༡༽    ལོ་འདིར་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་
    ཀ བོད་སློབ་འཛིན་ཚོགས་དང་འདི་ག་ཐུན་མོང་ནས་གཟིགས་རྟོག་དགོས་པ་སློབ་གྲངས།    ༢༨
    ཁ སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་གི་ཁྱབ་ཁོངས་སློབ་གྲངས།                ༡༥
    ག བོད་ཁྱིམ་གཉིས་ཁྱབ་ཁོངས་དང་བཅས་ལ་སློབ་གྲངས།                ༢༠
    ང ཤེས་རིག་ནས་གཟིགས་རྟོག་འོག་བལ་ཡུལ་ཁུལ་དུ་སློབ་གྲངས།            ༡༤
    ཅ སྒེར་སོ་སོས་འཛིན་སྐྱོང་འོག་སློབ་ཁག                        ༤
        བཅས་གོང་གསལ་ཁག་བསྡོམས༌༨༡ ཡོད་པའི་ནང་ཁྱོན་བསྡོམས་སློབ་ཕྲུག་གྲངས་ ༢༧༨༧༩ དང༌། དགེ་རྒན་ལས་བྱེད་གྲངས་ ༢༠༧༩ བཅས་ཡོད།
༢༽    ༢༠༠༡ ཕྱི་ཟླ་ ༣ ནང་རྒྱ་གར་རྒྱལ་ཡོངས་འཛིན་རིམ་ ༡༢ ནང་ཡིག་རྒྱུགས་གཏོང་མཁན་གྲས་མ་སུ་རི་གཏན་སློབ་དང་ ཌལ་ཧོར་གཏན་སློབ། སིམ་ལ་གཏན་སློབ། རྡོར་གླིང་གཏན་སློབ། ཀ་སྦུག་གཏན་སློབ། མོན་གྷོ་གཏན་སློབ། སྦེལ་ཀོབ་གཏན་སློབ། ཧར་པ་སྤུར་གཏན་སློབ། སྤོན་ཊ་གཏན་སློབ། ཀ་ལ་མོན་ཊོན་སློབ་གྲྭ དྷ་ས་བོད་ཁྱིམ། མ་སུ་རི་བོད་ཁྱིམ། སྦེལ་ཀོབ་བོད་ཁྱིམ། བལ་ཡུལ་རྣམ་རྒྱལ་མཐོ་སློབ་བཅས་སློབ་ཁག ༡༤ ཡོད་པའི་སློབ་ཕྲུག་བསྡོམས་གྲངས་ ༩༡༦ ཡོད་ཁོངས་ནས་གྲུབ་འབྲས་ཨང་སྡེ་དང་པོ་གྲངས་ ༢༨༦ དང་ཨང་སྡེ་གཉིས་པ་གྲངས་ ༤༧༢ ཨང་སྡེ་གསུམ་པ་གྲངས་ ༣༩ སློབ་ཚན་གཅིག་བསྐྱར་རྒྱུགས་གཏོང་དགོས་པ་གྲངས་ ༦༥ ཡིག་རྒྱུགས་མ་འཕྲོད་པ་གྲངས་ ༢༣ བཅས་བྱུང་ཡོད།
༣༽    གཏན་ཉིན་སློབ་གྲྭ་ཁག་དང༌། མཐོ་སློབ་ཁག་ནས་སློབ་ཐོན་ཡོང་བཞིན་པའི་སློབ་ཕྲུག་ཁོངས་ནས་རང་རང་ཤེས་ཚད་དང༌། རང་རེའི་སྤྱི་ཚོགས་གཞུང་མང་ལ་འཕྲལ་ཕུགས་གཉིས་སྨན་དགོས་གལ་ལ་གཞིགས་པའི་མཐོ་སློབ་དང༌། ཆེས་མཐོའི་མཐོ་སློབ། ལག་ཤེས་ཅི་རིགས་ཀྱི་སློབ་སྦྱོང་སོགས་ལ་སློབ་ཡོན་འཆར་བསྒྲིགས་ཀྱིས་ཕྱི་ནང་རོགས་ཚོགས་ཁག་ལ་རོགས་རམ་འབོད་སྐུལ་ཞུས་འབྲས་ལོ་འདིར་ཁྱོན་བསྡོམས་སློབ་ཡོན་གྲངས་ ༡༡༠ རོགས་རམ་དོན་སོན་བྱུང༌།
༤༽    གཏན་ཉིན་སློབ་གྲྭ་ཁག་ནས་སློབ་ཐོན་རྗེས་སུ་དང་སློབ་ཏུ་འཛུལ་ཞུགས་ཁོངས་ནས་སྒྲིག་གསལ་ཞབས་ཡུན་གཙང་སྟེ་ལུགས་མཐུན་རྩ་དགོངས་ཞུས་འཁྲོལ་བྱུང་བ། བོད་ནས་གསར་དུ་འབྱོར་བ་སོགས་ལ་ལོ་འདིར་ཁྲིམས་དང༌། ཀམ་པུ་ཊར། སྨན་ཞབས། ལུས་རྩལ། ཆེས་མཐོའི་ཉམས་ཞིབ། གཙུག་ལག་རབ་འབྱམས་པ་སོགས་ཀྱི་སློབ་སྦྱོང་ཆེད་ཁྱོན་བསྡོམས་སློབ་ཕྲུག ༡༠༢ ལ་སློབ་ཡོན་གནང༌། གོང་གསལ་སློབ་ཕྲུག་ཚོའི་སློབ་སྦྱོང་གི་དུས་ཡུན་ཆ་སྙོམས་ལོ་གཉིས་རེ་བརྩིས་སློབ་ཡོན་དངུལ་སྒྱུར་ཧིན་སྒོར་ ༡༤༦༥༢༣༠ ཐོབ།
༥༽    ཨ་རི་གཞུང་ནས་ལོ་ལྟར་བོད་ཕྲུག་གྲངས་ ༡༥ ལ་སློབ་སྦྱོང་བྱ་རྒྱུའི་སློབ་ཡོན་རོགས་རམ་གནང་མུས་ལྟར་ཕྱི་ལོ་ ༢༠༠༠ ལོར་འདེམས་སྒྲུག་ཟིན་པའི་སློབ་ཕྲུག་གྲངས་ ༡༥ ཕྱི་ལོ་ ༢༠༠༡ ཕྱི་ཟླ་ ༨ ནང་ཨ་རིར་བཏང༌། ལོ་རྗེས་མ་ཨ་རིར་གོང་བཞིན་གཏོང་རྒྱུའི་སློབ་ཕྲུག༌༡༥ དང༌། ཨ་རི་(Berea)མཐོ་སློབ་ཏུ་གཏོང་རྒྱུའི་སློབ་གཉེར་བ་ ༢ འདེམས་སྒྲུག་ཟིན།
༦༽    གཞན་ཡང་ལོ་འདིའི་ནང་ཨ་རི་བྷེ་རི་ཡ་མཐོ་སློབ་ཏུ་སློབ་ཕྲུག་གཉིས་ལོ་བཞིའི་རིང་སློབ་སྦྱོང་ཆེད་དང༌། དབྱིན་ཡུལ་པེ་སེ་ཊོལ་ལོ་ཛི་ཁྱིམ་སྡེ་(Pestalozzi Village)ཡིས་གོ་སྒྲིག་ཐོག་ཧ་སེ་ཊིང་(Hasting)མཐོ་སློབ་ཏུ་སློབ་ཕྲུག་གྲངས་བཞི་འཛིན་རིམ་ ༡༡ དང་ ༡༢ གཉིས་ཀྱི་སློབ་སྦྱོང་ཆེད། ཐེ་ཝན་གཞུང་གིས་སློབ་ཡོན་གནང་བ་ལྟར་ཐེ་ཝན་དུ་སློབ་ཕྲུག་བརྒྱད། སྤུ་ན་ United World College (UWC) མཐོ་སློབ་ནང་ལོ་གཉིས་སློབ་སྦྱོང་གི་ཟུར་བཅད་ཞབས་སྟེགས་ཡོད་པར་སློབ་ཕྲུག་གཅིག ཨ་རིའི་ཝ་ས་ཆེ་ཤེས་ཡོན་སློབ་སྡེའི་(Wasatch Academy) ནང་སློབ་ཕྲུག་གཉིས། ཨི་ཊ་ལིའི་ཊ་རན་ཊོ་(Tarento) མཐོ་སློབ་ནང་སློབ་ཕྲུག་གཅིག ཐའེ་ལན་ཌི་ར(ATT, Thailand) ལ་སློབ་གཉེར་ཆེད་མི་བཅས་འདི་ལོ་དངོས་སུ་གཏོང་ཐུབ་པ་བྱུང༌།
༧༽    ལོ་འདིའི་ནང་ཕྱི་རྒྱལ་རོགས་ཚོགས་ཁག་དང་རང་རིགས་འབྱོར་ལྡན་ཁག་ལ་རེ་སྐུལ་ཞུས་འབྲས་སུ་ཁྱོན་བསྡོམས་གཞི་རིམ་སློབ་ཡོན་ ༡༨༡ གསར་ཐོབ་བྱུང༌།
༨༽    བོད་མིའི་གཞིས་སྒར་ཁག་སོགས་ཀྱི་ནང་ཡོད་པའི་ཉིན་སློབ་ཁག་ནས་ས་གནས་དེ་གའི་མཐའ་མའི་འཛིན་རིམ་ཐོན་པའི་སློབ་ཕྲུག་རྣམས་དང༌། དེ་མིན་སློབ་ཡོན་ཐབས་འཚོལ་དོན་སྨིན་བྱུང་བའི་ཉམ་ཐག་ཕྲུ་གུ་སློབ་ལོ་སོན་རིགས། སློབ་ཡོན་ཆ་ཚང་ཕ་མ་རང་ངོས་ནས་ཕུལ་ཏེ་གཏན་སློབ་ཁག་ཏུ་སློབ་འཇུག་ཞུས་པ་བཅས་ཁྱོན་བསྡོམས་འདི་ལོ་ཕྲུ་གུ་ ༥༩༧ གཏན་སློབ་ཁག་ཏུ་སློབ་འཇུག་བྱས། དེའི་ཁོངས་ནས་སློབ་ཡོན་རྩ་ཆག་གིས་སློབ་བཞེས་གནང་བ་ཕྲུག་གྲངས་ ༨༧ དང་སློབ་ཡོན་ཕྱེད་ཆག་ཐོག་སློབ་བཞེས་གནང་བ་ཕྲུག་གྲངས་ ༡༧༧ བོད་སློབ་འཛིན་ཚོགས་བརྒྱུད་སློབ་ཡོན་ཐོབ་པ་ཕྲུག་གྲངས་ ༡༡༡ སློབ་ཡོན་ཆ་ཚང་ཕ་མ་རང་ངོས་ནས་སྒྲུབ་འཇལ་གྱིས་སློབ་བཞེས་གནང་བ་ཕྲུག་གྲངས་ ༢༢༢ བཅས་ཡོད།
༩༽    ཅོན་ཏ་ར་སློབ་གྲྭ་རྒྱ་བསྐྱེད་དང་གནས་སྤར་གནང་ཆེད་དགོས་མཁོའི་འཛིན་ཁང་དང༌། ཀམ་པུ་ཊར་སློབ་ཁང༌། དཔེ་མཛོད། ཚན་རིག་ཁང་བཅས་གསར་རྒྱག་གི་ཨར་ལས་མཇུག་སྒྲིལ་ཟིན།
༡༠༽    འབྲུག་སྡོད་བོད་མིའི་གཞིས་ཁག་གི་སློབ་གྲྭའི་འཛིན་ཁང་ཉམས་བཟོ་ལས་དོན་དངོས་སུ་འགོ་བཙུགས་ཤིང༌། སྤོག་རེ་སྦོང་སློབ་གྲྭའི་དགེ་ལས་རྣམས་ཀྱི་ལས་ཤག་གསར་རྒྱག་དང་འཛིན་ཆས་མཁོ་བསྒྲུབས་བྱས། བྷེལ་ཀོབ་ལུགས་བསམ་གཞིས་ཁོངས་ཉིན་སློབ་ཀྱི་བོད་ཕྲུག་སློབ་གྲྭར་དུས་ཐོག་སྐྱེལ་འདྲེན་ཆེད་འགྲུལ་སྐྱེལ་སྣུམ་འཁོར་ཞིག་གསར་ཉོ་བྱས།
༡༡༽    སྤོན་ཊ་གཏན་སློབ་དང་ཌལ་ཧོར་གཏན་སློབ་གཉིས་ཀྱི་དཔེ་མཛོད་ཁང་ནང་མཁོ་གལ་ཆེ་བའི་དེབ་རིགས་འདྲ་མིན་མཁོ་སྒྲུབ་དང༌། དྷོ་ལན་ཇི་བོན་གཞིས་ཉིན་སློབ་ཏུ་འཛིན་ཁང་ཁ་སྣོན་གཉིས་འཛུགས་སྐྲུན་ཟིན། མེའོ་སློབ་གྲྭར་བཞེས་ལག་མཆོད་ཁང་དང༌། གསོལ་ཐབ་བཅས་ཀྱི་ཨར་ལས་མཇུག་སྒྲིལ་ཟིན། ཨོ་རི་ས་ཉིན་སློབ་ཏུ་ཡང་གསོལ་ཐབ་དང་བཞེས་ལག་མཆོད་ཁང་བཅས་ཀྱི་ཨར་ལས་མཇུག་སྒྲིལ་ཟིན།
༡༢༽    ས་རཱ་བོད་ཀྱི་མཐོ་རིམ་སློབ་ཁང་དུ་མཐོ་རིམ་བོད་དགེ་གྲངས་ ༡༧ ལ་བོད་ཡིག་སློབ་ཁྲིད་ཐབས་ལམ་ཐོག་ཟབ་སྦྱོང་ཞིག་ཟླ་ ༡༠ ཚེས་ ༡ ནས་ཚེས་ ༡༠ བར་གོ་སྒྲིག་བྱས་ཤིང༌། འབྲིང་རིམ་ཚན་རིག་དང་ཨང་རྩིས་དགེ་རྒན་གྲངས་ ༣༠ ལ་སྤོན་ཊ་གཏན་སློབ་ཏུ་ཟླ་ ༡༠ ཚེས་ ༡༩ ནས་ཚེས་ ༢༨ བར་ཟབ་སྦྱོང་གོ་སྒྲིག་བྱས། ཟླ་ ༥ ཚེས་ ༢ ནས་ཚེས་ ༡༥ བར་གཏན་ཉིན་སློབ་ཁག་གི་དམའ་རིམ་དགེ་རྒན་གྲངས་ ༣༠ ལ་ཨང་རྩིས་དང་ཚན་རིག་བོད་སྐད་ལམ་ནས་སློབ་ཁྲིད་བྱ་ཐབས་ཀྱི་ཟབ་སྦྱོང་གོ་སྒྲིག་བྱས། ཟླ་ ༧ ཚེས་ ༡༦ ནས་ཚེས་ ༣༠ བར་འབྲིང་རིམ་བོད་དགེ་རྣམས་ལ་བོད་ཡིག་འབྲི་རྩལ་ཡར་རྒྱས་དང་འབྲེལ་བའི་ཟབ་སྦྱོང་ཞིག་སཱ་ར་བོད་ཀྱི་མཐོ་རིམ་སློབ་ཁང་དུ་གོ་སྒྲིག་བྱས།
༡༣༽    ཟླ་ ༨ ཚེས་ ༡༧ ཉིན་ལོ་གཉིས་ཀྱི་ཟློས་དགེ་འོས་སྦྱོང་མཇུག་བསྡོམས་དང་སྦྲགས་འོས་སྦྱོང་པ་གྲངས་ ༡༨ ཡོད་པ་ནས་ཨང་རིམ་རྩེ་བཏོག་གིས་མི་གྲངས་ ༡༠ ལས་བསྐོས་གནང༌། དེ་འཕྲོས་ལྷག་མ་རྣམས་ལའང་རིམ་པས་ས་མིག་སྟོང་པ་ནམ་ཐོན་ལ་སོ་སོའི་གྲུབ་འབྲས་ལ་གཞིགས་ནས་ལས་གནས་བསྐོ་བཞག་ནང་གཏན་འཁེལ།
༡༤༽    འཛིན་རིམ་དྲུག་པའི་ཨང་རྩིས་སློབ་དེབ་དང་ཚན་རིག་སློབ་དེབ་བོད་སྒྱུར་ཞུ་འགོ་བཙུགས་ཤིང༌། སཾ་བྷོ་ཊའི་སློབ་གྲྭ་ཁག་ནང་རྒྱ་ཡིག་སློབ་ཁྲིད་བྱ་རྒྱུ་གནས་སྐབས་འཕར་འགྱངས་བྱས།
༡༥༽    སྒང་ཏོག་འབྲིང་རིམ་སློབ་གྲྭའི་ས་ཆ་ཆུ་ས་ཡིན་པར་བརྟེན་བརྟན་པོ་མེད་པའི་དཀའ་ངལ་ལ་གཞིགས་ཏེ། དམའ་རིམ་སློབ་གྲྭར་བསྒྱུར་གཏན་འཁེལ་ཡང་སྒང་ཏོག་མི་མང་གིས་ལོ་གཅིག་རིང་འབྲིང་རིམ་སློབ་གྲྭའི་ངོ་བོར་རང་འཇགས་འཇོག་དགོས་ཞུས་པ་ལྟར་འཇོག་རྒྱུ་ཐུགས་གཏན་འཁེལ་སྟབས། སྤོག་རེ་སྦོང་གི་སློབ་གྲྭ་འབྲིང་རིམ་སློབ་གྲྭར་བསྒྱུར་འཆར་དེ་ཡང་སློབ་གྲྭ་གཉིས་ཕན་ཚུན་འབྲེལ་ཆགས་ལ་བརྟེན་ངང་འཐེན་བྱེད་དགོས་བྱུང༌།
༡༦༽    ཤེས་ཡོན་སྲིད་བྱུས་ཀྱི་ཟིན་བྲིས་བོད་སྒྱུར་གྱིས་བཀའ་ཤག་ཏུ་ཐུགས་ཞིབ་དང་གཏན་འབེབས་ཆེད་འབུལ་ལམ་ཞུས།
༡༧༽    དྷ་ས་ནོར་གླིང་ཁུལ་དུ་ཡོད་པའི་སྤི་ཏི་ཉལ་ཁང་ནང་གི་སློབ་མ་རྣམས་ལ་བོད་ཡིག་སློབ་ཁྲིད་བྱ་རྒྱུར་རོགས་རམ་གནང་ཆེད་བོད་དགེ་ཞིག་ནས་སྔ་དགོང་ཚོགས་ཐེངས་རེ་སློབ་ཁྲིད་གནང་བའི་ལས་དོད་ལོ་གཅིག་ལ་སྒོར་ ༡༨༠༠༠ ཐམ་པ་གནང༌། ཡང་ཅན་རྡི་གྷར་མཐོ་སློབ་ཁག་ནང་ཡོད་བོད་པའི་སློབ་ཕྲུག་རྣམས་ལ་བོད་ཡིག་སློབ་ཆེད་བོད་དགེ་ཞིག་ཆེད་བཙུགས་བྱས་ཤིང༌། དྷ་ས་པད་དཀར་སློབ་གླིང་ལ་ལོ་གཅིག་རིང་དགེ་རྒན་གཉིས་ཀྱི་གླ་ཆ་དང་ཁང་གླ་བཅས་ལ་སྒོར་ ༥༢༢༠༠ གནང༌།
༡༨༽    ཕ་ཡུལ་ཤེས་བྱའི་བང་མཛོད་དང་གངས་ལྗོངས་བྱིས་པའི་བརྙན་དེབ་ཐོག མཚར་གཏམ་དེབ་དང་པོ་དང་མུ་འབྲེལ་བརྙན་དེབ་དྲུག་པ་ཧམ་ལེ་ཊི། ཐབས་ཀྱིས་བཏུལ་བ། འབྱོར་བསྐྱལ་དང་དོན་གྲུབ། སོར་མོའི་ཕྲེང་བ་ཅན། ཡ་མཚན་རྡོ་དང་བྱི་ལ་དོམ། བོད་ཀྱི་སྲོག་ཆགས་ཞེས་པ་བཅས་ཀྱི་དཔེ་དེབ་དང༌། དེ་མིན་ཚེ་དབང་རྟ་མགྲིན་ལགས་ཀྱིས་བརྩམས་པའི་ཞེ་སའི་རྣམ་འབྱེད་དང༌། བར་འཚོ་རིན་ཆེན་དབང་རྒྱལ་ལགས་ཀྱིས་བརྩམས་པའི་བོད་ཀྱི་སྐད་ཡིག་སྦྱོང་རིམ་སྙིང་བསྡུས། ཧོར་གླིང་གཡུལ་འགྱེད་སྨད་ཆ་ཕྱོགས་བསྡུས་རི་མོས་བརྒྱན་པ། ཨིན་བོད་ཚིག་མཛོད་གསར་མ་པར་ཐེངས་གཉིས་པ་དེབ་གྲངས་ ༤༠༠༠ ཐམ་པ་བཅས་པར་སྐྲུན་དང་འགྲེམས་སྤེལ་བྱས།
༡༩༽    ཆེས་མཐོའི་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་བསྡུ་སྐོང་གིས་འཛིན་རིམ་ ༦།༧།༨ བཅས་ཀྱི་བོད་ཡིག་སློབ་དེབ་ལ་བསྐྱར་ཞིབ་དང་གཏན་འབེབས་ཟིན་ཏེ་ཕྱི་ལོ་༢༠༠༢ ཟླ་ ༣ ནས་བཟུང་གཏན་ཉིན་སློབ་གྲྭ་ཁག་ཏུ་སློབ་ཁྲིད་ལག་བསྟར་གནང་གཏན་འཁེལ།
༢༠༽    ཉམ་ཐག་ཕྲུ་གུ་གྲངས་༢༠ ཡན་ལ་རོགས་རམ་གནང་མཁན་བོད་རིགས་སྒེར་པ་ཚང་མར་ཐུགས་རྗེ་ལེགས་འབུལ་གྱི་གཟེངས་རྟགས་འབུལ་རྒྱུ་དང༌།
 

Menu