན་ཧིན་སྒོར་ ༢༨༡༥༥༤༠ ཐོབ།
༥༽    ཨ་རི་གཞུང་ནས་ལོ་ལྟར་བོད་ཕྲུག་ ༡༥ ལ་སློབ་སྦྱོང་བྱ་རྒྱུའི་སློབ་ཡོན་རོགས་རམ་གནང་མུས་ལྟར་ཕྱི་ལོ་ ༢༠༠༡ ལོར་འདེམས་སྒྲུག་ཟིན་པའི་སློབ་ཕྲུག ༡༥ ཕྱི་ཟླ་ ༨ ནང་ཨ་རིར་བཏང༌། ཕྱི་ལོ་ ༢༠༠༣ ལོར་ཨ་རིར་སློབ་སྦྱོང་དུ་གཏོང་རྒྱུའི་མི་འགྲོ་ ༡༥ འདེམས་སྒྲུག་བྱས། སྔ་ལོ་འདེམས་སྒྲུག་ཟིན་པའི་སློབ་ཕྲུག་གཉིས་དམིགས་ཡུལ་ལྟར་ཨ་རིའི་བྷེ་རི་ཡ་མཐོ་སློབ་ཏུ་ལོ་བཞིའི་སློབ་སྦྱོང་ཆེད་བཏང་ཞིང་ཕྱི་ལོ་ ༢༠༠༣ ནང་ཨ་རིའི་བྷེ་རི་ཡ་མཐོ་སློབ་ཏུ་གཏོང་རྒྱུའི་སློབ་གཉེར་བ་གཉིས་འདེམས་སྒྲུག་ཟིན། དེ་བཞིན་དབྱིན་ཡུལ་པེ་སེ་ཊོལ་ལོ་ཛི་ཁྱིམ་སྡེའི་གོ་སྒྲིག་འོག་ཧ་སེ་ཊིང་མཐོ་སློབ་ཏུ་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཆེད་སློབ་ཕྲུག་གཉིས་བཏང༌། རྒྱ་གར་སྤུ་ན་(United World College UWC)མཐོ་སློབ་ནང་རང་རིགས་སློབ་ཕྲུག་གཅིག་ལ་ལོ་གཉིས་རིང་ཞབས་སྟེགས་ཟུར་བཅད་བྱུང་ཡོད་པ་ལྟར་འདེམས་གཏོང་བྱས། ཐའི་ལན་ཌིའི་ཨེ་ཤ་ཡ་འཕྲུལ་རིག་(AIT)མཐོ་སློབ་ཏུ་ལོ་གཉིས་རིང་རང་རིགས་སློབ་ཕྲུག་གཅིག་ལ་སློབ་ཡོན་ཞལ་བཞེས་བྱུང་བ་ལྟར་འདེམས་གཏོང་ཟིན།
༦༽    ཨ་རི་སན་ཕ་རན་སི་ཀོ་མཐོ་སློབ་ཏུ་སློབ་ཕྲུག་གཅིག་ལ་ལོ་བཞིའི་རིང་སློབ་སྦྱོང་དང༌། ཨི་ཊ་ལི་བྷོ་ཛན་གཙུག་ལག་སློབ་ཁང་(Bozen University) ནང་རང་རིགས་སློབ་ཕྲུག་གཅིག་ལ་ལོ་གསུམ་རིང་སློབ་སྦྱོང༌། ཕ་རན་སི་གཞུང་ནས་ ཐའི་ལན་ཌིའི་ཨེ་ཤ་ཡ་འཕྲུལ་རིག་ (Asian Institute of Technology, Bangkok, Thailand)མཐོ་སློབ་ནང་རང་རིགས་སློབ་ཕྲུག་གཉིས་ལ་སློབ་སྦྱོང་བཅས་ཀྱི་སློབ་ཡོན་རོགས་རམ་གནང་བ་རྣམས་ཀྱི་མི་འགྲོ་འདེམས་སྒྲུག་བྱས་ཟིན་ཏེ། ལོ་རྗེས་མའི་ནང་ཁུངས་སོ་སོར་གཏོང་གཏན་འཁེལ།
༧༽    ལོ་འདིའི་ནང་ཕྱི་རྒྱལ་རོགས་ཚོགས་ཁག་དང་རང་རིགས་འབྱོར་ལྡན་ཁག་ལ་རེ་སྐུལ་ཞུས་འབྲས་སུ་སློབ་ཡོན་དང་འཚོ་སྣོན་གསར་ཐོབ་གྲངས་ ༡༤༣ བྱུང་ཡོད།
༨༽    ཆེས་ཉམ་ཐག་དང་སྤྱིར་བཏང་ཉམ་ཐག དམིགས་བསལ་ཉམ་ཐག་རྣམས་ཀྱི་བུ་ཕྲུག་ལ་སློབ་ཡོན་དང་འཚོ་སྣོན་རོགས་རམ་སོགས་སྔར་བཞིན་གནང་མུས་སུ་མཆིས།
༩༽    བོད་མིའི་གཞིས་སྒར་ཁག་སོགས་ཀྱི་ནང་ཡོད་པའི་ཉིན་སློབ་ཁག་ནས་ས་གནས་དེ་གའི་མཐའ་མའི་འཛིན་རིམ་ཐོན་པའི་སློབ་ཕྲུག་རྣམས་དང༌། དེ་མིན་སློབ་ཡོན་ཐབས་འཚོལ་དོན་སྨིན་བྱུང་བའི་ཉམ་ཐག་ཕྲུ་གུ་སློབ་ལོ་སོན་རིགས། སློབ་ཡོན་ཆ་ཚང་ཕ་མ་རང་ངོས་ནས་བསྒྲུབ་རྒྱུར་གཏན་སློབ་ཁག་ཏུ་སློབ་འཇུག་ཞུ་མཁན་གྱི་བུ་ཕྲུག་བཅས་ལོ་འདིའི་ནང་ཁྱོན་བསྡོམས་ཕྲུག་གྲངས་ ༦༡༠ མཆིས་ཁོངས་ནས་སློབ་ཡོན་རྩ་ཆག་གིས་སློབ་བཞེས་གནང་བ་ཕྲུག་གྲངས་ ༤༩ དང༌། སློབ་ཡོན་ཕྱེད་ཆག་ཐོག་སློབ་བཞེས་གནང་བ་ཕྲུག་གྲངས་ ༡༨༠ བོད་སློབ་འཛིན་ཚོགས་བརྒྱུད་སློབ་ཡོན་བྱུང་བ་ཕྲུག་གྲངས་ ༩༤ སློབ་ཡོན་ཆ་ཚང་ཕ་མ་རང་ངོས་ནས་སྒྲུབ་འབུལ་ཞུས་པ་ཕྲུག་གྲངས་ ༢༨༧ ཡོད། དེ་བཞིན་བལ་ཡུལ་བོད་མིའི་གཞིས་སྒར་ཁག་སོགས་ཀྱི་ནང་ཡོད་པའི་གཏན་ཉིན་སློབ་ཁག་ནས་མཐའ་མའི་འཛིན་རིམ་ཐོན་པའི་ཕྲུག་གུ་དང་ཉམ་ཐག་བཅས་བསྡོམས་ཕྲུག་གྲངས་ ༣༣ བལ་ཡུལ་རྣམ་རྒྱལ་མཐོ་སློབ་ཏུ་སློབ་འཇུག་བྱས།
༡༠༽    སྤོན་ཊ་གཏན་སློབ་ཏུ་དགེ་ལས་རྣམས་ཀྱི་ལས་ཤག་གསར་སྐྲུན་བྱེད་འགོ་བཙུགས། སྤོན་ཊ་གཏན་སློབ་ཀྱི་བུའི་ཉལ་ཁང་རྙིང་པ་དེ་ཉམས་བཟོ་བྱས་ཏེ་དམའ་རིམ་འཛིན་ཁང་ཁག་ཏུ་བསྒྱུར་རྒྱུའི་འཆར་གཞི་བཏིང་ཡང་ཁང་རྙིང་དེའི་སྐོར་ས་གནས་མི་མང་ནས་བདེ་སྡུག་རིམ་ཞུས་ཀྱིས་ཕྱིར་སློག་གནང་དགོས་བྱུང་བར་བརྟེན་ཉམས་གསཽའི་འཆར་གཞི་ཕྱིར་འཐེན་བྱས།
༡༡༽    འབྲུག་ཡུལ་སློབ་གྲྭ་ཁག་བཞིའི་འཛིན་ཁང་ཉམས་བཟོའི་ལས་གཞི་ཆ་ཚང་མཇུག་སྒྲིལ་ཟིན་ཞིང༌། ཌལ་ཧོར་གཏན་སློབ་ཀྱི་ཚོགས་ཁང་ཉམས་བཟོ་དང་མཐུན་རྐྱེན་ཡར་རྒྱས་བཏང༌། ཀ་ལེ་མན་ཀྲོན་དོན་གྲུབ་གླིང་གཞིས་སློབ་ཀྱི་ཚོགས་ཁང་གསར་རྒྱག་ཟིན། བལ་ཡུལ་རྣམ་རྒྱལ་འབྲིང་སློབ་ཀྱི་སློབ་ཕྲུག་དབོར་འདྲེན་ཆེད་འགྲུལ་འཁོར་ཞིག་གསར་ཉོ་བྱས།
༡༢༽    ཅོན་ཏ་ར་གཏན་སློབ་གནས་སྤར་བྱས་པ་ལྟར་དགོས་མཁོའི་མཐུན་རྐྱེན་ཡར་རྒྱས་བཏང་ཐོག་རྩེད་ཐང་འཁོད་སྙོམས་དང༌། ལྕགས་རི་བསྐོར་རྒྱུ་བཅས་ཀྱི་ལས་གཞི་འགོ་བཙུགས་ཟིན་ཏེ་གྲུབ་ཉེར་གནས། ཤྲི་ན་གར་བོད་རིགས་ཁ་ཆེའི་སློབ་གྲྭ་གསར་རྒྱག་གི་ལས་གཞིའི་ཐོག་དམིགས་བསལ་རོགས་རམ་གནང་སྟེ་ཨར་ལས་འགོ་བཙུགས་བྱས།
༡༣༽    ཀུ་ལུ་བྷུན་ཏར་སློབ་གྲྭ་བཀའ་ཤག་སྐབས་གོང་མའི་དུས་ནས་སྤུས་ཉོ་གནང་གཏན་འཁེལ་བ་ལྟར་རིན་གོང་བསྐྱར་བསྒྲིགས་ཀྱིས་སྤུས་གཟིགས་གནང་སྟེ་ཕྱི་ཟླ་ ༧ ཚེས་ ༡༦ ཉིན་སྒོ་འབྱེད་བྱས།
༡༤༽    ཕྱི་ལོ་ ༢༠༠༠ ལོར་འགོ་བཙུགས་ཞུས་པའི་ལོ་གཉིས་དུས་ཡུན་གྱི་སྔོན་འགྲོའི་དགེ་རྒན་འོས་སྦྱོང་དེ་ཕྱི་ལོ་ ༢༠༠༢ ཕྱི་ཟླ་ ༨ ཚེས་ ༣༡ ཉིན་མཇུག་བསྡོམས་དང་སྦྲགས་གྲུབ་འབྲས་ཨང་རིམ་རྩེ་བཏོག་གིས་མི་གྲངས་ ༡༥ ལ་ལས་ཀ་སྤྲད།
༡༥༽    ཕྱི་ལོ་ ༢༠༠༢ ཕྱི་ཟླ་ ༡༢ ནང་བོད་ཡིག་ཐོག་ཤེས་ཡོན་དུས་དེབ་གསར་པ་ཤེས་རིག་ཅེས་པ་གསར་དུ་འདོན་འགྲེམས་ཞུ་འགོ་བཙུགས།
༡༦༽    བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ནས་ལོ་ ༣༦༠ འཁོར་བའི་དུས་དྲན་གྱི་ཆ་ཤས་སུ་ཕྱི་ལོ་ ༢༠༠༢ ཕྱི་ཟླ་ ༡༢ ཚེས་ ༡༠ ྋགོང་ས་མཆོག་ལ་ནོར་སྦེལ་འཛམ་གླིང་ཞི་བདེའི་གཟེངས་རྟགས་འབུལ་བཞེས་བསྐྱངས་པའི་དུས་ཆེན་མཛད་སྒོའི་ཐོག་རང་རེའི་སློབ་གྲྭ་ཁག་ནས་འཛིན་རིམ་ ༡༢ པའི་ཡིག་རྒྱུགས་ནང་ཚན་རིག་དང་སྒྱུ་རྩལ། བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་སློབ་མ་སངས་རྒྱས་ཆོས་སྒྲོན་ལ་དགའ་ལྡན་ཕོ་བྲང་སློབ་ཕྲུག་གི་བྱ་དགའ་གནང་བཞིན་པ།ཚོང་རིག་བཅས་རིག་ཚན་ཁག་གསུམ་སོ་སོའི་ཐད་ཨང་རིམ་རྩེ་ཕུད་སོན་པའི་བོད་ཕྲུག་རེ་རེ་བརྩིས་ཁྱོན་བསྡོམས་སློབ་ཕྲུག་རྩེ་ཕུད་གསུམ་ལ་དགའ་ལྡན་ཕོ་བྲང་སློབ་ཕྲུག་གི་བྱ་དགའ་ཞེས་པའི་གཟེངས་བསྟོད་ལག་འཁྱེར་དང༌། དངུལ་སྒོར་ ༥༠༠༠ ཉིན་གུང་ཤེས་རིག་བཀའ་བློན་མཆོག་དང་དྲུང་ཆེའི་ལྷན་དུ་གསོལ་སྟོན། ལམ་གྲོན། ཁང་གླ་བཅས་ཆ་ཚང་གནང༌། དེ་ནས་བཟུང་ད་བར་དགའ་ལྡན་ཕོ་བྲང་སློབ་ཕྲུག་བྱ་དགའ་ལོ་ལྟར་ཆད་མེད་གནང་བཞིན་པ་ཡིན།
༡༧༽    བཙན་བྱོལ་བོད་རིགས་སྒེར་པའི་ཁོངས་ནས་ད་ཕན་ཉམ་ཐག་བོད་ཕྲུག ༢༠ ལས་མང་བར་རྒྱུན་མཐུད་དུ་སློབ་ཡོན་སྦྱིན་བདག་གནང་མཁན་ལྔ་ལ་པདྨོ་སྐྱོབ་ཞེས་པའི་གཟེངས་རྟགས་གོང་གསལ་མཛད་སྒོའི་ཐོག་ཕུལ།
༡༨༽    དགའ་ལྡན་ཕོ་བྲང་དབུ་བརྙེས་པའི་རྗེས་དྲན་ལོ་འཁོར་འགྲོ་བཞིན་པ་དང་སྟབས་བསྟུན་ཕྱི་ལོ་ ༢༠༠༢ ཕྱི་ཟླ་ ༡༡ ཚེས་ ༡༤ ཉིན་རྒྱ་གར་རྒྱལ་ཡོངས་ཕྲུ་གུའི་ཉིན་མོར་དྷ་ས་མེག་གྷན་གཡས་གཡོན་དུ་ཡོད་པའི་རྒྱ་གར་སློབ་གྲྭ་ཁག་ལ་རྒྱབ་ཁུག་གྲངས་ ༣༦༠ དང་ཡིག་ཆས་ཞ་སྨྱུག་སོགས་རིན་མེད་དུ་ཕུལ།
ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་གིས་རྒྱ་གར་སློབ་ཕྲུག་ཚོར་དཔེ་ཁུག་གནང་བཞིན་པ།༡༩༽    བྱིས་པའི་བློ་དང་འཚམས་པར་གོ་བདེར་བཅོས་སྒྲིག་ཐོག་རི་མོས་བརྒྱན་པའི་འཁྲུངས་གླིང་མེ་ཏོག་ར་བ་ཞེས་པའི་སྒྲུང་དེབ་གཅིག་དང༌། ཕ་ཡུལ་གྱི་ཕྱོགས་བསྡུས་དེབ་ཕྲེང་གསུམ། ཕྱི་གླིང་སྒྲུང་གཏམ་ཕྱོགས་བསྒྲིགས། བོད་ཀྱི་དུས་ཆེན་ངོ་སྤྲོད། ྋརྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱི་མཛད་རྣམ་སྙིང་བསྡུས། དབྱར་དགུན་གུང་གསེང་སོགས་ཀྱི་སྐབས་སུ་སློབ་ཕྲུག་རང་ངོས་ནས་བྲིས་པའི་སྒྲུང་གཏམ་མམ་རྒན་རབས་ཀྱི་ངག་ལས་ཉན་པའི་གནའ་སྒྲུང་ལེགས་གྲས་རྣམས་བསྡུ་རུབ་ཀྱིས་བྱིས་པའི་བརྩམས་སྒྲུང་་ཁྲུག་རྩོད་ཞི་བའི་སྨན། ཕ་ཡུལ་གྱི་ཕྱོགས་བསྒྲིགས་དེབ་རྡོའི་གསེང་ནས་རྙེད་པའི་བྱིས་པ་དང༌། ཝེ་ནི་སིའི་ཚོང་པ། ཚ་ལུ་མའི་བུ་མོ། སྟག་མོའི་ཁ་ཆེམས་བཅས་རྩོམ་སྒྲིག་དང་པར་སྐྲུན་གྱིས་སློབ་གྲྭ་ཁག་ལ་རིན་མེད་འགྲེམས་སྤེལ་བྱས།
༢༠༽    དབྱིན་བོད་ཚིག་མཛོད་གསར་མ་བསྐྱར་དུ་དེབ་གྲངས་ ༡༥༠༠ པར་སྐྲུན་བྱས།
༢༡༽    ལོ་འདིའི་ཟླ་བ་ ༣ ནང་རང་གཞུང་བཀའ་ཤག་གི་བཀའ་འབྲེལ་ལྟར་ཤེས་རབ་དགའ་ཚལ་སློབ་གླིང་དེ་ཉིད་སྣེ་ལེན་འབྲེལ་མཐུད་ཁང་ནས་ཤེས་རིག་ལས་ཁུངས་ཀྱིས་རྩིས་ལེན་བྱས། སློབ་གྲྭ་འདི་ཉིད་བོད་ནས་གསར་ཕེབས་ལོ་ན་ ༡༨ ནས་ ༣༠ བར་སོན་པ་རྣམས་ལ་ཤེས་ཡོན་དང་ལག་ཤེས་སོགས་ཀྱི་སློབ་སྦྱོང་གོ་སྐབས་ཐོབ་ཆེད་དུ་ཕྱི་ལོ་ ༡༩༩༣ ཟླ་ ༣ ཚེས་ ༧ ཉིན་སྣེ་འབྲེལ་ཁང་གི་ཁྱབ་ཁོངས་སུ་གསར་དུ་བཙུགས་ཤིང༌། ཕྱི་ལོ་ ༡༩༩༣ ནས་ ༢༠༠༨ ཕྱི་ཟླ་ ༡༡ ཚེས་ ༣༠ བར་བོད་ནས་གསར་དུ་འབྱོར་བ་བུ་གྲངས་ ༤༤༨༦ དང་བུ་མོ་གྲངས་ ༡༥༤༥ བསྡོམ་ ༦༠༣༡ འབྱོར་ཡོད།
༢༢༽    ཤེས་ཡོན་སྲིད་བྱུས་ཀྱི་ཟིན་བྲིས་སྔ་ལོ་ཕུལ་བ་དེའི་སྐོར་ཤེས་རིག་ལས་ཁུངས་ཀྱིས་བཀའ་ཤག་ལ་བསྐྱར་སྐུལ་ཐེངས་ཁ་ཤས་ཞུས་ཤིང༌། བཀའ་ཤག་གསར་པའི་དགོངས་གཞིར་ཡོད་པའི་ཤེས་ཡོན་སྲིད་བྱུས་དང༌། ཟིན་བྲིས་འདིའི་ནང་གསལ་བའི་ནང་དོན་གཉིས་གཞི་རྩའི་ཁ་ཕྱོགས་དང་གནད་དོན་ཆེ་ཁག་འགའ་ཤས་ཐོག་ཁྱད་པར་བྱུང་བར་བརྟེན། བཅའ་ཁྲིམས་དགོངས་དོན་གྱི་ཤེས་ཡོན་སྲིད་བྱུས་ཤིག་གཏན་འབེབས་དགོས་ཚེ། ཟིན་བྲིས་རྙིང་པར་བསྐྱར་ཞིབ་དང་བཟོ་བཅོས་མི་དགོས་པར་ཟིན་བྲིས་གསར་པ་ཞིག་བཟོ་འགོད་དགོས་པའི་གཟིགས་ཚུལ་བྱུང༌།
 

Menu