[toc]

༄༅། །འཇིག་རྟེན་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་སྐྱེ་འགྲོ་སྤྱི་དང་སྒོས་སུ་ཁ་བ་
ཅན་གྱི་གདུལ་བྱའི་མགོན་དཔུང་དམ་པར་ལེགས་པར་བྱོན་ནས་དགུང་གྲངས་བདུན་ཅུ་དོན་ལྔ་ཧྲིལ་པོར་ཕེབས་པར
་བཀའ་དྲིན་རྗེས་དྲན་དང་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་
གསོལ་འདེབས་ཞུ་རྒྱུ།

དཔར་སྐྲུན་གསལ་བཤད།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་༢༠༡༠ ལོར་ཕྱི་ལུགས་དགུང་གྲངས་བདུན་ཅུ་དོན་ལྔར་ཕེབས་པའི་འཁྲུངས་ཚེས་དུས་སྟོན་མཛད་སྒོ་གཟབ་རྒྱས་ཚོགས་ཤིང། དེ་ནས་བཟུང་ལོ་འཁོར་མོར་རྣམ་དཀར་གྱི་ལས་འཆར་མི་ཉུང་བ་ཞིག་སྤེལ་སླད། བོད་གཞུང་བཀའ་ཤག་ནས་དུས་སྟོན་འཆར་འགོད་དང་ལག་བསྟར་ཚོགས་ཆུང་ཟུར་འཛུགས་གནང་ཞིང། ཚོགས་ཆུང་གིས་ལས་འཆར་དོན་ཚན་༣༡ ཅན་གཏན་འཁེལ་གྱིས་ཁུངས་སོ་སོར་མཇུག་སྐྱོང་དམ་དོན་ཡོང་བའི་བཀའ་ཁྱབ་དགོངས་དོན་འོག  ཤེས་རིག་ལས་ཁུངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་རིག་ཚོགས་ཆེན་སོ་སོའི་དབུ་འབྱེད་བཀའ་སློབ་རིམ་སྩལ་དང། གཞན་ཡང་སློབ་གྲྭའི་སྒྲིག་འཛུགས་ཁག་ཐོག་མར་བཙུགས་སྐབས་བཀའ་སློབ་ཇི་ཕེབས་ཕྱོགས་བསྡེབས་ཀྱིས་དཔར་འགྲེམས་བྱས༌པ་ཡིན།
བཀའ་སློབ་ཕྱོགས་སྒྲིག་གི་ལས་འཆར་འདི་ཉིད་ཐོག་མར་ལག་བསྟར་སྐབས། ད་བར་བཀའ་སློབ་མང་པོ་ཞིག་དཔར་འགྲེམས་བྱས་འདུག་པ་རང་སོར་བཞག་པའི་ཐོག ཡི་གེ་མ་དག་པ་དང། ཆད་ལྷག བརྗོད་པ་སྡུད་སྟངས་སོགས་གང་ཅིར་བསྐྱར་ཞིབ་གང་འཚམས་བྱས་ཏེ་དཔལ་ལྡན་སྐུ་སྒེར་ཡིག་ཚང་ལ་དཔར་སྐྲུན་ཆོག་མཆན་ཞུས་ཐོབ་བྱུང་བའི་ཐོག བཀའ་སློབ་ནང་མ་ཚུད་པའི་བུ་གསོ་ཁང་ཐོག་མར་དབུ་འཛུགས་སྐབས་ཀྱི་བཀའ་སློབ་ཤོག་ལྡེབས་གནང་སོན་བྱུང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌ཆབས་ཅིག། གལ་ཆེའི་བཀའ་སློབ་འདི་དག་རྒྱ་ཆེའི་དགེ་སློབ་ལས་བྱེད་ཀྱིས་གཙོས་པའི་འབྲེལ་ཡོད་ཚང་མས་ཞིབ་ཀློག་གིས་བསམ་ཞིབ་དང་ཉམས་ལེན་ནན་ཏན་ཡོང་བའི་རེ་སྐུལ་བཅས། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་༢༠༡༡ ཟླ་༡ ཚེས་༢༩ ཉིན་བྲིས།

དེབ་ཀྱི་དཀར་ཆག

ཟུར་བཀོད།

ཕ་སྤྲེལ་རྒན་བྱང་ཆུབ་སེམས་དཔའ་དང་མ་སྲིན་མོ་བྲག་སྲིན་མ་ནས་མཆེད་པའི་མི་རྒྱུད་ཀྱིས་འཛམ་གླིང་ཡང་ཐོག་འདིར་རང་གི་རིག་གཞུང་དང་གོམས་སྲོལ་བཟང་པོ་རྒྱུན་འཛིན་བྱེད་ཐུབ་པ་དགོས།

མདུན་ཤོག

Menu