༡༽    ༡༩༦༠ ལོའི་ཟླ་བ་ ༣ ཚེས་ ༣ ཉིན་མ་སུ་རི་བོད་གཞུང་སློབ་གྲྭ་གསར་འཛུགས་གནང༌། ཐོག་མར་སློབ་ཕྲུག ༥༠ ཡོད། ཞིབ་ཕྲའི་ལོ་རྒྱུས་སློབ་གྲྭའི་ལོ་རྒྱུས་སུ་གསལ་བས་དེར་གཟིགས།
༢༽    ཕྱི་ལོ་ ༡༩༦༠ ལོའི་ལོ་སྟོད་དུ་དགའ་ཤར་ཛེ་སྨད་སྤྲུལ་སྐུ་དང༌། པད་བཀོད་བདུད་འཇོམས་སྤྲུལ་སྐུ། རྭ་སྟོད་སྐྱོང་ལྷ་སྤྲུལ་སྐུ། ངོར་ཐར་རྩེ་མཁན་པོ། མཁན་དྲུང་ཏཱ་བླ་མ་ཐུབ་བསྟན་ནོར་བཟང་འདི་པ་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ལྟ་བུ་ཡིན་འདུགབཅས་ལས་གྲུབ་པའི་སློབ་དེབ་རྩོམ་སྒྲིག་ཚོགས་ཆུང་གསར་འཛུགས་གནང་བ་དེ་དྷ་རམ་ས་ལར་རྒྱུན་བཞུགས་ཀྱིས་སློབ་དེབ་རྩོམ་སྒྲིག་གནང༌།
༣༽    ཕྱི་ལོ་ ༡༩༦༠ ཟླ་ ༥ ཚེས་ ༡༧ ཉིན་དྷ་རམ་ས་ལར་བཙན་བྱོལ་བོད་མིའི་བུ་ཕྲུག་གསོ་སྐྱོང་ཁང་དབུ་འཛུགས་ཀྱིས་དབུ་འཛིན་དུ་སྐུའི་གཅེན་མོ་ཚེ་རིང་སྒྲོལ་མ་མཆོག་བསྐོས།
༤༽    ཕྱི་ཟླ་ ༦ ཚེས་ ༡༧ ནས་ཟླ་ ༡༠ ཚེས་ ༢༩ བར་དྷ་ས་བུ་གསོ་ཁང་ནས་སློབ་ཕྲུག ༣༠༤ མ་སུ་རི་བོད་གཞུང་སློབ་གྲྭར་བཏང༌།
༥༽    ཕྱི་ལོ་ ༡༩༦༠ ཟླ་ ༡༠ ཚེས་ ༤ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་སྐབས་དེར་བོད་གཞུང་ཤེས་རིག་སྤྱི་ཁྱབ་ལྷན་ཁང་ངམ་ཤེས་རིག་ལྷན་ཁང་ཟེར་ཡང༌། དེབ་འདིའི་ནང་ཀློག་པ་པོ་ཚོར་མགོ་རྙོག་མི་འབྱུང་བའི་ཆེད་སྔ་ཕྱི་ཀུན་ཏུ་ཤེས་རིག་ལས་ཁུངས་ཞེས་བཀོད་ཡོད།གསར་འཛུགས་བསྐྱངས། ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་ཤེས་རིག་བཀའ་བློན་དུ་བསྐོས།
༦༽    མ་སུ་རི་བོད་གཞུང་སློབ་གྲྭར་སློབ་ཕྲུག་མ་ཤོང་བར་བརྟེན་ས་ཆ་བསིལ་ས་ཞིག་ཏུ་བོད་སློབ་གསར་འཛུགས་ཆེད་ཤེས་རིག་བཀའ་བློན་སིམ་ལར་ངོ་ཕེབས་ཀྱིས་གནས་དེར་བོད་མིའི་སློབ་གྲྭ་ཞིག་གསར་འཛུགས་བྱ་རྒྱུའི་ཁང་པ་གླ་གཡར་དང་ལས་བྱེད་བཀོད་སྒྲིག་གནང་རྗེས་དྷ་ས་བུ་གསོ་ཁང་གི་བུ་ཕྲུག ༡༦༠ བཏང་སྟེ་སློབ་གྲྭ་འགོ་འཛུགས་གནང༌།

Menu