བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་བོད་ཡིག་སློབ་དེབ་བསྐྱར་ཞིབ་ཀྱི་ཚོགས་འདུ།

༄༅། །ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༩ ནས་ ༣༡ བར་ཉིན་གསུམ་རིང་བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་གྱི་བོད་ཡིག་སློབ་དེབ་རགས་ཟིན་ལ་བསྐྱར་ཞིབ་ཀྱི་ཚོགས་འདུ་ཞིག་ཤེས་རིག་ལས་ཁུངས་སུ་འཚོགས་ནས་འདི་ཟླའི་ཚེས་ ༣༡ ཕྱི་དྲོར་ལེགས་གྲུབ་བྱུང་བ་དང་། ཚོགས་འདུའི་ནང་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་དང་། དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་དང་རྩོམ་སྒྲིག་ཚན་པའི་འགན་འཛིན་ཌོག་ཊར་མཆོག་བསྟན་འཛིན་སྨོན་ལམ་ལགས། མེས་དབོན་དཔེ་སྟོན་གཙུག་ལག་སློབ་གྲྭའི་བོད་ཡིག་རྒྱུས་སྟོན་པ་བསམ་གྲུབ་ལགས། ཤེས་ལྷན་ཚན་པའི་བོད་ཡིག་སློབ་དེབ་རྩོམ་སྒྲིག་པ་དགེ་འདུན་དོན་ཡོད་ལགས་དང་། དཔལ་ལྡན་རྡོ་རྗེ་ལགས། བཀྲ་ཤིས་རྡོ་རྗེ་ལགས་བཅས་མཉམ་ཞུགས་གནང་ཡོད། །