༡༽    ལོ་འདིའི་ཡིག་ཚགས་ཁག་ལྟར་ན། གཏན་སློབ་ཁག་བདུན་ནང་སློབ་ཕྲུག ༣༨༨༦ དང༌། པ་ཆ་མ་རི་བཟོ་སློབ་ནང་ ༡༤༢ གཞིས་ཆགས་ཉིན་སློབ་ཁག་དྲུག་ནང་ ༡༢༤༠ རྒྱ་གར་ནང་གི་ཡི་ཤུ་དང་དབྱིན་ཇིའི་སློབ་གྲྭ་ཁག་ཉེར་བཞིའི་ནང་ ༢༩༡ སུད་སི་སོགས་ཕྱི་རྒྱལ་སློབ་ཁག་བདུན་ནང་ ༢༠༥ དྷ་ས་ཟུར་གསོག་སྟེང་ཤོད་ནང་ ༣༡༠ བཅས་ཁྱོན་བསྡོམས་སློབ་ཕྲུག ༦༠༧༤ ཡོད་པ་གསལ།
༢༽    རྒྱ་གར་རྒྱལ་ཡོངས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་ཁག་ངོས་བཞེས་གནང་རྒྱུའི་ཐོག་མར་མ་སུ་རི་གཏན་སློབ་ངོས་བཞེས་གནང་ཞིང༌། ལོ་འདིར་མ་སུ་རི་གཏན་སློབ་ཀྱི་འཛིན་རིམ་མཐོ་མཐའ་དགུ་པར་སླེབས་ཡོད་པ་དང༌། ལོ་གཉིས་རྗེས་འཛིན་གྲྭ་ ༡༡ ད་ལྟའི་འཛིན་རིམ་ ༡༢ ལྟ་བུ་ཡིན།པའི་རྒྱལ་ཡོངས་ཡིག་རྒྱུགས་སུ་ཞུགས་དགོས། བལ་ཡུལ་གྱི་སློབ་གྲ་ཞིག་ཏུ་སློབ་ཁྲིད་བྱེད་བཞིན་པའི་རྣམ་པ།་ པར་སྒྲོན་ལོ་མ་ཤེས།ཡིག་རྒྱུགས་དེ་ཐོན་ཚེ་རྒྱ་གར་རྒྱལ་ཡོངས་སུ་ངོས་ལེན་ཡོད་པའི་ཤེས་ཚད་ལག་འཁྱེར་གནང་རྒྱུ་རེད།བལ་ཡུལ་འཇོ་ལ་ཁེལ་སློབ་གྲར་དགེ་རྒན་གྱིས་སློབ་ཁྲིད་བྱེད་བཞིན་པ།
༣༽    བྷེལ་འཇམ་དུ་བུ་ ༨ དང་བུ་མོ་ ༡ བཟོ་རིག་སློབ་སྦྱོང་ཆེད་བཏང༌།
༤༽    རྒྱ་གར་ནང་གི་ཡི་ཤུ་དང་དབྱིན་ཇིའི་སློབ་ཁག་ཏུ་ཡོད་པའི་སློབ་ཕྲུག་རྣམས་དྷ་སར་ཆེད་འགུགས་ཀྱིས་དབྱར་དགུན་གུང་གསེང་རིང་དགེ་འོས་སློབ་ཐོན་དཀོན་མཆོག་དཔག་བསམ་གྱི་གཙོ་འགན་འོག་བོད་ཀྱི་སྐད་ཡིག་དང་རིག་གཞུང་ངོ་སྤྲོད་གནད་སྨིན་བྱས།
༥༽    ༡༩༦༦ ཟླ་ ༣ ཚེས་ ༢༢ ཉིན་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་བཅུ་གཉིས་པ་རྒྱ་གར་ཤེས་རིག་དྲུང་ཆེའི་ལས་ཁུངས་སུ་འཚོགས། ཚོགས་འདུའི་ཐོག་ཉིན་མོའི་སློབ་གྲྭའི་ནང་ཟློས་དགེའི་ས་མིག་གསར་གཏོད་དང༌། དེ་མིན་སློབ་གྲྭའི་ནང་ཤིང་བཟོ་དང་འཚེམ་བཟོ་སོགས་ཀྱི་ལག་ཤེས་དགེ་རྒན་ ༡༤ ས་མིག་གསར་གཏོད། བོད་སློབ་འཛིན་ཚོགས་ཀྱི་དེ་སྔའི་མིང་བོད་མིའི་སློབ་ཚོགས་སམ་བོད་མིའི་སློབ་སྡེ་(Tibetan Schools Society)ཞེས་པ་དེ་ད་ཕྱིན་དབུས་བོད་སློབ་འཛིན་སྐྱོང་ཚོགས་པ་(Central Tibetan Schools Administration)ཞེས་པར་བསྒྱུར་རྒྱུ་སོགས་ཀྱི་ཐག་གཅོད་གནང༌།
༦༽    དྷ་རམ་ས་ལའི་ཟུར་གསོག་སློབ་གྲྭ་སྟེང་ཤོད་གཉིས་ཀྱི་སློབ་སྦྱོང་སྤྲོད་སྟངས་རྣམས་སྤྱིར་བཏང་གཏན་སློབ་ཁག་གི་ལམ་སྲོལ་དང་སྒོ་བསྟུན་གྱིས་གཏན་འབེབས་ལག་བསྟར་བྱས།
༧༽    ཤེས་རིག་ལས་ཁུངས་ཀྱི་ལས་དོན་ཕལ་མོ་ཆེ་རྒྱ་གར་གཞུང་དང་རྒྱ་གར་དབུས་བོད་སློབ་འཛིན་ཚོགས་དང་འབྲེལ་བ་ཡོད་སྟབས་ལས་དོན་ཚགས་ཚུད་དང་ལས་ཕྱོད་ཆེ་བ་ཡོང་ཆེད། ཤེས་རིག་ལས་ཁུངས་ཨ་མ་ལྡི་ལིར་སྤོ་རྒྱུ་དང༌། དྷ་སར་ཡན་ལག་ལས་ཁུངས་ཤིག་འཛུགས་རྒྱུའི་འཆར་འབུལ་ཞུས་པར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ ༡༩༦༦ ཟླ་ ༧ ཚེས་ ༢༩ ཉིན་ཕྱག་རྟགས་སྩལ། དེ་འཕྲལ་ཤེས་རིག་བཀའ་བློན་བསྐོ་བཞག་མ་བྱུང་བར་སྔ་འཕྲོས་ལྡི་ལིར་བཀའ་བློན་ལས་རོགས་སྟག་ལྷ་བསྟན་འཛིན་ངག་དབང་ཕེབས་ཏེ་སྔར་ཡོད་དབུས་ཤེས་རིག་སྐུ་ཚབ་ལྷན་ཁང་དེ་དབུས་ཤེས་རིག་ལྷན་ཁང་དུ་བསྒྱུར་ནས་ཕྱག་ལས་གནང༌། དྷ་སའི་ཤེས་རིག་ཡན་ལག་ལས་ཁུངས་སུ་བཀའ་བློན་ལས་རོགས་ངག་དབང་བསྟན་སྐྱོང་གིས་འགན་ཁུར་གཙོ་བཞེས་ཀྱིས་ཤེས་རིག་ཟློས་གར་དང་ཤེས་རིག་པར་ཁང༌། ཟུར་གསོག་སྟེང་ཤོད་སོགས་ལ་གཟིགས་སྐྱོང་གནང༌།
༨༽    ལ་དྭགས་ཁུལ་གྱི་བཙན་བྱོལ་བོད་ཕྲུག་སློབ་ལོ་ཚད་མཐུན་ ༢༠༠ སྐོར་གྱི་མིང་གཞུང་དབུས་བོད་སློབ་འཛིན་ཚོགས་སུ་ཕུལ་ཏེ་གཏན་སློབ་ཁག་ནང་སློབ་འཇུག་ཆོག་པ་ཞེས་ཞུས་པར། སྐྱབས་བཅོལ་ལག་དེབ་ཚད་ལྡན་ཡོད་པའི་བོད་ཕྲུག ༥༠ སློབ་འཇུག་བྱས་འཐུས་བཀའ་འཁྲོལ་ཐོབ།
༩༽    ༡༩༦༦ ཟླ་ ༨ ཚེས་ ༥ ཉིན་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་བཅུ་གསུམ་པ་དེ་རྒྱ་གར་ཤེས་རིག་བློན་ཆེན་ལས་ཁུངས་ཀྱི་ལྷན་ཚོགས་ཁང་ནང་འཚོགས། ཚོགས་འདུའི་ཐོག་ཕྱི་ལོ་ ༡༩༦༠ རྗེས་སུ་རྒྱ་གར་ནང་གསར་བཙས་བོད་ཕྲུག་རྣམས་གཏན་ཉིན་སློབ་གྲྭ་ཁག་ནང་འཇུག་ཕྱོགས་གསལ་པོ་མ་བྱུང་གོང་ཕྲུ་གུའི་སློབ་སྦྱོང་ལ་དམིགས་བསལ་དཀའ་ངལ་ཆེན་པོ་འཕྲད་རིགས་བྱུང་ཚེ་ས་གནས་སོ་སོའི་སློབ་གྲྭར་སྙན་འབུལ་གྱིས་ཐག་གཅོད་བྱ་རྒྱུ། ཕྱི་ལོ་ ༡༩༦༥ གོང་དུ་རྒྱ་གར་ནང་ཐད་ཀར་མ་ཡིན་པར་བལ་ཡུལ་དང་འབྲུག འབྲས་ལྗོངས་བརྒྱུད་དེ་རྒྱ་གར་ལ་ཡོང་བ་དང༌། ཕྱི་ལོ་ ༡༩༥༨ གོང་རྒྱ་གར་དུ་སླེབས་པའི་ཕྲུ་གུ་རྣམས་བོད་སློབ་འཛིན་ཚོགས་སློབ་ཁོངས་འཇུག་པར་ཕྱི་སྲིད་ལས་ཁུངས་ཀྱི་བཀའ་འཁྲོལ་ཡོད་ཚེ་དམིགས་བསལ་དགོངས་བཞེས་གནང་རྒྱུ་སོགས་ཀྱི་ཐག་གཅོད་བྱུང༌།
 

Menu