ཕྱི་ལོ་༢༠༡༨ ཅི་སྦ་མཐོ་སློབ་ཁང་གི་སློབ་ཡོན་གསལ་བསྒྲགས།

༄༅།།བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་༢༠༡༨ ཅི་སྦ་མཐོ་སློབ་ཁང་གི་གཙུག་ལག་རབ་འབྱམས་པའི་སློབ་ཡོན་ས་མིག་གཉིས་ཀྱི་གསལ་བསྒྲགས།

སློབ་ཚན།
༡། Management   ༢། Information & Computer Science   ༣། Social Systems Science

ཆ་རྐྱེན།

  1. བོད་པའི་སློབ་གྲྭ་གང་རུང་ཞིག་ནས་འཛིན་རིམ་བཅུ་གཉིས་ཐོན་པ།
  2. རྒྱ་གར་ནང་ངོས་འཛིན་ཡོད་པའི་མཐོ་སློབ་ཁང་ནས་ཉེ་བའི་གཙུག་ལག་རབ་འབྱམས་པའི་ཉུང་མཐར་བརྒྱ་ཆ་༥༠ ལོན་པ།
  3. ཉེ་བའི་གཙུག་ལག་རབ་འབྱམས་པའི་ལག་འཁྱེར་ཕྱི་ལོ་༢༠༡༥ འམ་དེའི་རྗེས་སུ་ཐོན་པ་ཞིག་དགོས།
  4. རྒྱ་གར་ནང་གཏན་སྡོད་ཆོག་པའི་ལག་འཁྱེར་དང་། ཕྱི་བསྐྱོད་ཆོག་པའི་ལག་འཁྱེར་ཡོད་པ།
  5. དོ་བདག་རང་ཉིད་དང་ཕ་མར་དཔྱ་དངུལ་ལག་དེབ་ཡོད་པ་དགོས།
  6. དོ་བདག་རང་ཉིད་ཀྱི་མཐོ་སློབ་ཁང་ནས་རྒྱབ་གཉེར་ཞུ་ལེན་དགོས།
  7. དོ་བདག་རང་ཉིད་ཀྱི་ལོ་རྒྱུས་སྙིང་བསྡུས།
  8. སློབ་ཡོན་ཞུ་དགོས་པའི་རྩོམ་ཡིག་གི་ཡིག་འབྲུ་ ༤༠༠ ནས་ ༥༠༠ བར་འབྲི་དགོས།

འགེངས་ཤོག་འབུལ་ཕྱོགས་སྐོར།

(སློབ་ཡོན་འདིའི་འགེངས་ཤོག་དྲྭ་ཐོག་བཀང་དགོས་པ་ལས་སྦྲག་ཐོག་བསྐུར་བ་ཁག་ལ་ངོས་ལེན་ཞུ་རྒྱུ་མིན།)

  1. དོ་བདག་རང་ཉིད་ཀྱི་འདྲ་པར་ཁ་གསར་ཞིག་དགོས་རྒྱུ།
  2. འཛིན་གྲྭ་བཅུ་གཉིས་ཀྱི་ཨང་ཤོག་དང་། ཉེ་བའི་གཙུག་ལག་རབ་འབྱམས་པའི་ཨང་ཤོག་དང་ལག་འཁྱེར། རྒྱ་གར་ནང་གཏན་སྡོད་ཆོག་པའི་ལག་འཁྱེར། ཕྱི་བསྐྱོད་ལག་དེབ། དོ་བདག་རང་ཉིད་དང་ཕ་མའི་དཔྱ་དངུལ་ལག་དེབ་བཅས་སུ་ངོ་བཤུས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་གནས་རིམ་ཡན་གྱི་སྲི་ཞུ་བའམ། ས་གནས་འགོ་འཛིན་ནས་དག་མཆན་འཁོད་པ་དགོས་རྒྱུ།
  3. དོ་བདག་རང་ཉིད་ཀྱི་ལོ་རྒྱུས་དང་རྩོམ་ཡིག་ཤོག་བུ་ཚད་གཞི་ A4 ཡིན་དགོས།
  4. ཉི་འོང་སྐད་ཡིག་སྦྱོང་བརྡར་བྱས་པའི་ལག་འཁྱེར་ཡོད་ན་དག་མཆན་ངེས་པར་འཁོད་དགོས།

དྭོགས་འདྲི་ཞུ་ཡུལ།

ངག་དབང་ཡོན་ཏན་དང་། བསྟན་འཛིན་ཉི་མ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས།

གློག་འཕྲིན། doe.lobyon@tibet.net & scholarship@tibet.net
ཁ་པར་ཨང་གྲངས། +91-1892-222572/222721
ངོ་དེབ་ཁ་བྱང་། www.facebook.com/doe.lobyon/
འཚང་སྙན་འབུལ་ཚེས། ༢༠༡༨།༣།༩ རེས་གཟའ་པ་སངས་འགྱངས་མེད།
དྲྭ་ཐོག་འགེངས་ཤོག https://goo.gl/forms/XnS5LiEebK32PWU83

གནས་དོན་གཞན།

  1. སློབ་ཡོན་ཆ་རྐྱེན་ཚང་བའི་འཚང་སྙན་འབུལ་མཁན་རྣམས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ལྡི་ལི་ས་གནས་སུ་ཕྱི་ལོ་ ༢༠༡༨ ཟླ་ ༣ བདུན་ཕྲག་གསུམ་པའི་ནང་ངག་རྒྱུགས་སུ་ཞུགས་དགོས་པའི་བརྡ་ལན་ཕེབས་རྒྱུ།
  2. འདེམས་ཐོན་བྱུང་བའི་སློབ་ཕྲུག་ཚོ་ལ་ཅི་སྦ་མཐོ་སློབ་ཁང་ནས་ལྡི་ལིའམ་དྷ་སར་ཕྱི་ལོ་ ༢༠༡༨ ཟླ་ ༤ པའི་ནང་ངག་རྒྱུགས་ལེན་རྒྱུ།
  3. མཐའ་མའི་འདེམས་ཐོན་བྱུང་བའི་མིང་གཞུང་ཕྱི་ཟླ་ ༤ པའི་ནང་གསལ་བསྒྲགས་ཞུ་རྒྱུ།
  4. ཤེས་རིག་ལས་ཁུངས་ཀྱི་ངག་རྒྱུགས་བརྒྱ་ཆ་འབུལ་ཕྱོགས་སྐོར།

ཀ  ཉེ་བའི་གཙུག་ལག་རབ་འབྱམས་པའི་ཨང་ཤོག ༣༠
ཁ།  ཉི་འོང་སྐད་ཡིག་ཤེས་ཚད། ༡༠
ག  ངག་རྒྱུགས། (བོད་ཨིན།) ༦༠

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༨ ལ།