གཞི་རིམ་བར་མའི་དགེ་རྒན་འོས་སྦྱོང་གི་གསལ་བསྒྲགས།

༄༅། །ཤེས་རིག་ལས་ཁུངས་ནས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་དང་མཐུན་པའི་གཞི་རིམ་བར་མའི་དགེ་རྒན་འོས་སྦྱོང་ཞིག་ཕྱི་ལོ་ ༢༠༡༨ ཟླ་ ༧ ནས་ལོ་གཅིག་དང་ཕྱེད་ཀའི་རིང་དྷ་རམ་ས་ལའི་ཉེ་འདབས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་གོ་སྒྲིག་ཞུ་རྒྱུ་ཡིན་ན། འོས་སྦྱོང་ནང་ཞུགས་བློ་ཡོད་རིགས་ནས་ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༥ འགྱངས་མེད་གཤམ་གསལ་ཁ་བྱང་ཐོག་དགོས་ངེས་ཡིག་ཆ་ཁག་དང་བཅས་སྙན་ཞུ་འབུལ་དགོས་ཤིང་། དུས་བཀག་རྗེས་སུ་འཚང་སྙན་འབྱོར་རིགས་རང་བཞིན་གྱིས་རྩིས་མེད་གཏང་རྒྱུ་ཡིན།

དགོས་ངེས་ཆ་རྐྱེན།

  1. ཤེས་རིག་ལས་ཁུངས་ནས་ངོས་འཛིན་ཡོད་པའི་བོད་ཀྱི་སྐད་ཡིག་ཐོག་ཉུང་མཐའི་ཤེས་ཚད་ཉེ་བའི་གཙུག་ལག་རབ་འབྱམས་པ་ལག་འཁྱེར་ཕྱོགས་བསྡོམས་བརྒྱ་ཆ་ ༥༠ ཡན་ལོན་པའི་ངོ་བཤུས།
  2. གཟུགས་ཐང་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ངོ་མ།
  3. འབུལ་འབབ་གཙང་འབུལ་ཟིན་པའི་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་མཐའ་མའི་ངོ་བཤུས།
  4. གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་ལག་འཁྱེར་(R.C) གྱི་ངོ་བཤུས།
  5. ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡ ལ་རང་ལོ་ ༣༢ མ་བརྒལ་བ་དགོས་རྒྱུ།༼དེ་ལས་ཉིན་ཤས་བརྒལ་ཀྱང་མི་འཚུད།༽

ཐུགས་སྣང་དགོས་པ།

  1. འོས་སྦྱོང་ནང་སློབ་མ་བུ་ ༡༠ དང་བུ་མོ ༡༠ ལ་གོ་སྐབས་གནང་རྒྱུ་ལགས་ཀྱང་འཛུལ་ཞུགས་གནང་མཁན་ཉུང་མཐར་སློབ་མ་ ༡༠ མ་ལོན་ཚེ་འོས་སྦྱོང་འཛུགས་རྒྱུ་མིན།
  2. འོས་སྦྱོང་རིང་སློབ་ཡོན་དང་སྡོད་ཁང་། ལྟོ་དོད་བཅས་ཤེས་རིག་ལས་ཁུངས་ནས་གནང་རྒྱུ།
  3. ལམ་གྲོན་དོ་བདག་རང་ངོས་ནས་གཏང་དགོས་རྒྱུ།
  4. འབྲེལ་བ་ཞུ་བདེ་ཆེད་དོ་བདག་སོ་སོའི་ཁ་བྱང་དང་ཁ་པར་ཨང་། གློག་འཕྲིན་གྱི་ཁ་བྱང་བཅས་ངེས་འཁོད་དགོས་རྒྱུ།
  5. དགོས་ངེས་ཡིག་ཆ་ཚང་རིགས་རྣམས་དྷ་ས་ཤེས་རིག་ལས་ཁུངས་སུ་ ༢༠༡༨ ཟླ་ ༦ ཚེས་ ༢༥ ཉིན་རྒྱུགས་སྤྲོད་ཀྱི་ལམ་ནས་འདེམས་སྒྲུག་གནང་རྒྱུ་ཡིན་ན་དེ་སྐབས་ཡིག་ཆ་ངོ་མ་ཁག་མཉམ་འཁྱེར་གྱིས་ངོ་བཅར་དགོས་རྒྱུ།

གོང་གསལ་ལག་འཁྱེར་དང་ཡིག་ཆ་ཁག་གི་ངོ་བཤུས་སྟེང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འགན་འཛིན་ལས་བྱེད་ཟུང་དྲུང་ཡན་ནམ་ས་གནས་འགོ་འཛིན། ཡང་ན་བོད་མིའི་སློབ་གྲྭ་གང་རུང་གི་སློབ་སྤྱི་བཅས་སུ་རུང་ནས་ངོ་བཤུས་ཡིག་ཆ་ཁག་ངོ་བཤུས་འཁྲུལ་མེད་ཡིན་པའི་དག་མཆན་མཚན་རྟགས་ངེས་ཞུ་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས། ཕྱི་ལོ ༢༠༡༨ ཟླ་ ༢ ཚེས་ ༥ ལ།

Secretary
Department of Education
Central Tibetan Administration
Gangchen Kyishong
Dharamsala- 176215
Distt Kangra
H.P India Fax: 01892-223481Tel: 01892-222572/222721
Email: education@tibet.net/doe.educouncil@tibet.net
website: www.tcewf.org