[toc]

ཞ་ཡི་སྡེ་ཚན།

(གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། རྐང་པ་སྐྱོན་ཡོད་པའི་དོན། རྐང་པ་ཞ། ཞ་བོ་ལྟ་བུའོ།།

ཞར། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། མིག་སྐྱོན་ཡོད་པའི་དོན། མིག་ཞར། ཞ་ར་ལྟ་བུའོ།།

) བཞབས། ༢) གཞབ། ༣) གཞབ། ༤) གཞོབས།

          བྱེད་འབྲེལ། ཐོག་ནས་བཅད་པའི་དོན། འོ་མའི་ཁ་གཞབ་དགོས། ཇའི་ཁ་བཞབས་ནས་ཞག་བཟོས་ལྟ་བུ་དང༌། བརྡ་རྙིང་འཇབ་པའི་དོན་ཡིན་གསུངས། མེ་ལྕེས་སྤུ་གཞོབ། གཞོབ་དྲི་ལྟ་བུ་ཡོད་དོ།།

) བཞར། ༢) གཞར། ༣) གཞར། ༤) གཞོར།

          བྱེད་འབྲེལ། བྲེག་པའི་དོན། སྐྲ་བཞར། སྤུ་བཞར་དགོས་ལྟ་བུ་དང༌། ཡང་ བཞར་དང་བཞོར་ཞེས་ཕྱེ་བའང་འདུག སྐྲ་དང་ཁ་སྤུ་ལྟ་བུ་འབྲད་གཅོད་བྱེད་པ་ལ་བཞར་བ་ཟེར།

ཞེན། (གཟུགས་མི་འགྱུར་བའི་བྱ་ཚིག )

          བྱེད་མེད། དམན་པའི་དོན་ལ་དགའ་བ། རྒྱུ་ནོར་ལ་ཞེན་ཆགས། སྲེད་པ། སྲེད་ཞེན། ཞེན་པ་ལོག་ལྟ་བུ་ཡོད།

བཞད། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། མེ་ཏོག་བཞད། ཞལ་མོ་བཞད་ལྟ་བུ་ཁ་ཕྱེ་བའི་དོན་ནོ།།

གཞའ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། ཡིབ་པའི་དོན། རི་དྭགས་ནགས་སུ་གཞའ། གཞའ་ཚོན་ནི་འཇའ་ཚོན། གཞའ་ནི་འཇའ་ལ་ཟེར། རླེན་གཤེར་ཀྱི་བཞའ་ནི་བ་བཞའ་ཡིན། བཞའ་ཚན་ཆེ་ལྟ་བུའོ།།

) ཞུས། ༢) ཞུ། ༣) ཞུ།

          བྱེད་འབྲེལ། བཤད་པ་དང་བྱེད་པའི་དོན། དགོངས་པ་ཞུ། གནས་ཚུལ་ཞུས། རོགས་ཞུས་ལྟ་བུ་དང༌། ཟས་ཞུ་དང་མར་ཞུས་ལྟ་བུའང་ཡོད་དོ།།

ཞུགས། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། དེའི་ནང་ཡོད་པའི་དོན། ཁང་པར་ཞུགས། ལམ་དུ་ཞུགས། སྐྱོན་ཞུགས། ལྟ་བུའོ།།

ཞུམ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། ཕང་དམའ་རུ་སོང་བའི་དོན། སེམས་ཞུམ། དཔའ་ཞུམས། སྣོད་ཞུམ་ལྟ་བུའོ།། སྣོད་ཞོམ་པ་དང་ཞུམ་པ་འདྲ།

ཞུད། (གཟུགས་མི་འགྱུར་བའི་བྱ་ཚིག )

          བྱེད་མེད། སྟོབས་ཉམས་པའི་དོན། ཤ་ཞུད། སྐུད་པ་ཞུད། སྐྲང་པ་ཞུད་ལྟ་བུའོ།།

) བཞོན། ༢) བཞོན། ༣) ཞོན།  ) ཞོན།

          བྱེད་འབྲེལ། འཆིབས་པའི་དོན། རྟ་ཞོན། བཞོན་ནས། བཞོན་པ། གཡག་བཞོན་ཏེ་འགྲོ་ལྟ་བུའོ།།

) གཞིགས། ༢) གཞིག ༣) གཞིག  ) གཞིགས།

          བྱེད་འབྲེལ། བརྟག་དཔྱད་གཏོང་བའི་དོན། བསམ་གཞིགས། དེ་ལ་གཞིགས་པའི་སྦྱང་པ། དེ་ལ་གཞིགས་ན། བདེན་དོན་ལ་གཞིགས་ལྟ་བུ་དང༌། འཇིག་པ་མ་གཞིག་པའང་ཡོད།

) གཞུས། ༢) གཞུ། ༣) གཞུ།  ) གཞུས།

          བྱེད་འབྲེལ། དབྱུག་པ་སོགས་རྒྱག་པའི་དོན། ཁུ་ཚུར་གཞུས། རྡོ་གཞུ་མཁན། གཞུ་རྒྱུ། གཞུས་ནས་ལྟ་བུའོ།།

) བཞོགས། ༢) གཞོག ༣) གཞོག ༤) གཞོགས།

          བྱེད་འབྲེལ། བྲད་ནས་བཏོན་པའི་དོན། ཤིང་བཞོགས། གྲིས་གཞོག་བཞིན་ལྟ་བུ། གཞོགས་གཡས་གཡོན། གཞོགས་སློང་ལྟ་བུ་ཡོད་དོ།།

གཞོལ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། ཁེལ་པའི་དོན། སློབ་སྦྱོང་ལ་གཞོལ་ལྟ་བུའོ།། དེའི་ཐོག་འབབ་པའི་རྣམ་པ་ཞིག་ཡིན།

) བཞུས། ༢) བཞུ། ༣) བཞུ། ༤) ཞུས།

          བྱེད་འབྲེལ། ཁུ་བར་བསྒྱུར་བའི་དོན། གསེར་བཞུས་ནས། དངུལ་བཞུ་དགོས། བཞུ་བཞིན། བཞུ་རུ་དང༌། བཞུར་འདྲ་ཚིག་སྡུད་ཡིན།

བཞུད། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། འགྲོ་འོང་གི་ཞེ་ས། ཡུལ་དུ་བཞུད། ཉི་མ་བཞུད་ལྟ་བུའོ།།

བཞེད།( གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་འབྲེལ། ཁས་ལེན་པའི་ཞེ་ས། ཐུགས་བཞེད། བཞེད་པ་མི་འདྲ་བ། ཞལ་བཞེད། ལྟ་བུའོ།།

) བཞེངས། ༢) བཞེང༌། ༣) བཞེང༌། ༤) བཞེངས།

          བྱེད་མེད། བཟོ་བ་དང་འགྲེང་བའི་ཞེ་ས། དགོན་པ་བཞེངས། སྐུ་བཞེངས་གནང༌། ཡར་བཞེངས་ཤིག་ལྟ་བུའོ།།

བཞེས། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་འབྲེལ། སྤྱོད་པའི་ཞེ་ས། ཇ་བཞེས། ཕྱག་ཏུ་བཞེས། གསོལ་ཚིགས་བཞེས་ལྟ་བུ། དབུ་སེམས་གཉིས་བཞེད་པ་མི་འདྲ་ལས་བཞེས་པ་མི་འདྲ་མི་ཟེར། ཇ་ལྟ་བུ་བཞེས་པ་ཡོད་ཀྱང་བཞེད་པ་མིན་ནོ།།

ཟ་ཡི་སྡེ་ཚན།

) ཟོས། ༢) བཟའ། ༣) ཟ།  ) ཟོ།

          བྱེདའབྲེལ། ཟས་ལ་སྤྱོད་པའི་དོན། སྤགས་ཟ་མཁན། བཟའ་བྱའམ་བཟའ་བ། ཟོས་ནས་ལྟ་བུ་དང༌། འདས་ཚིག་ལ་བཟས་ཀྱང་འཐུས། ཟ་མ། དོགས་པ་ཟ། འཚིག་པ་ཟ། ཟོས་ནས་ལྟ་བུ་ཡོད་དོ།།

ཟིང༌། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། ལྷིང་འཇགས་མེད་པའི་དོན། སྐྲ་ཟིང༌། ཟིང་ཆ་ལང་ལྟ་བུའོ།།

ཟིན། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། དམག་མིས་ཟིན། བློ་ལ་ཟིན། ཐོན་ཟིན། ངོ་ཟིན། རྩ་ཚིག་གིས་ཟིན། ཟིན་བྲིས་ལྟ་བུའོ།།

བཟི། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། རང་ཚོད་ཤོར་བའི་དོན། རག་བཟི། ཆང་གིས་བཟི། བཟི་འཐོམས་ལྟ་བུའོ།། བཟིས་ཏེ་ལྟ་བུའང་ཡོད།

ཟུག (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། ན་བའི་དོན། ན་ཟུག ཟུག་རྔུ༌། རི་གནམ་ལ་ཟུག ཚར་མ་ཟུག་ལྟ་བུ་ཡོད།

ཟུབ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། རི་མོ་ཡལ་བའི་དོན། ཡི་གེ་ཟུབ། རི་མོ་ཟུབ་ལྟ་བུའོ།།

ཟུམ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། ཁ་རུབ་པའི་དོན། ས་དོང་ཁ་བསུམ། མེ་ཏོག་ཁ་ཟུམ་ལྟ་བུའོ།།

ཟེགས། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། ཆ་ཤས་འཐོར་བའི་དོན། རྡོ་ཟེགས་མར་གྱུར། ཆར་གྱི་ཟེགས་མ་ལྟ་བུ།

ཟེར། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་འབྲེལ། བཤད་པའི་དོན། ངའི་ཡིན་ཟེར། ཟེར་སྒྲོས། ཟེར་རོ་ལྟ་བུའོ།།

) བཟླུགས། ༢) བཟླུག ༣) ཟླུག  ) ཟླུགས

          བྱེད་འབྲེལ། བླུག་པའི་དོན། སྣོད་དུ་ཆུ་བཟླུགས་ཡོད། བླུགས་ཡོད་འདྲ།

) བཟླུམས། ༢) བཟླུམ། ༣) ཟླུམ།  )ཟླུམས།

          བྱེད་འབྲེལ། རིལ་ཟླུམ་བཟོ་བའི་དོན། ཟན་ཟླུམས་ཤིག བཟླུམས་ཏེ་ལྟ་བུའོ།།

) བཟླས། ༢) བཟླ། ༣) ཟློ།  ) ཟློས།

          བྱེད་འབྲེལ། ཡང་ཡང་འདོན་པའི་དོན། མ་ཎི་ཟློས་ཤིག བཟླས་ནས། ཟླས་པ་བཟློ་རྒྱུ་ལྟ་བུའོ།།

) བཟློག ༢) བཟློག ༣) ཟློག  ) ཟློགས།

          བྱེད་འབྲེལ། ཁ་ཕྱོགས་བསྒྱུར་བའི་དོན། རྐྱེན་ངན་བཟློག་ཆེད་ཟློག་པ་རྒྱོབས། བཞམས་བསྒོ། གསོལ་བ། ལས་བརྗོད་པ་གསུམ་ལ་ཟློག་པ་གསུམ་ཟེར། ཟློག་པར་གྱུར་ཅིག་ལྟ་བུའོ།།

) བཟབས། ༢) བཟབ། ༣) གཟབ། ༤) གཟོབས།

          བྱེད་འབྲེལ། ནན་ཏན་བྱེད་པའི་དོན། ལས་དོན་ལ་གཟབ་དགོས། གཟོབས་ཤིག བཟབས་ན་ཟབ་པ་འོང༌། གཟབ་གཟབ་བྱེད་ལྟ་བུའོ།།

གཟིགས། (གཟུགས་མི་འགྱུར་བ།)

          བྱེད་འབྲེལ། ལྟ་བའི་དོན། སྤྱན་གྱིས་གཟིགས། ཐུགས་རྗེས་གཟིགས་ལྟ་བུ་ཞེ་ས་ཡིན།

) གཟིངས། ༢) གཟིང༌། ༣) གཟིང༌།

          བྱེད་མེད། ཟིང་ཡོད་པའི་དོན། སྐྲ་གཟིངས། མི་མང་གཟིངས་ལྟ་བུའོ།། ཟིང་པ་དང་གཟིངས་པ་ཁྱད་མེད།

གཟིམས། (གཟུགས་མི་འགྱུར་བ།)

          བྱེད་མེད། ཉལ་པའི་ཞེ་ས་ཡིན། གཟིམས་ཤག གཟིམས་ས་ལྟ་བུ་དང༌། གཟིམ་པ་དང་གཟིམས་པ་དུས་ཕྱེ་བའང་འདུག ཡང་འདི་བྱེད་འབྲེལ་ལས་ཚིག་གསུངས་པ་ཡང་འདུག

) བཟུར། ༢) གཟུར། ༣) འཛུར། ༤) ཟུར

          བྱེད་འབྲེལ། མཚོན་སོགས་ལས་གཟུར་བའི་དོན། ལམ་འཛུར་བཞིན། གཟུར་དགོས། ར་ལ་འཛུར་བ་དཔའ་རྟགས་ཡིན། གསུངས་པ་ལྟ་བུའོ།།

) གཟེངས། ༢) གཟེང༌། ༣) གཟེང༌།

          བྱེད་མེད། གྱེན་དུ་ལང་བའི་དོན། གཟེངས་སུ་ཐོན། གཟེང་རྟགས་ཐོབ། སྐད་གཟེངས་མཐོ་བ། གཟེངས་བསྟོད་ལྟ་བུའོ།།

གཟོ་བ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། དྲིན་འཇལ་བའི་དོན། དྲིན་བཟོ་བ། བྱས་པ་བཟོ་ལྟ་བུའོ།།

གཟེད། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། བཀལ་བའམ་འཕྱང་བའི་དོན། གྲི་རྐེད་པར་གཟེད། ཕོར་པར་ཇ་གཟེད། འཛེད་པ། བཟེད་པ། གཟེད་བཅས་འདྲ། སྐེ་འཁྱེར་ནས་ཞགས་པ་གཟེད་ལྟ་བུའོ།།

) བཟོས། ༢) བཟོ། ༣) བཟོ། ༤) བཟོས།

          བྱེད་འབྲེལ། སྐྲུན་པའི་དོན། ཁང་པ་བཟོ། ལམ་བཟོས་ནས་ལྟ་བུ་དང༌། བཟོ་ལྟ་བཟོས་ལྟ་བུའང་ཡོད།

བཟོད་པ། (གཟུགས་མི་འགྱུར་བ།)

          བྱེད་མེད། བཟོད་སྲན། བཟོད་པ། སྲན་ཐུབ་པའི་དོན།

) གཟན། ༢) གཟན། ༣) གཟན། ༤) གཟོན།

          བྱེད་མེད། སྐད་ཆ་རྣ་བར་གཟན་པ། མིག་ལ་གཟན་པ། ལུས་ལ་གཟན་པ་ལྟ་བུ་ཡོད་དོ། གནོད་པའི་རྣམ་པ་ཞིག་ཡིན། གཟན་པ་ནི་གཞུས་ཆེད་ཡར་འདེགས་པ་ལ་གོ་གསལ་བ་འདུག

འ་ཡི་སྡེ་ཚན།

) འོངས། ༢) འོང༌། ༣) འོང༌།

          བྱེད་མེད། འགྲོ་འོང་བྱེད་པའི་དོན། ཚུར་འོང༌། ཕར་འགྲོ། ཕྱིར་འོང༌། མ་འོངས་པ། འོངས་ནས་ལྟ་བུ་དང༌། ཡོང་བ་དང་འོང་བ་འདྲ།

འོན། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། མི་ཚོར་བའི་དོན། རྣ་བ་འོན། འོན་པ་ལྟ་བུ་དང༌། བརྡ་རྙིང་ལེན་པ་ལ་གོ། འོན་ཅིག་ནི་འཁྱེར་ཅིག་ལྟ་བུ་ཡིན།

འོས། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། འཚམས་པའི་དོན། བྱེད་འོས། འོས་བབས་ལྟ་བུའོ།།

འོར། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་འབྲེལ། ལན་གཉིས་སམ་མང་བ་སྐྱེལ་འདྲེན་བྱེད་པའི་དོན། ས་འོར། རྡོ་འོར། འོར་འདྲེན། འོར་ཅིག་གམ་ཐེངས་ཤིག་ལྟ་བུའོ།།

ཡ་ཡི་སྡེ་ཚན།

ཡན། (གཟུགས་མི་འགྱུར་བའི་བྱ་ཚིག)     བྱེད་མེད། འཁྱམས་པའི་དོན། སེམས་ཡན། ནོར་ཡན་ལྟ་བུའོ།།

ཡལ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། མི་མངོན་པར་གྱུར་བའི་དོན། འཇའ་ཡལ། དྲོད་ཡལ་ལྟ་བུའོ།།

) གཡབས། ༢) གཡབ། ༣) གཡོབ།  ) གཡོབས།

          བྱེད་འབྲེལ། རླུང་གཡོ་བའི་འགུལ་སྐྱོད། བསིལ་ཡབ་གཡབས། མེ་འཁོར་འགྲོ་དུས་དར་གཡབ་དགོས། གཡབ་མོ་ལྟ་བུའོ།།

གཡལ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། ཨ་སྟོང་བྱེད་པའི་དོན། ཁ་གདངས་ཏེ་གཡལ་ལྟ་བུའོ།།

གཡའ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། གཡའ་རྒྱག་པའི་དོན། ལྕགས་གཡའ། དངུལ་གཡའ་ལྟ་བུ་དང༌། གཡའ་མ་རྡོ། གཡའ་སྐྱི། ལུས་གཡའ། སྐྱི་གཡའ་ལྟ་བུའོ།།

) གཡར། ༢) གཡར། ༣) གཡོར། ༤) གཡོར།

          བྱེད་འབྲེལ། གནས་སྐབས་རིང་བཀོལ་འཇུག་པའི་དོན། དཔེ་ཆ་གཡར། ཁང་པ་གཡར་ལྟ་བུ་དང༌། དངུལ་སྐྱི་པ་ཡིན་ཡང་གཡར་བ་མིན། སྣོད་ལྟ་བུ་གཡར་བ་ཡོད་ཀྱང་སྐྱི་པ་མིན་ནོ་གསུངས། ཉི་མ་གཡོར་ལྟ་བུ་སྒྲིབ་པའི་དོན་དང༌། གཡོར་མོ་ཐང་ནི་སྔོ་སྨན་ཞིག་ཡིན་ནོ།།

གཡིགས། (གཟུགས་མི་འགྱུར་བ།)

          བྱེད་མེད། མིད་པ་སྦྲིད་པའི་དོན། གཡེར་མས་གཡིགས་ལྟ་བུའོ།།

) གཡེངས། ༢) གཡེང༌། ༣ )གཡེང༌།

          བྱེད་མེད། གཞན་དུ་འཕྲོ་བའམ་རྒོད་པའི་དོན། རྩེད་མོ་ལ་གཡེངས། རྣམ་གཡེང༌། ཁ་གཡེང༌། མིག་གཡེང༌། ཡེང་དང་གཡེང་འདྲ། གཡེངས་དང་ཡེངས་འདྲ། སྔོན་གྱི་དམ་བཅའ་མ་གཡེལ་བར། ལྟ་བུའོ། ཡང་གཡེལ་ནི་ལེ་ལོའི་མིང་ཡིན་གསུངས་འདུག དམ་བཅའ་དང་འགལ་བའི་དོན་ཡིན།

) གཡུགས། ༢) གཡུག ༣) གཡུག ༤) གཡུགས།

          བྱེད་འབྲེལ། ལག་ཏུ་འཛིན་བཞིན་གཡོ་འགུལ་བྱེད་པའི་དོན། རལ་གྲི་གནམ་གཡུགས། གཡུག གཡུག་རྡོ་གཡུགས། དབྱུགས་པ་དང་གཡུགས་པ་གཉིས་ལག་པ་དང་འབྲེལ་ནས་ཡོད་མེད་ཁྱད་པར་ཡོད། གྲི་ལྟ་བུ་གཡུགས་པ་དང་དབྱུགས་པ་གཉིས་ཀ་ཡོད་གསུང་མཁན་ཡང་འདུག

) ཡོགས། ༢) ཡོག ༣) ཡོག ༤) ཡོགས།

          བྱེད་འབྲེལ། སྐུད་པ་འཁལ་བའི་དོན། ཐག་པ་ཡོགས་ལྟ་བུ་དང༌། ལག་ཡོགས་ལྟ་བུ་ཡོད།

གཡེམ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། འཁྲིག་པའི་བྱ་བ་བྱེད་པའི་དོན། ལོག་གཡེམ་ལྟ་བུའོ།།

) གཡོས། ༢) གཡོ། ༣) གཡོ། ༤) གཡོས།

          བྱེད་འབྲེལ། འགུལ་བའི་དོན། སྡོང་པོ་གཡོ། གཡོ་མེད་དུ་གནས་ལྟ་བུ་དང༌། གཡོས་ནས་ཡོ་བ་དང༌། ཟས་གཡོས་པ་ལྟ་བུའང་ཡོད།

) གཡོགས། ༢) གཡོག ༣) གཡོག ༤) གཡོགས།

          བྱེད་འབྲེལ། འགེབས་པའམ་སྐོན་པའི་དོན། ལུས་ལ་གོས་གཡོགས། གཡོག་མཁན་ལ་གཡོག་པོ་ཟེར། རྒྱན་ལྟ་བུ་བསྐོན་པ་དང་གཡོགས་པ་འདྲའོ།།

ཡོང༌། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། འོང་བའི་ཡུལ་སྐད་ལ་ཡོང་ཟེར། འོང་མཁན། ཡོང་མཁན་འདྲའོ།།

གཡོལ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། གཟུར་བའི་དོན། ལས་ཀ་ལ་གཡོལ། དཀའ་ངལ་ལ་གཡོལ། གཡོལ་ནས་ཡོལ་བ་ཡིན་ལྟ་བུའོ།།

མདུན་ཤོག

Menu