བོད་ཕྲུག་ལས་འཆར་ཚོགས་པའི་ཕྱི་ལོ་༢༠༡༨ ལོའི་སློབ་ཡོན་གསལ་བསྒྲགས།

བོད་ཕྲུག་ལས་འཆར་ཚོགས་པའི་ཕྱི་ལོ་༢༠༡༨ ལོའི་སློབ་ཡོན་གསལ་བསྒྲགས།

༄༅། །བོད་ཕྲུག་ལས་འཆར་ཚོགས་པས་ཕྱི་ལོ་༢༠༠༢ ནས་བཟུང་བོད་ཕྲུག་ཉམ་ཐག་ལ་སློབ་ཡོན་ཕུལ་དང་འབུལ་མུས་ཁར། འདི་ལོ་བོད་ཕྲུག་ཉམ་ཐག་མཐོ་རིམ་སློབ་གཉེར་གནང་འདོད་ཡོད་ཀྱང་དཔལ་འབྱོར་གྱི་དཀའ་ངལ་ལ་བརྟེན་ནས་སློབ་སྦྱོང་གི་གོ་སྐབས་ལེན་མི་ཐུབ་པའི་སློབ་མ་ཉུང་མཐར་༢༠ ལ་བསླབ་པ་མཐར་མ་ཕྱིན་གྱི་བར་དུ་སློབ་ཡོན་འབུལ་རྒྱུ་གཏན་འཁེལ་བའི་ནང་ནས། འདི་ལོའི་འཛིན་རིམ་བཅུ་གཉིས་འཐོན་མཁན་སྦྱང་འབྲས་བརྒྱ་ཆ་༧༥ ཡན་ལེན་པའི་སློབ་མ་ལེགས་གྲས་གསུམ་ལ་ལོ་རེར་ཧིན་སྒོར་༧༥༠༠༠.༠༠ འབུལ་རྒྱུ་དང་། དེ་མིན་སློབ་མ་རྣམས་ཀྱི་སློབ་ཚན་གྱི་གནས་བབས་ལ་གཞིགས་ཏེ་ཧིན་སྒོར་༥༥༠༠༠.༠༠ ནས་༦༥༠༠༠.༠༠ བར་འབུལ་རྒྱུ་ཡིན།

དགོས་ངེས་མཐུན་རྐྱེན།

  1. བོད་ཕྲུག་ལས་འཆར་ཚོགས་པའི་དྲ་རྒྱ་ tcpconline.ca ནས་སློབ་ཡོན་འགེངས་ཤོག་ཕབ་ལེན་གྱིས་ཆད་ལུས་མེད་པར་དགང་རྒྱུ།
  2. དང་བླངས་དཔྱ་དེབ་ཀྱི་ཤོག་གྲངས་དང་པོ་དང་གཉིས་པ་དཔྱ་དངུལ་དུས་ཐོག་ཏུ་འབུལ་བཞིན་པའི་ངོ་བཤུས་དགོས་རྒྱུ།
  3. འཛིན་རིམ་བཅུ་གཉིས་པའི་ཐོན་པའི་ལག་འཁྱེར་དང་གྲུབ་འབྲས་ཨང་ཐོ་ངོ་བཤུས་དགོས་རྒྱུ། འོན་ཀྱང་ད་ལྟ་འཛིན་རིམ་བཅུ་གཉིས་འགྲོ་བཞིན་པ་སུས་ཀྱང་འཛིན་རིམ་བཅུ་གཉིས་ཀྱི་ལག་འཁྱེར་དང་གྲུབ་འབྲས་རྗེས་སུ་རག་མཚམས་ངོ་བཤུས་ངེས་པར་དུ་གཏོང་དགོས།
  4. ས་གནས་འགོ་འཛིན་ནས་རང་ཉིད་ཉམ་ཐག་ཡིན་པའི་རྒྱབ་གཉེར་ཕྱག་བྲིས་དགོས་རྒྱུ།
  5. དོ་བདག་རང་ཉིད་ཀྱི་ལོ་རྒྱུས་དང་། དམིགས་ཡུལ། སློབ་ཚན་གང་ཞིག་སྦྱང་འདོད་ཡོད་སྐོར་སྙིང་བསྡུས་འབྲི་དགོས།
  6. ཉེ་ཆར་བླངས་པའི་ཕྱེད་པར་གཉིས་གཏོང་དགོས།
  7. ཡིག་ཆར་ཞིབ་དཔྱད་ཀྱིས་བཤེར་ཐོ་དགང་རྒྱུ།

གོང་གསལ་དགོས་ངེས་ཡིག་ཆ་རྣམས་ tcpcscholarship@gmail.com ཞེས་པའི་གློག་འཕྲིན་ཁ་བྱང་དེའི་ཐོག་ཕྱི་ལོ་༢༠༡༨ ཟླ་ ༤ ཚེས་ ༢༢ འགྱངས་མེད་འབུལ་དགོས་པ་བཅས་སོ། །

Tibetan Children’s Project
261 Gamma Street, Toronto, Ontario M8W 4G9, Canada.
E-mail: tcpcsholarship@yahoo.com | Phone #: 416-836-4729