གཞི་རིམ་བར་མའི་བོད་ཡིག་སློབ་དེབ་བསྐྱར་ཞིབ་དང་འབྲེལ་བའི་འབྲི་རྩལ་ལ་རྟོག་ཞིབ་དང་རྒྱུས་ལོན་གནང་བ།

༄༅། །འདི་ག་ཤེས་རིག་ལས་ཁུངས་ནས་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལྟར་ཕྱི་ལོ་ ༢༠༡༢ ལོར་གཞི་རིམ་བར་མའི་བོད་ཡིག་སློབ་དེབ་གཏན་འབེབས་གནང་བ་དང་། ཕྱི་ལོ་ ༢༠༡༣ ལོར་རྒྱ་བལ་སློབ་གྲྭ་ཁག་ལ་སློབ་དེབ་དངོས་སུ་ལག་བསྟར་གནང་ནས་ད་ཆ་ལོ་ངོ་ལྔ་ལྷག་འགྲོ་མུས་ལ་བརྟེན་འདི་ལས་ནས་གཞི་རིམ་བར་མའི་སློབ་དགེ་རྣམས་ཀྱི་དགོངས་འཆར་གཞི་ལ་བཞག་སྟེ་གཞི་རིམ་བར་མའི་སློབ་དེབ་བསྐྱར་ཞིབ་གནང་མུས་དང་འབྲེལ།
སློབ་དེབ་འདིས་སློབ་མར་བོད་ཀྱི་སྐད་ཡིག་གི་ཤེས་ཚད་དང་རྩོམ་ཡིག་གི་འབྲི་རྩལ་ལ་དགེ་མཚན་ཇི་བྱུང་ཤེས་རྟོགས་ཆེད་འདི་ལོ་ཕྱི་ཟླ་བཞི་པར་སློབ་དུས་འགོ་འཛུགས་སྐབས་དྷ་ས་ཁུལ་དང་། མ་སུ་རི་ཁུལ། ལྷོ་ཕྱོགས་ཁུལ་བཅས་ཀྱི་སློབ་གྲྭ་ཁག་ཅིག་གི་འཛིན་རིམ་བདུན་པ་དང་བརྒྱད་པའི་སློབ་མའི་བོད་ཡིག་གི་ཤེས་ཚད་དང་རྩོམ་ཡིག་འབྲི་རྩལ་ལ་རྟོག་ཞིབ་གནང་ཡོད་པ་དང་། ད་ལན་སླར་ཡང་འདི་ཟླའི་ཚེས་ ༥ ནས་ ༡༡ བར་གོང་མཚུངས་སློབ་མ་རྣམས་ཀྱི་བོད་ཡིག་གི་ཤེས་ཚད་དང་རྩོམ་ཡིག་འབྲི་རྩལ་རྟོག་ཞིབ་ཀྱིས་རྒྱུས་ལོན་གནང་ཡོད་པ་བཅས།།

(6)