དཔེ་དེབ་ཆག་ཡང་གི་གསལ་བསྒྲགས།

ཤེས་རིག་པར་ཁང་ནས་དཔར་སྐྲུན་བྱས་པའི་དཔེ་དེབ་རྣམས་ཀ་སྡེ་དང་ཁ་སྡེ་ཞེས་སྡེ་ཚན་གཉིས་སུ་དབྱེ་སྟེ། ཀ་སྡེ་ལ་བརྒྱ་ཆ་༧༠ དང་། ཁ་སྡེ་ལ་བརྒྱ་ཆ་༥༠ བྱས་ཏེ་དམིགས་བསལ་ཆག་ཡང་བཏང་ནས་ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༥ ནས་ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༠ བར་ཚོང་བསྒྱུར་བྱེད་རྒྱུ་ལགས་ན། དགོན་སྡེ་དང་སློབ་གྲྭ་ཁག མི་སྒེར་སུ་རུང་ལ་དགོས་མཁོ་མཆིས་རིགས་ནས་ཟུར་སྦྱར་གྱི་རེའུ་མིག་ལྟར་ལྡི་ལི་ཡི་ཤེས་རིག་པར་ཁང་དབུས་ལས་ཁུངས་དང་། དྷ་སའི་ཤེས་རིག་པར་ཁང་གི་ཡན་ལག་ལས་ཁུངས་གཉིས་ལ་འབྲེལ་ལམ་ཞུས་ན་དེབ་ཁག་སྦྲག་གཏོང་ཞུ་རྒྱུ་དང་། སྦྲག་གླ་དང་སྦྲག་ཆས་དོ་བདག་སོ་སོ་ནས་འབུལ་དགོས་པ་དེ་དོན་དགོངས་འཇགས་འཚལ། ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢༩ ཉིན།

ལྡི་ལི་ཤེས་རིག་པར་ཁང་གི་འབྲེལ་གཏུག་ཁ་བྱང་།
Contact Address: Sherig Parkhang

R-27 & 28, Ramesh Park, Laxmi Nagar, Delhi-110092
Tel. No.: 91-11-22455634/22453672
Website: www.sherigparkhang.com
Email: shepardelhi@gmail.com

དྷ་སའི་ཡན་ལག་ལས་ཁུངས་ཀྱི་འབྲེལ་གཏུག་ཁ་བྱང་།

Contact Address: Sherig Parkhang

Session Road, Dharamsala‐176215,
Distt. Kangra, (H.P.)
Tel. No.: 91‐1892‐222673
Website: www.sherigparkhang.com
Email: tcrpcdhasa@gmail.com

ལྡི་ལི་ཤེས་རིག་པར་ཁང་ན་ཡོད་པའི་དེབ་ཐོ།

དྷ་སའི་ཡན་ལག་ལས་ཁུངས་ན་ཡོད་པའི་དེབ་ཐོ།